བདེ་ཆེན་རྫོང་བྲག་ཞབས་ཤང་གིས་འབོར་ཐེངས་དང་པོའི་འབྲུ་གསོག་ཁང་བཙུགས་པ།​

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་རྫོང་བྲགས་ཞབས་ཤང་གིས་རྒྱལ་ཁབ་ཞིང་དུད་ཀྱི་ཚན་རིག་དང་མཐུན་པའི་འབྲུ་གསོག་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ། འབོར་ཐེངས་དང་པོས་ཞིང་དུད་500ལ་བཀོད་སྒྲིག་བྱེད་པའི་ཚོན་ཁྲའི་ལྕགས་ཤོག་སྡེབ་སྒྲིག་ཁང་པ་བསྡོམས་པས་500སྤྲད་པ་དང་སྒྲིག་སྦྱོར་བྱས་ཚར་བ་རེད།དེ་འདྲའི་རྒྱལ་ཁབ་ཀྱིས་རོགས་དངུལ་སྤྲད་ནས་བཙུགས་པའི་རྣམ་པ་གསར་པའི་འབྲུ་ཁང་ལ་བྲག་ཞབས་ཞིང་པའི་དགའ་བསུ་ཐོབ་པ་རེད།    
        དུས་ཡུན་རིང་པོ་ནས་བཟུང་།ཞིང་དུད་ཀྱི་འབྲུ་གསོག་བྱེད་ཁང་ཞན་པ་དང་།བདག་ཚགས་དོ་དམ་གྱི་ཆུ་ཚད་དམའ་བ།མང་ཆེ་བའི་འབྲུ་རིགས་ཁང་པ་དང་། ར་བ། ཁང་སྟེང་དུ་བཞག་སྟེ། བྱི་བའི་གནོད་འཚེ་དང་། འབུ་སྐྱོན། རུལ་སུངས་སུ་འགྱུར་བ་སོགས་གནོད་སྐྱོན་ཐེབས་ནས།ཐོན་རྗེས་ཀྱི་འབྲུ་རིགས་ལ་གོད་ཀ་ཕོག་པ། ཞིང་དུད་ཀྱི་འབྲུ་གསོག་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྲུ་རིགས་ཀྱི་ཤོར་ཚད་ཉུང་དུ་གཏོང་ཞིང་།ཞིང་པའི་ཡོང་འབབ་མཐོ་རུ་གཏོང་བའི་ཆེད། རྒྱལ་ཁབ་ཀྱིས་ཞིང་དུད་ཀྱི་ཚན་རིག་དང་མཐུན་པའི་འབྲུ་གསོག་ལས་གྲྭ་ལག་བསྟར་བྱས་པ། རྣམ་གྲངས་ཀྱི་གནས་འདེམས་བླང་བྱ་དང་མཐུན་པའི་ཆེད་རོང་ཁུལ་གྱི་ཞིང་དུད་ཀྱིས་ཚད་ལྡན་ཅན་གྱི་རྣམ་པ་ཆུང་བའི་འབྲུ་ཁང་བཙུགས་པ་དང་། ཞིང་དུད་ལ་ཚན་རིག་དང་མཐུན་པའི་འབྲུ་གསོག་ལག་རྩལ་ཁྲིད་སྟོན་བྱས་པ།
        ཞིང་དུད་ཀྱི་ཚན་རིག་དང་མཐུན་པའི་འབྲུ་གསོག་ལས་གྲྭ་ནི་ཞིང་པའི་ཡོང་སྤར་དང་།མ་བཅོས་འབྲུ་རིགས་ཀྱི་གཙང་སྦྲ།འབྲུ་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ།ནུས་ཁུངས་གྲོན་ཆུང་གཏོང་བ།གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་གྲོང་གསེབ་འཛུགས་པ་ལ་སྐུལ་འདེད་གཏོང་བར་ཕན་ནུས་ཡོད་པ་རེད།