“ལྔ་གཅིག”བར་ལ་ལྗོངས་ཁུལ་ཆེན་པོ་9ཡིས་སྒོ་འཛིན་རིན་གོང་20%མར་ཆག་པ།​

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་ཁུལ་འཕེལ་བསྒྱུར་ཨུ་ནས་ཤེས་གསལ་བྱུང་དོན།“ལྔ་གཅིག”བར་ལ་(ཟླ་བ་4པའི་ཚེས་29ཉིན་ནས་ཟླ་བ་5པའི་ཚེས་1ཉིན)། རང་ཁུལ་གྱི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་། སྟག་མཆོང་གྲོག་རོང་ལྗོངས་ཁུལ། ཆུ་དཀར་ཆུ་ནག་ལྗོངས་ཁུལ་སོགས་ལྗོངས་ཁུལ་ཆེན་པོ་9ཡིས་སྒོ་འཛིན་རིན་གོང་20%མར་ཆག་པ།
        པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་འཛིན་ནི་མི་རེ་ལ་སྒོར་110(སྒོར་120ཡི་ལྟ་སྐོར་རླངས་འཁོར་གྱི་འགྲོ་སྒོ་མ་གཏོགས་པ)ཡིན། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་སྒོ་འཛིན་ནི་མི་རེ་ལ་སྒོར་52ཡིན། འབྲི་ཆུའི་ཁུག་སོ་དང་པོའི་སྒོ་འཛིན་ནི་མི་རེ་ལ་སྒོར་40ཡིན། དབུ་ནུབ་སྟེང་གི་སྒོ་འཛིན་ནི་མི་རེ་ལ་སྒོར་40ཡིན།དགུན་པ་སྟེང་གི་སྒོ་འཛིན་ནི་མི་རེ་ལ་སྒོར་40ཡིན། མེ་ལོང་འཁྱགས་ལྗོངས་ཁུལ་གྱི་སྒོ་འཛིན་མི་རེ་ལ་སྒོར་62ཡིན། ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་སྒོ་འཛིན་ནི་མི་རེ་ལ་སྒོར་80ཡིན། ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱི་སྒོ་འཛིན་ནི་མི་རེ་ལ་སྒོར་24ཡིན།