ཧྲང་ཧེའི་མིན་ཧང་ཆུས་ཀྱིས་དབུལ་ཕོངས་སློབ་མ་46་ལ་རོགས་དངུལ་སྤྲད་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་21ཉིན་གྱི་ཕྱི་དྲོར། ཧྲང་ཧེའི་མིན་ཧང་ཆུས་སློབ་གསོ་ཅུས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གསུམ་པའི་དབུལ་ཕོངས་སློབ་མ་46ལ་རོགས་སྐྱོར་བྱས་པ། རོགས་སྐྱོར་ཐོབ་པའི་སློབ་མ་རྣམས་མི་རེར་སྒོར་2500ནས་སྒོར་8000བར་མི་འདྲ་བའི་རོགས་སྐྱོར་མ་དངུལ་ཐོབ་པ་དང་།རོགས་སྐྱོར་མ་དངུལ་བསྡོམས་ནས་སྒོར་141000ཟིན་པ།
        རོགས་སྐྱོར་ཞལ་འདེབས་འབུལ་བའི་བྱེད་སྒོའི་ཐོག  ཧྲང་ཧེའི་མིན་ཧང་ཆུས་སློབ་གསོ་ཅུས་ཀྱི་འཐུས་མིས་སློབ་མ་ཚོར་སློབ་སྦྱོང་འབད་བརྩོན་བྱས་ནས་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མི་ཞིག་བྱེད་པར་སྐུལ་འདེགས་བྱས་པ། རོགས་སྐྱོར་ཐོབ་པའི་སློབ་མ་རྣམས་ཀྱིས་མ་འོངས་པའི་སློབ་སྦྱོང་ཁྲོད་འབད་བརྩོན་ལྷོད་མེད་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་སྤྱི་ཚོགས་ལ་དྲིན་ལེན་འཇལ་རྒྱུའི་ཆོད་སེམས་བསྟན་པ་རེད།