སེམས་ཀྱི་ཉི་ཟླ་རྫོང་ནོར་སྲིད་སྡེ་ཁག་གིས་སྤྱི་ཚོགས་འགན་སྲུང་གི་མ་དངུལ་བདེ་འཇགས་ངང་འཁོར་རྒྱུག་བྱེད་རྒྱུ་ཁག་ཐེག་བྱས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་དང་པོར། སེམས་ཀྱི་ཉི་ཟླ་རྫོང་ནོར་སྲིད་སྡེ་ཁག་གིས་“ཧུར་ཐག་གིས་རྒྱབ་སྐྱོར་བྱེད་པ་དང་རང་འགུལ་གྱིས་ནང་དུ་ཞུགས་པ། སྤྲོ་སེམས་འཁོལ་བའི་ངང་ཞབས་འདེབས་ཞུ་བའི”བྱ་ཐབས་ལ་བརྟེན་ནས། ནོར་སྲིད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྩ་འཛུགས་དང་འཆར་གཞི་ལྡན་པའི་ལས་ཀ་སོ་སོ་སྤེལ་ཞིང་། སྤྱི་ཚོགས་འགན་སྲུང་གི་མ་དངུལ་བདེ་འཇགས་ངང་འཁོར་རྒྱུག་བྱེད་རྒྱུ་ཁག་ཐེག་བྱས།
        མ་དངུལ་འཇོག་པའི་ནུས་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་དོན་འཁྱོལ་ལ་ཁག་ཐེག་བྱས་པ། དུས་ཚིགས་དང་པོར། རྫོང་ཡོངས་ཀྱིས་གཞི་རྩའི་རྒན་གསོ་ཉེན་འགོག་འགན་ལེན་གྲོན་དངུལ་སྒོར6130568.32དང་། ལས་ཤོར་ཉེན་འགོག་འགན་ལེན་གྲོན་དངུལ་སྒོར3815137.61  གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་གཞི་རྩའི་སྨན་བཅོས་ཉེན་འགོག་འགན་ལེན་གྲོན་དངུལ་སྒོར20556891.22  གྲོང་གསེབ་མཉམ་འབྲེལ་སྨན་བཅོས་གསར་པའི་ཉེན་འགོག་འགན་ལེན་གྲོན་དངུལ་སྒོར6208762.08  གཞུང་ཞབས་པའི་སྨན་བཅོས་མ་དངུལ་སྒོར9368473.73སོགས་སྡུད་པ།
        དོ་དམ་ཆུ་ཚད་མཐོ་རུ་བཏང་ནས། འགྲོ་སོང་གཏོང་ཚད་མགྱོགས་སུ་བཏང་བ།  སྔར་ལས་ལྷག་པར་ཐེབས་རྩའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།ཐེབས་རྩ་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་བྱེད་རྒྱུ་ཁག་ཐེག་བྱས་པ་རེད། དུས་ཚིགས་དང་པོར། རྫོང་ཡོངས་ཀྱིས་གཞི་རྩའི་རྒན་གསོ་ཉེན་འགོག་ལ་སྒོར8144754.19དང་། ལས་ཤོར་ཉེན་འགོག་ལ་སྒོར165570.32  གྲོང་གསེབ་མཉམ་འབྲེལ་སྨན་བཅོས་གསར་པའི་ཉེན་འགོག་ལ་སྒོར5324545.1སོགས་བཏང་བ་རེད།
        ཡོངས་སྒྲགས་དང་དྲང་པོའི་བཀོལ་སྤྱོད་སྤེལ་ནས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།རྣམ་གྲངས་མ་དངུལ་གྱི་ཕན་འདོགས་དང་དོ་དམ་བྱ་ཐབས་ཀྱི་བླང་བྱ་ལ་གཞིགས་ནས། དོ་དམ་ཚད་ལྡན་ཅན་དུ་འགྱུར་བ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། མ་དངུལ་གྱི་བཀོད་སྒྲིག་དང་བགོ་བཤའ་རྒྱག་པ། སྤྱོད་པ། ཕྱི་དུས་ཀྱི་རྗེས་སྙེག་སོགས་གནད་འགག་སོ་སོ་ལྟར། མ་དངུལ་གྱི་འཁོར་རྒྱུག་བྱེད་རིམ་ཡོངས་ལ་ཁེབས་པའི་ཕུགས་ཕན་ལྟ་སྐུལ་ལམ་ལུགས་བཙུགས་ཏེ། སྤྱི་ཚོགས་འགན་སྲུང་མ་དངུལ་བདེ་འཇགས་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱས་པ་རེད།