བདེ་ཆེན་ཁུལ་གྱིས་ལྔ་བཞིའི་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།


        ཟླ5པའི་ཚེས4ཉིན། གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུས2013ལོའི“ལྔ·བཞི་”ལས་འགུལ་ལོ94འཁོར་བར་རྗེས་དྲན་བྱེད་པའི་གསར་བརྗེའི་གླུ་གཞས་མཉམ་ལེན་གྱི་འགྲན་བསྡུར་སྒྲིག་འཛུགས་བྱས་པ།  རང་ཁུལ་གྱི་སློབ་གྲྭ་དང་། དམག་དཔུང་། འཕྲོད་བསྟེན། ཡུལ་སྐོར་སོགས་ལས་རིགས12ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ།                 (ལི་ཞའོ་ཚུའེ་ཡིས་པར་བླངས།)


        


        ཟླ4པའི་ཚེས30ནས་ཟླ5པའི་ཚེས3ཉིན་བར། བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་བྱས་ནས་ལྔ་བཞིའི་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།            (ཧོ་ཆི་ཀོང་གིས་པར་བླངས།)


        ཟླ5པའི་ཚེས4ཉིན། སེམས་ཀྱི་ཉི་ཟླ་རྫོང་སྐབས་དྲུག་པའི“ཤམ་བྷ་ལ་བུམ་པའི”ལས་ཞོར་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སེམས་ཀྱི་ཉི་ཟླ་རྫོང་ལུས་རྩལ་ཁང་དུ་འགོ་ཚུགས་པ།    (ཀྲོའུ་དབྱི་ལིང་གིས་པར་བླངས།)


        ཟླ5པའི་ཚེས3ཉིན། བདེ་ཆེན་རྫོང་སློབ་ཆུང་དང་པོས་གླུ་བཞས་མཉམ་ལེན་འགྲན་བསྡུར་སྡུད་དེ། སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ41གི་གླུ་བཞས་མཉམ་ལེན་ཚོགས་ཁག24གླུ་བཞས་མཉམ་ལེན་འགྲན་བསྡུར་དུ་ཞུགས་པ་རེད། 
(རྒྱ་མཚོས་པར་བླངས།)


        ཟླ5པའི་ཚེས3ཉིན་གྱི་ཕྱི་དྲོར། སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པས་སློབ་མ་རྣམས་ཀྱིས་ལུས་རྩལ་འགྲན་ཚོགས་ཐོག་མི་གཉིས་རྐང་པ་གསུམ་གྱི་མུ་མཐུད་འགྲན་བསྡུར་དུ་ཞུགས་པ།                       (ཧྲི་ཞུའེ་ཆུན་གྱིས་པར་བླངས།)


        སློབ་བུ་ཞིག་ལུས་རྩལ་འགྲན་ཚོགས་ཐོག་མཐོ་མཆོང་གི་ཚན་པར་ཞུགས་པ། ཉེ་ཆར། བདེ་ཆེན་རྫོང་སློབ་འབྲིང་གིས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སྡུད་བ། འཛིན་གྲྭ50ཡི་སློབ་མ2200མི་སྒེར་དང་ཚོགས་སྤྱིའི་འགྲན་བསྡུར་རྣམས་གྲངས་སུ་ཞུགས་པ་རེད།   (རྒྱ་མཚོས་པར་བླངས།)


        གཞོན་ནུའི་དུས་ཆེན་གྱི་བར་སྐབས་སུ། བདེ་ཆེན་ཡན་ལག་དམག་ཁུལ་གྱིས་དམག་མི་ཚོ་སྒྲིག་འཛུགས་བྱས་ནས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སྤེལ་བས། “དད་སེམས་བརྟན་པོ་འཛིན་ནས། དམག་མའི་སྙིང་སྟོབས་སྲ་པོར་གཏོང་བའི” བརྗོད་བྱ་གཙོ་བོའི་སློབ་གསོ་བྱེད་སྒོའི་ཚ་རླབས་འཕྱུར་བ།