ལྔ་བཞིའི་ལས་འགུལ་དང་གཞོན་ནུའི་དུས་ཆེན་གྱི་གནས་ཚུལ་མདོར་བསྡུས།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        ལྔ་བཞིའི་ལས་འགུལ་ནི་སྤྱི་ལོ 1919 ལོའི་ཟླ 5 པའི་ཚེས 4 ཉིན།  ཀྲུང་གོའི་པེ་ཅིང་དུ་ཐོན་པའི་གཞོན་ནུ་སློབ་མ་གཙོ་བོར་བྱེད་པའི་སློབ་མའི་ལས་འགུལ་ཞིག་ཡིན་པ་དང་། ད་དུང་རྒྱ་ཆེ་བའི་མང་ཚོགས་དང་། གྲོང་ཁྱེར་གྱི་སྡོད་མི། བཟོ་ཚོང་ལས་རིགས་ཀྱི་མི་སྣ་དང་གྲལ་རིམ་འབྲིང་དམའ་རྣམས་མཉམ་དུ་ཞུགས་པའི་རྣམ་པ་མང་པའི་རྒྱལ་གཅེས་ལས་འགུལ་ཞིག་རེད།
        ལྔ་བཞིའི་ལས་འགུལ་གྱི་འབོད་ཚིག་ལ “པ་ལི་ཞི་ཆིངས་ཐོག་མིང་འགོད་རྒྱུ་མིན།” དང་ “སྲོལ་ཡིག་ཉེར་གཅིག་མེད་དུ་བཟོ་དགོས” “ཕྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་དབང་ཆ་བརྩོན་ལེན་བྱེད་པ་དང་། ནང་དུ་རྒྱལ་འཚོང་ནང་རུལ་པ་ཉེས་ཆད་གཅོད་དགོས” སོགས་ཡིན། ལྔ་བཞིའི་ལས་འགུལ་ནི་རྩ་བ་ནས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་རྩ་བ་ནས་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ཡིན། ཐེངས་འདིའི་ལས་འགུལ་ཁྲོད་དུ། འབྱོར་མེད་གྲལ་རིམ་ཆབ་སྲིད་ཀྱི་གར་སྟེགས་ཐོག་སླེབས་པ་མ་ཟད་གཙོ་ཤུགས་དམག་དཔུང་དུ་འགྱུར་བ་དང་། གཞོན་ནུ་སློབ་མས་གདོང་ལེན་གྱི་ནུས་པ་འདོན་སྤེལ་བྱས་པ།  
        ལྔ་བཞིའི་ལས་འགུལ་ནི་ཀྲུང་གོ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་འགོ་ཚུགས་ས་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྲུང་གོར་དར་ཁྱབ་གཏོང་བ་ལ་སྐུལ་སྤེལ་བཏང་བ་དང་། མར་ཁེ་སིའི་རིང་ལུགས་དང་ཀྲུང་གོའི་བཟོ་བའི་ལས་འགུལ་དང་ཟུང་འབྲེལ་བྱེད་པར་སྐུལ་སྤེལ་བཏང་བ། བསམ་བློ་དང་ལས་བྱེད་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་དབུ་བརྙེས་ཀྱི་ཆེད་དུ་གྲ་སྒྲིག་བྱས་ཡོད་པ་རེད།
        1949ལོའི་ཟླ12པར། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གིས་ཟླ 5 པའི་ཚེས 4 ཉིན་ལ་ཀྲུང་གོ་གཞོན་ནུའི་དུས་ཆེན་གཏན་འཁེལ་བྱེད་པར་ཡོངས་བསྒྲགས་བྱས་པ། དེ་ནས་བཟུང་། གཞོན་ནུའི་དུས་ཆེན་གྱི་བར་སྐབས་སུ། ཀྲུང་གོའི་ས་གནས་ཚང་མས་སྣ་མང་ཕུན་སུམ་ཚོགས་པའི་རྗེས་དྲན་བྱེད་སྒོ་སྤེལ་བ་དང་། གཞོན་ནུ་རྣམས་ཀྱིས་ད་དུང་མཉམ་དུ་སྣ་མང་གི་སྤྱི་ཚོགས་དང་ལེན་དང་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་བ། ལྔ་བཞིའི་སྙིང་དོན་གཙོ་བོ་ནི“རྒྱལ་གཅེས་དང་།  སྔོན་ཐོན།  དམངས་གཙོ།  ཚན་རིག་དང་མཐུན་པ”ཡིན་པ་རེད།