“སློབ་སྦྱོང་ཅན”གྱི་འགོ་ཁྲིད་ཚོ་ཆུང་གི་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་རྫོང་གིས་ཧུར་ཐག་ངང་“སློབ་སྦྱོང་ཅན་གྱི་”འགོ་ཁྲིད་ཚོ་ཆུང་འཛུགས་སྐྲུན་བྱེད་དེ། མུ་མཐུད་དུ་ལས་བྱེད་པའི་དྲག་དཔུང་གི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོར་གཏོང་བ་དང་། ཤེས་བྱའི་སྒྲིག་གཞི་ལེགས་སྒྲིག་བྱེད་པ། ལས་ཀའི་ནུས་པ་མཐོར་གཏོང་བ་རེད།
        ཤང་གྲོང་འགོ་ཁྲིད་ཚོ་ཆུང་གི་སྐབས་བརྗེ་བ་དང་འགོ་ཁྲིད་ཚོ་ཆུང་དུ་ཁོངས་མི་གསར་པ་མང་བའི་དངོས་ཡོད་དང་བཟུང་འབྲེལ་བྱས་ཏེ།རྫོང་དེས་ཤུགས་འདོན་ནས་འགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་ཚན་རིག་རིགས་པའི་གཞུང་ལུགས་དང་།ཕུགས་བསམ་ཡིད་ཆེས། རྩ་བའི་སྙིང་དོན། དམངས་གཙོ་གཅིག་བསྡུས་ལམ་ལུགས། སྲིད་དོན་གཙང་སྐྱོང་གི་སློབ་གསོ་སོགས་ཤུགས་ཆེར་བཏང་བ་དང་།འགོ་ཁྲིད་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོར་བཏང་བ་རེད། གསོ་སྦྱོང་བྱས་ནས་རིམ་པ་ཁག་གི་འགོ་ཁྲིད་ཚོ་ཆུང་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པའི་སྤྱི་པའི་ཞབས་ཞུ་དང་། སྤྱི་ཚོགས་དོ་དམ། བརྟན་ལྷིང་འགན་སྲུང་། མང་ཚོགས་ཀྱི་ལས་ཀ གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་ཇེ་ཆེར་བཏང་བ།ད་ལོར་རྫོང་དེས་བརྗོད་བྱ་གཙོ་བོའི་གསོ་སྦྱོང་འཛིན་གྲྭ་སྐབས9དང་།འབྲོག་ཁུལ་རྒྱུན་འཁོར་ཏང་གི་སློབ་གྲྭ་ཐེངས11ཆིན་ཧྭ་སློབ་གྲྭ་ཆེན་མོ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཐག་རིང་སློབ་གསོ་གསོ་སྦྱོང་ཐེངས2སོགས་སྒྲིག་འཛུགས་བྱ་རྒྱུ་དང་། ལས་བྱེད་པ16བདམས་ནས་དར་རྒྱས་ཆེ་བའི་ས་ཁུལ་དུ་ལས་འགན་ཁུར་ནས་སློབ་སྦྱོང་བྱེད་དུ་བཅུག་སྟེ།ཏང་ཡོན་ལས་བྱེད་པ་ལ་ཆབ་སྲིད་སྟོབས་ལྡན་དང་། སྤྱོད་ཚུལ་ཡག་པ། ཏང་དོན་དང་བྱེད་སྒོ་མཁས་པ། མང་ཚོགས་ཀྱི་ལས་ཀ་བྱེད་ཤེས་པའི་ལས་བྱེད་པའི་དྲག་དཔུང་གསོ་སྐྱོང་བྱེད་རྒྱུ་རེད།