ད་ལོར་ཡུན་ནན་གྱི་སློབ་ཆེན་གསུམ་གྱིས་རང་ཁུལ་དུ་དམིགས་བསལ་སློབ་མ་50བསྡུ་ལེན་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།   ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་ཁུལ་སློབ་མ་བསྡུ་ལེན་གཞུང་ལས་ཁང་ནས་གོ་རྟོགས་བྱུང་དོན། ད་ལོ་ནས་བཟུང་ཡུན་ནན་དགེ་འོས་སློབ་ཆེན་དང་། ཡུན་ནན་ཞིང་ལས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན་གསུམ་གྱིས་དམིགས་བསལ་གྱིས་རང་ཁུལ་དུ་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་50བསྡུ་ལེན་བྱ་རྒྱུ། 
       གོ་རྟོགས་བྱུང་བ་ལྟར་ན། ཕན་ལྡན་སྲིད་ཇུས་དེ་གཙོ་བོ་ན་ནིང་འཚོགས་པའི་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་ཆེད་གཉེར་ཚོགས་འདུའི་དགོངས་དོན་ལས་ཐོན་པ་དང་། དམིགས་ཡུལ་ནི་གོམ་གང་མདུན་སྤོས་ཀྱིས་བོད་ཁུལ་ལ་རོགས་རམ་བྱས་ནས་མི་སྣའི་རུ་ཁག་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ལ། བདེ་ཆེན་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་བློ་རིག་གི་རྒྱབ་སྐྱོར་མཁོ་སྤྲོད་བྱ་ཆེད་ཀྱང་ཡིན། 
       ད་སྔར། སློབ་ཆེན་གསུམ་གྱིས་དངོས་སུ་རང་ཁུལ་དང་སློབ་མ་བསྡུ་ལེན་གྱི་གན་རྒྱ་འགོད་ཚར། ད་ལོ་ནས་བཟུང་། རང་ཁུལ་གྱིས་ཚད་གཞི་རིམ་པ་གསུམ་ཅན་དུ་སླེབས་པའི་མཐོ་རིམ་སློབ་འབྲིང་སློབ་མས་ཡིག་ཚགས་སྐུར་ཚར་རྗེས། སློབ་ཆེན་དེ་དག་གིས་རྒྱུགས་སྐར་མཐོ་གྲས་ནས་བདམས་ཏེ་བསྡུ་ལེན་བྱ་རྒྱུ། ད་ལོའི་འབྲེལ་ཡོད་ཆེད་ལས་དག་གྲོས་མོལ་བྱེད་བཞིན་པ་ཡིན།
        དེ་མིན་ཡུན་ནན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་དང་། ཁུན་མིན་སློབ་འབྲིང་དང་པོ། ཞིང་ཆེན་མི་རིགས་སློབ་འབྲིང་བཅས་ཞིང་ཆེན་རིམ་པ་དང་པོའི་ཡོངས་རྫོགས་སློབ་འབྲིང་གིས་མུ་མཐུད་དུ་རང་ཁུལ་དུ་སློབ་མ་བསྡུ་ལེན་བྱ་རྒྱུ།དེ་ལས་ཡུན་ནན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གིས་སློབ་མ་5བསྡུ་རྒྱུ་དང་། ཁུན་མིན་སློབ་འབྲིང་དང་པོ་དང་། ཞིང་ཆེན་མི་རིགས་སློབ་འབྲིང་གིས་སློབ་མ་10རེ་བསྡུ་རྒྱུ།