སེམས་ཀྱི་ཉི་ཟླ་ལ་ཡུན་ནན་གྱི་བཅུ་ལེགས་མཛེས་ལྗོངས་རྫོང་གི་མཚན་རྟགས་ཐོབ་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་དོན། “ཀྲུང་གོའི་ཆེས་མཛེས་བའི་མཛེས་ལྗོངས་རྫོང་འཚོལ་བ”ཡུན་ནན་དུ་ཞུགས་པའི་བྱེད་སྒོས་འདེམས་སྒྲུག་འགྲན་བསྡུར་དུ་ཞུགས་པའི་རྫོང་ཆུས་119ཡི་ཁྲོད་དུ་ཡུན་ནན་ཀྱི་བཅུ་ལེགས་མཛེས་ལྗོངས་རྫོང་10བདམས་ཐོན་བྱས་པ། སེམས་ཀྱི་ཉི་ཟླ་རྫོང་དེར་གཏོགས་པ་རེད།
        ངོ་སྤྲོད་བྱས་ཚུལ་ལྟར། ཡུན་ནན་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་འགན་ཁུར་ལེན་བྱས་པ་དང་། ཡུན་ནན་ཞིང་ཨུའི་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་གཞུང་ལས་ཁང་། ཡུན་ནན་ཞིང་ཆེན་ཡུལ་སྐོར་གོང་སྤེལ་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྒྲུབ་འགན་འཁུར་ལེན་བྱས་པའི་“ཀྲུང་གོའི་ཆེས་མཛེས་བའི་མཛེས་ལྗོངས་རྫོང་”ཡུན་ནན་དུ་ཞུགས་པའི་བྱེད་སྒོ་ལ། ན་ནིང་གི་ཟླ་བ་8པར་འགོ་ཚུགས་ནས་བཟུང་།བསྡོམས་པས་རྫོང་ཁུལ་119དང་།གྲོང་སྡེ་270སོ་སོར་“ཀྲུང་གོའི་མཛེས་ལྗོངས་རྫོང་དང་ཡུན་ནན་གྱི་བཅུ་ལེགས”དང་“ཡུན་ནན་གྱི་བཅུ་ལེགས་ཡིད་དབང་འཕྲོག་ཤུགས་ཆེས་ལྡན་པའི་གྲོང་སྡེའི”བྱེད་སྒོར་ཞུགས་ཡོད། འོས་བབ་ཞིབ་སྤྱོད་བྱེད་པ་དང་། དྲ་ཐོག་འགྲེམ་སྟོན་དང་དྲིལ་བསྒྲགས་བྱེད་པ། རྫོང་གིས་ཡུལ་སྐོར་འགྲེམ་སྟོན་བྱེད་པ་དང་། སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་པ། མཁས་པས་ཞིབ་དཔྱད་བྱེད་པ་བཅས་གོ་རིམ་ཁག་ལྔ་སྒོ་ནས་ཕྱོགས་བསྡུས་ཀྱིས་དཔྱད་བསྡུར་བྱས།
        ཡུན་ནན་གྱི་དམིགས་བསལ་ལྡན་པའི་ས་གནས་རང་བཞིན་དང་རང་བྱུང་ཡུལ་ལྗོངས་ནི་དཔྱད་ཞིབ་ཚད་བསྡུར་བྱེད་པའི་གཙོ་གནད་ཡིན། “ཀྲུང་གོའི་ཆེས་མཛེས་བའི་མཛེས་ལྗོངས་རྫོང་འཚོལ་བ”ཡུན་ནན་དུ་ཞུགས་པའི་བྱེད་སྒོས་རང་བྱུང་མཛེས་ལྗོངས་ཀྱི་སྤྱན་གཟིགས་རིན་ཐང་དང་། ས་ངོས་ཆགས་ཚུལ་གྱི་ཁྱད་ཆོས་ལྡན་པ།སྐྱེ་ཁམས་ལེགས་པོ་སྲུང་བ།ལོ་རྒྱུས་རིག་གནས་བརྟན་པོ་ཡོད་པ།མི་རིགས་ཀྱི་རིག་གནས་ཤུགས་ཆེ་བ། ཐོན་ཁུངས་ཕུན་སུམ་ཚོགས་པ། སྲོག་ཆགས་དང་རྩི་ཤིང་གི་སྣ་མང་རང་བཞིན་རྒྱུན་འཁྱོངས་ཡག་པོ་བྱེད་པ།ས་གཤིས་ཡུལ་བབ་ལ་ཁྱད་ཆོས་ལྡན་པ། ཐོན་རྫས་ལེགས་པ་སོགས་དཔྱད་བསྡུར་འདེམས་བསྐོའི་ཚད་ལྡན་ལྟར་དཔྱད་བསྡུར་འདེམས་བསྐོ་བྱས་པ་དང་། རྫོང་ཁུལ་གྱི་མཛེས་ལྗོངས་དང་རིག་གནས་འཚོལ་ཞིང་། ས་ཆ་དེ་དག་གི་མང་ཚོགས་ཀྱི་འཚོ་བར་མྱོར་ཚོར་བྱས་ནས། ཡུན་ནན་གྱི་རྫོང་ཁུལ་ལ་གཏོགས་པའི་རང་བྱུང་དང་སྤྱི་ཚོགས།དངོས་རྫས་ཀྱི་མིང་རྟགས་གྲགས་ཅན་སྐྲུན་པར་བརྩོན་ལེན་བྱས།  
    ཡུན་ནན་གྱི་བཅུ་ལེགས་རྫོང་ཁུལ་གྱི་ནང་ལ།ས་ཆ་མི་ཉུང་བ་ཞིག་ནི་ཡུལ་སྐོར་བ་མང་པོའི་དགའ་བསུ་ཐོབ་པ་དང་།སེམས་ཀྱི་ཉི་ཟླའི་“རི་བོ་གཅིག་ལ་དུས་ཚིགས་བཞི་ལྡན་ཞིང་། ལེ་དབར་10ཡི་ནང་དུ་གནམ་གཤིས་མི་འདྲ་བའི”གནམ་གཤིས་ཀྱི་ཁྱད་ཆོས་ལ་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་རེད།