ཀྲུང་གོ་གུང་གཞོན་ཚོགས་པར་སྡེ་ཚོགས་ཁྲི་8990.6ཡོད་པ།གཞི་རིམ་སྡེ་ཚོགས་རྩ་འཛུགས་ཁྱོན་ཁྲི་359ཡོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར་་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་གསར་འགོད་པས་ཤེས་རྟོགས་བྱས་གསལ།སྡེ་ཚོགས་ཀྲུང་དབྱང་རྩ་འཛུགས་པུས་སྤྱི་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་གཞིར་བཟུང་2012ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་གུང་གཞོན་སྡེ་ཚོགས་ཁྲི་8990.6དང་གཞི་རིམ་སྡེ་ཚོགས་རྩ་འཛུགས་ཁྲི་359ཡོད་པའི་ནང་གཞི་རིམ་སྡེ་ཚོགས་ཨུ་ལྷན་ཁྲི་27.1དང་།གཞི་རིམ་སྡེ་ཚོགས་ལས་དོན་ཨུ་ལྷན་ཁྲི་2.2 སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་ཁྲི་21སྡེ་ཚོགས་ཀྲི་པུའུ་ཁྲི་308.7བཅས་ཡོད་པ་རེད།