བོད་ལྗོངས་ཀྱི་“ཐང་ག་བརྒྱའི་འདུ་འགོད”ཀྱི་བརྩམས་ཆོས་འདེམས་པའི་ལས་ཀ་ཟླ6པར་མཇུག་སྒྲིལ་རྒྱུ་ཡིན་པ

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    ཞིན་ཧྭ་དྲ་བ།

        “ཐང་ག་བརྒྱའི་འདུ་འགོད”ནི་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་བརྗོད་དོན་གཙོ་བོར་བྱས་པའི་ལས་གྲྭ་ཞིག་ཡིན་ཏེ་ན་ནིང་ཟླ་ལྔ་པར་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད། 
      མིག་སྔར“ཐང་ག་བརྒྱའི་འདུའི་འགོད”ཀྱི་དུས་ཐེངས་དང་པོའི་བརྩམས་ཆོས་འདེམས་པའི་ལས་དོན་ཕྱེད་ཀ་ལྷག་ལེགས་གྲུབ་ཟིན་པ་དང་དེ་མིན་བརྩམས་ཆོས་དག་མུ་མཐུད་འདེམས་སྒྲུག་བྱེད་བཞིན་ཡོད་པས་ད་ཐེངས་ཀྱི་བརྩམས་ཆོས་འདི་ལོའི་ཟླ་6པར་འདེམས་ཚར་རྒྱུ་ཡིན་པ།
      ཤེས་གསལ་བྱུང་དོན། “ཐང་ག་བརྒྱའི་འདུ་འགོད”ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་ཟིལ་རླབས་དགུང་འཕྱུར་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་དང་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོས་བརྗོད་དོན་གཙོ་བོ་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་རིང་གི་ལོ་རྒྱུས་མི་སྣ་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན། ལོ་རྒྱུས་ཀྱི་ས་ཆ་གལ་ཆེན། ལོ་རྒྱུས་ཀྱི་འགྱུར་ལྡོག་གལ་ཆེན་བཅས་མཚོན་པའི་ཐང་ག་རྩེ་གྲ་100གསར་རྩོམ་བྱ་རྒྱུ་ཡིན་པ་དང་ཡུན་རིང་ལྷ་ས་གྲོང་ཁྱེར་དུ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།  
      “ ཐང་ག་བརྒྱའི་འདུ་འགོད”ཀྱི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཧན་ཧྲུའུ་ལིས“ཐང་ག་བརྒྱའི་འདུ་འགོད”ནི་བོད་ལྗོངས་ཀྱིས་ཐང་གའི་རི་མོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་བ། བོད་ཀྱི་ཐང་གའི་རི་མོའི་སྒྱུ་རྩལ་ཀྱི་མཚོན་སྟངས་རྣམ་པ་མུ་མཐུད་རྒྱ་ཆེར་གཏོང་བ། ཐང་གའི་སྒྱུ་རྩལ་གྱིས་སྤྱི་ཚོགས་ལ་ཞབས་འདེགས་དང་རྒྱ་ཆེའི་མང་ཚོགས་ལ་སློབ་གསོ་གཏོང་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཐང་གའི་སྒྱུ་རྩལ་ལྟེ་གནས་སུ་རིམ་བཞིན་བསྐྲུན་རྒྱུ་བཅས་ཀྱི་ཆེད་དུ་སྤེལ་བའི་བྱེད་སྒོ་གལ་ཆེན་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།  
      གཞན་ཡང“ཐང་ག་བརྒྱའི་འདུ་འགོད”བདེ་བླག་ངང་ལག་བསྟར་བྱ་ཆེད། བོད་ལྗོངས་ཀྱིས་ཆེད་མངགས་རི་མོའི་རྣམ་གྲངས་འགོ་ཁྲིད་ཚོགས་ཆུང་དང་། ལོ་རྒྱུས་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་། སྒྱུ་རྩལ་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་བཅས་བཙུགས་ནས་འདུ་འགོད་དེའི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་དང་། མཛུབ་སྟོན་བློ་འདྲི། སྒྲིག་འཛུགས་ལག་བསྟར་བཅས་ཀྱི་འགན་འཁུར་བ་དང་།དེའི་ནང་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གཉིས་ལ་བོད་ཀྱི་ལོ་རྒྱུས་དང་།ཆོས་ལུགས།དམངས་སྲོལ་སོགས་ཐད་ཀྱི་སྐད་གྲགས་ཡོད་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཡོད་པ་རེད།(ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས།)