འབའ་ལུང་རྫོང་གིས་2013ལོའི་སྐོར་གཟིགས་ལས་ཀ་སྤེལ་འགོ་ཚུགས་པ།

རྩོམ་པ་པོ།   ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  འབའ་ལུང་རྫོང་ཨུའི་བཀོད་སྒྲིག་ལྟར།འབའ་ལུང་རྫོང་ཨུའི་སྐོར་གཟིགས་ཚོགས་ཆུང་གིས་ཟླ་4པའི་ཚེས་22ནས་བཟུང་། རྫོང་ཨུའི་གཞུང་ལས་ཁང་དང་། རྫོང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། རྫོང་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ།རྫོང་ཨུའི་ཏང་གི་སློབ་གྲྭ་བཅས་ལས་ཁུངས་བཞིར་སྐོར་གཟིགས་ལས་ཀ་སྤེལ་བ་དེས། རྫོང་ཨུའི་སྐོར་གཟིགས་ལས་ཀ་དེ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚར་བ་མཚོན་ཡོད།
        སྐོར་གཟིགས་ལས་ཀའི་རེ་བར་གཞིགས་ནས།སྐོར་གཟིགས་ལས་ཀ་དེ་གཙོ་བོ་སྐུལ་སློང་གཏམ་བཤད་དང་། དམངས་གཙོས་ཚོད་དཔྱད།  ཞིབ་དཔྱད་དྲི་ཤོག་བཀྲམ་པ། དཔྱད་ཆར་བལྟ་བ། དམངས་གཙོའི་འཚོ་བའི་ཚོགས་འདུ་ཚོགས་པ།  སྒེར་དུ་གཏམ་བཤད་བྱེད་པ་བཅས་ཀྱི་རྣམ་པར་བརྟེན་ནས་སྤེལ་རྒྱུ་ཡིན། རྫོང་ཨུའི་སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱ་ཡུལ་གཙོ་བོ་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་བཅོ་བརྒྱུད་པའི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་དང་།རྫོང་ཨུའི་“ཀུན་སྤྱོད་འཛུགས་བསྐྲུན་ལོ་”དང་“རྣམ་གྲངས་འཛུགས་བསྐྲུན་ལོ་”བཅས་ཀྱི་ལས་ཀ་ཁག   ཏང་སྤྱོད་སྲིད་གཙང་འཛུགས་བསྐྲུན་དང་། ལས་བྱེད་པའི་ཀུན་སྤྱོད་འཛུགས་བསྐྲུན།   དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱེད་པ་དང་གཞི་རིམ་གྱི་རྩ་འཛུགས་འཛུགས་བསྐྲུན་ཤུགས་ཆེར་བཏང་བའི་གནས་ཚུལ། འགོ་ཁྲིད་རུ་ཁག་དང་དེའི་ཁུངས་མིས་དཔྱད་བརྗོད་དང་བསམ་འཆར།ལྷག་པར་དུ་ཏང་སྲིད་འགོ་ཁྲིད་སྐོར་གྱི་ཕྱོགས་བསྡོམས་དཔྱད་བརྗོད་དང་བསམ་འཆར་བཅས་ལ་ཕྱོགས་ཡོངས་ནས་གོ་རྟོགས་བྱུང་རྒྱུ།