སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་གྲོང་གི་ཟས་རིགས་བདེ་འཇགས་ཀྱི་བཙོན་སྲུང་དོ་དམ་ཡག་པོ་བྱས་པ།

རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། ཁུལ་བཟོ་ཚོང་ཅུས་གསར་སྤེལ་ཁུལ་གྱི་ཡན་ལག་ཅུས་དང་། སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོང་ཅུས། རྫོང་སྤུས་ཀ་ལྟ་སྐུལ་ཅུས། རྫོང་ཞིང་འབྲོག་ཅུས། རྫོང་ས་བོན་ས་ཚིགས། འགུལ་འཕྲིན་སེམས་ཀྱི་ཉི་ཟླ་ཀུང་སི། རྫོང་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས་སྟག་མཆོང་གྲོག་རོང་གྲོང་རྡལ་དང་། དཔལ་འབྱོར་གསར་སྤེལ་ཁུལ། ཅིང་ཅང་གྲོང་རྡལ།  ཧྲང་ཅང་གྲོང་རྡལ་བཅས་སུ་ཟས་རིགས་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་འདྲི་རྟོག་བྱ་འགུལ་སྤེལ་བ་རེད། 
      དྲིལ་བསྒྲགས་ཤོག་བྱང་སྦྱར་བ་དང་། ཁྲིམས་ལུགས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སྟེགས་བུ་འཛུགས་པ། འཛད་སྤྱོད་པའི་དབང་ཆ་སྲུང་སྐོརགྱི་འདྲི་རྟོག་སྟེགས་བུ་འཛུགས་པ། འཛད་སྤྱོད་པའི་ཡར་གཏུགས་བདག་སྤྲོད་སྟེགས་བུ་འཛུགས་པ་བཅས་ལ་བརྟེན་ནས། ལས་བྱེད་པས་འཛད་སྤྱོད་པར་རྫུན་བསླུ་འདྲེས་མའི་ཚོང་ཟོག་དང་། དུས་བརྒལ་ཟས་རིགས་བཅས་ཀྱི་ངོ་འཛིན་བྱེད་སྟངས་རྒྱས་འགྲེལ་བྱས་པ་དང་། འབྲེལ་ཡོད་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་ལུགས་དྲིལ་བསྒྲགས་བྱས་ནས། ཚོང་གཉེར་བའི་ཁྲིམས་ལྟར་ཚོང་གཉེར་བྱེད་པའི་འདུ་ཤེས་མཐོར་འདེགས་བཏང་བ་དང་། དུག་འཚེ་གཉིས་ལྡན་གྱི་ཟས་རིགས་དག་ཁྲོམ་རར་འདྲེན་པར་བཙན་བཀག་བྱས་ཏེ། འཛད་སྤྱོད་བདེ་འཇགས་ལ་འགན་སྲུང་ནན་ཏིག་བྱས་པ་རེད། 
        བྱ་འགུལ་ཁྲོད་དུ་ལས་བྱེད་པས་མངའ་ཁོངས་ཀྱི་ཚད་བརྒལ་ཚོང་ར་སོ་སོ་དང་གཅིག་འདུས་ཚོང་རར་ཟབ་ཞུགས་བྱས་ནས་གཅིག་བསྡུས་ཀྱིས་ཞིབ་བཤེར་བཏང་བ། བསྡོམས་ཏེ་འཛད་སྤྱོད་པར་དྲིལ་བསྒྲགས་ཡིག་ཆ་20000ལྷག་བཀྲམ་པ་དང་། གཅིག་བསྡུས་ཀྱིས་དུས་བརྒལ་ཚོང་ཟོག(དུས་བརྒལ་བཟའ་བཏུང་དང་། རྫུན་བསླུ་འདྲེས་པའི་ཚོང་ཟོག་ཀྱང་གཏོགས་ཡོད།)སྤྱི་རྒྱ་1837རྩ་མེད་བཏང་བ།