སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཚོ་བཅུད་ཟས་ལ་སྒོར་ཁྲི་3000གཏོང་ཚར་བ།

རྩོམ་པ་པོ།   བསོད་ནམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། གསར་འགྱུར་བས་ཁུལ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་དོན།རང་ཁུལ་གྱིས་ན་ནིང་ནས་བཟུང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ཟས་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པའི་ཚུན་ལ།རིམ་བསགས་ཀྱིས་བརྩིས་ན་སྒོར་ཁྲི་3000བཏང་ཡོད་པ་རེད།མིག་སྔར།སྲིད་གཞུང་གིས་འོས་འཚམ་གྱི་ལྟ་སྐུལ་ནང་རྐྱེན་ཡང་བཙུགས་ཡོད་པས།དེ་ནས་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མས་དམངས་ཕན་སྲིད་ཇུས་འདི་དངོས་སུ་ལོངས་སྤྱོད་ཐུབ་པར་ཁག་ཐེག་བྱས་པ་རེད།
        ན་ནིང་གི་ལོ་མཇུག་བར།ཁུལ་ཡོངས་སུ་སློབ་གྲྭ་འབྲིང་ཆུང་ཁག་102ཡོད་དེ།སློབ་གྲྭར་སློབ་ཞུགས་སློབ་མ་ཁྱོན་བསྡོམས་43840ཡོད།ན་ནིང་སྲིད་གཞུང་གིས་རྣམ་གྲངས་འདིར་མ་དངུལ་སྒོར་ཁྲི་1994.16བཏང་ཞིང་།སློབ་མའི་མི་འབོར་གྱི་འགྱུར་བ་ལྟར།ད་ལོར་མ་དངུལ་སྒོར་ཁྲི་1570.34བཏང་བ་རེད།
        མ་དངུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞིའི་ལག་བསྟར་འགན་སྲུང་བྱེད་ཆེད།ཁུལ་སྲིད་གཞུང་གིས་ད་དུང་ལས་བགོས་འགན་གཉེར་བྱེད་མཁན་ཁུལ་གཙོ་གཞོན་པས་ཚོགས་ཆུང་གི་འགོ་འཛིན་བྱེད་པ་དང་།ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གིས་ཚོགས་ཆུང་གི་འགོ་འཛིན་གཞོན་པ་བྱེད་པ།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་ཁོངས་མི་བྱེད་པའི་ཁུལ་ཡོངས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད།དུས་མཚུངས་སུ་《བདེ་ཆེན་ཁུལ་གྲོང་གསེབ་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞིའི་ལག་བསྟར་འཆར་གཞི》བཏོན་པ་རེད།
        རྫོང་སོ་སོའི་སློབ་གསོ་ཅུས་ཀྱིས་མཐོ་སྒང་གི་ཞིང་འབྲོག་པའི་བུ་ཕྲུག་སློབ་མའི་འཚོ་བའི་ཁ་གསབ་རོགས་རམ་དང་འཚོ་བཅུད་ཟས་ལ་ཟུང་འབྲེལ་བྱེད་པའི་ཆེད་ཚན་མ་དངུལ་གྱི་ཐོ་ཁོངས་བཙུགས་ཏེ་མ་དངུལ་གྱི་དོ་དམ་ལམ་ལུགས་ནན་པོ་བྱེད་པ་དང་རྩིས་ཁྲ་འབུལ་བའི་འགྲོ་ལུགས་ནན་པོ་བྱེད་པ།ཆེད་དངུལ་ཆེད་སྤྱོད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པའི་དུས་མཚུངས་སུ་སློབ་གྲྭ་ལ་འཚོ་བཅུད་ཟས་ཀྱི་མ་དངུལ་འགྲེམས་གཏོང་བྱས་ཏེ།མ་དངུལ་དུས་ཐོག་ཏུ་འབྱོར་བ་དང་མ་དངུལ་དོ་དམ་ཚན་རིག་དང་མཐུན་པ་དང་།ནོར་དོན་གྱི་གོ་རིམ་ནན་པོ་བྱེད་རྒྱུ་ཁག་ཐེག་བྱས་པ་རེད།