པད་མ་གངས་རི་རང་བྱུང་སྲུང་སྐྱོང་ཁུལ་མངག་གཏོང་ཁང་གིས་རྩ་ཆེའི་རི་དྭགས་འཛིན་པ་དང་གསོད་པའི་དོན་རྐྱེན་ཞིག་རྩད་ཆོད་པ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར།  བདེ་ཆེན་ཁུལ་ནགས་ཚལ་སྤྱི་བདེ་ཅུས་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཐད་གཏོགས་མངག་གཏོང་ཁང་གིས་ཁྲིམས་འགལ་གྱིས་སྐམ་སྐྱེས་རི་སྐྱེས་སྲོག་ཆགས་འཛིན་པ་དང་།  གསོད་པའི་དོན་རྐྱེན་ཞིག་རྩད་ཆོད་པ་རེད། 2012ལོ་ནས་བཟུང་།   བདེ་ཆེན་ཁུལ་ནགས་ཚལ་སྤྱི་བདེ་ཅུས་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཐད་གཏོགས་མངག་གཏོང་ཁང་གིས་ཁྲིམས་འགལ་ཉེས་ཅན་བསོད་མིང་འཛིན་པ་ལ་ལྐོག་ནས་ཞིབ་བལྟ་བྱས།ཞིབ་བལྟ་བྱེད་པའི་གོ་རིམ་ཁྲོད་དུ་ཤེས་རྟོགས་བྱུང་དོན།ཉེས་ཅན་བསོད་མིང་འཛིན་པ་དེས་2012ལོའི་ཟླ11པ་ནས་འགོ་བརྩམས་ཏེ། སྔ་རྗེས་སུ་ཐེངས་གཉིས་ལ་གང་འདོད་ཀྱིས་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མངའ་ཁོངས་ནང་དུ་སོང་ནས།རང་གིས་བཟོས་པའི་ལྕགས་སྐུད་ཀྱི་རྙི་རྐང140ཡིས་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཛིན་པ་དང་གསོད་པ།  དེའི་ནང་དུ་རྒྱལ་ཁབ་རིམ་པ་དང་པོའི་སྲོག་ཆགས་གཅིག་དང་།རྒྱལ་ཁབ་རིམ་པ་གཉིས་པའི་སྲོག་ཆགས་གཅིག་བཅས་ཡོད།   ནག་ཉེས་བཟོ་མཁན་གྱི་ཉེས་ཅན་བསོད་མིང་འཛིན་པ་དེ་ད་ལྟ་བཀག་ཉར་བྱས་ཟིན་པ་དང་།   ཁོས་ཁྲིམས་འགལ་བྱས་པའི་བྱ་སྤྱོད་ཚང་མ་ཁས་བླངས་པ་རེད། 
        མིག་སྔར་དོན་རྐྱེན་འདི་ལ་སྔར་ལས་ལྷག་པར་ཞིབ་བཤེར་ཐག་གཅོད་བྱེད་བཞིན་པ་རེད།