རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ད་ལོར། སུམ་རྩེན་གླིང་ལྗོངས་ཁུལ་གྱིས་མུ་མཐུད་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཚད་ལ་ཤུགས་བསྣན་པ་དང་། ལྗོངས་ཁུལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་མཐོར་བཏང་ནས། ཤུགས་ཡོངས་ཀྱིས་རྒྱལ་ཡོངས5Aརིམ་པའི་ལྗོངས་ཁུལ་རེ་ཞུ་བྱེད་པའི་ལས་ཀར་གྲ་སྒྲིག་བྱས་པ་རེད།
5Aརིམ་པའི་ལྗོངས་ཁུལ་ནི་རྒྱལ་ཡོངས་ཡུལ་སྐོར་ལྗོངས་ཁུལ(ས་ཚིགས)ཀྱི་རིམ་པ་ཆེས་མཐོ་བའི་མཚན་སྙན་ཡིན་ལ། དེས་འཛམ་གླིང་རིམ་པའི་ཡུལ་སྐོར་གྱི་སྤུས་ཀ་དང་ཀྲུང་གོའི་ཡུལ་སྐོར་ལྗོངས་ཁུལ་གྲགས་ཅན་གྱི་ཚད་གཞི་མཚོན་ཡོད་པ་རེད། མིག་སྔར། རྒྱལ་ཡོངས་སུ་ཁྱོན་བསྡོམས5Aརིམ་པའི་ལྗོངས་ཁུལ་154ཡོད།ཡུན་ནན་ནི་ཡུལ་སྐོར་མིང་གྲགས་ཅན་གྱི་ཞིང་ཆེན་ཡིན་རུང་། 5Aརིམ་པའི་ལྗོངས་ཁུལ 6 མ་གཏོགས་མེད་ལ་རང་ཁུལ་ལ་གཅིག་ལས་མེད།སུམ་རྩེན་གླིང་ལྗོངས་ཁུལ་དེ་རང་ཁུལ་གྱི་ཨང་གཉིས་པའི5Aརིམ་པའི་ལྗོངས་ཁུལ་ཞིག་ཏུ་བསྐྲུན་ཆེད། ན་ནིང་གི་ཟླ11པའི་ཚུན་ནས། ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གིས་སུམ་རྩེན་གླིང་ལྗོངས་ཁུལ་དེ་5Aརིམ་པའི་ལྗོངས་ཁུལ་དུ་རེ་ཞུ་བྱེད་པའི་ལས་ཀར་གཙིགས་ཆེན་གནང་བ་དང་། དུས་ཐོག་ཏུ་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ་རྩ་བའི་བསམ་ཕྱོགས་གཏན་ཁེལ་བྱས་པ་མ་ཟད། ཟླ3པའི་ཚེས15ཉིན་5Aརིམ་པའི་ལྗོངས་ཁུལ་དུ་རེ་ཞུ་བྱེད་པའི་དུས་སྐབས་དང་པོའི་ལས་ཀ་དངོས་སུ་དོན་འཁྱོལ་བྱས་པ་རེད། ཟླ4བའི་ཟླ་དཀྱིལ་གྱི་བར་མཚམས་སུ། ཞིང་ཆེན་རིམ་པའི་ཐོག་མའི་དཔྱད་བསྡུར་གྱི་རྒྱུ་ཆའི་འཆར་འགོད་བཟོ་བ་དང་། མཚོན་རྟགས་ཀྱི་འཆར་འགོད་དང་ཇུས་འགོད། བརྙན་ཤེལ་གྱིས་བྱ་བ་བྱེད་པའི་མ་ལག་འཛུགས་སྐྲུན་སོགས་དོན་ཚན10ལྷག་གི་ལས་ཀ་བདེ་བླག་ངང་སྒྲུབ་ཚར་བ་རེད། དེ་དང་ཆབས་ཅིག ཟླ3པའི་ཟླ་མཇུག་ཏུ་ཉི་མ་ལམ་ལེགས་བཅོས་བྱེད་པའི་ལས་གྲྭ་དང་། གྲྭ་བཙུན་གྱི་མལ་ཁང་ལེགས་བཅོས་བྱེད་པའི་རྣམ་གྲངས་ཀྱི་དུས་སྐབས་སྔོན་མའི་འབྲི་བཞེངས་ལས་ཀ་དང་། སྡེ་ཁུལ་གྱི་ཁོར་ཡུག་ལེགས་བཅོས། ཤང་ཡོངས་ཀྱི་རྣམ་གྲངས་སྐུལ་སྤེལ། ལྷ་མོ་གཡང་མཚོའི་ཁོར་ཡུག་ལེགས་སྒྲིག་ལས་གྲྭ། མཚོ་སྐོར་ལམ་ཐིག་གི་ལེགས་བཅོས་དང་སྲུང་སྐྱོང་སོགས་ཚན་པ20ལྷག་ཡོད་པའི་ལེགས་སྒྲིག་ལས་ཀ་ཡང་འགོ་བརྩམས་པ་རེད། མིག་སྔའི་བར་དུ། སུམ་རྩེན་གླིང་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་ཀ་སྒྲུབ་པའི་ཚད་གཞི་དང་གོ་རིམ་བདེ་བླག་ཡིན་པ་རེད།