མིའི་ཐབས་ཀྱིས་ནགས་ཚལ་བསྐྲུན་ནས་བདེ་ཆེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཡག་པོར་འགྱུར་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བདེ་ཆེན་རྫོང་མཁར་མཐའ་སྐོར་དུ་བསྡོམས་ནས་ཞིང་དོར་ནགས་སྤེལ་མུའུ1177དང་། མིའི་ཐབས་ཀྱི་སྤྱི་ཕན་ནགས་ཚལ་ནགས་བཟོ་མུའུ3400བྱས་པ་དང་།  འོས་འགན་གྱིས་ཤིང་སྡོང་གྲངས 33920 འཛུགས་པ་སོགས་ལག་བསྟར་བྱས་ནས། མངོན་གསལ་གྱིས་རྫོང་མཁར་མཐའ་སྐོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ་རེད།
        བདེ་ཆེན་རྫོང་ལ་ས་ཁུལ་གྱི་གནས་བབ་གཞན་དང་མི་འདྲ་བས། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ། ལོ་རྒྱུས་ཐོག་ས་རྡོ་བཤུད་པ་དང་འདམ་རྡོའི་ཆུ་རུད་ཐེངས་མང་པོ་བྱུང་མྱོང་བས། ས་གནས་ཀྱི་མང་ཚོགས་ལ་གནོད་འཚེ་ཆེན་པོ་བཟོས་པ་རེད། ས་རྡོ་བཤུད་པ་དང་འདམ་རྡོའི་ཆུ་རུད་སྔོན་འགོག་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་མཛེས་པོ་བཟོ་བའི་ཆེད་དུ། བདེ་ཆེན་རྫོང་ནགས་ལས་ཅུས་ཀྱིས་ཧུར་ཐག་ངང་མ་དངུལ་མཉམ་བསྡུས་བྱས་ནས། ཞིང་དོར་ནགས་སྤེལ་དང་། རང་འབྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་སྤྱི་ཕན་ནགས་ཚལ། ཤིང་འཛུགས་ནགས་སྤེལ་སོགས་ལས་གྲྭ་ལག་བསྟར་བྱས་པ། ལས་གྲྭ་ལག་བསྟར་བྱེད་པའི་ཁྲོད་དུ། ནགས་ལས་ཚན་རྩལ་གྱི་འཇོག་ཚད་ཇེ་ཆེར་བཏང་བ། སྡོང་ཕྲུག་གི་སྤུས་ཚད་ཀྱི་འགག་རྩ་ནན་པོ་སྲུང་བ། རིམ་པ་དང་པོའི་སྡོང་ཕྲུག་འདེམས་ཏེ། ས་གནས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱེད་པའི་ཚད་གཞིར་གཞིགས་ནས། ས་གནས་སུ་གསོན་སླ་བའི་ཤིང་རིགས་འཛུགས་པ་དང་། ཏན་ཏིག་གིས་ནགས་བཟོ་ལ་ཤུགས་འདོན་པ་མ་ཟད་ནགས་ཚལ་དོ་དམ་དང་སྲུང་སྐྱོང་ལ་ཤུགས་དེ་བས་ཆེ་བར་འདོན་པའི་དོ་དམ་བྱ་ཐབས་དོན་དུ་འཁྱོལ་བ། ནགས་བཟོ་ས་ཁུལ་དུ་ར་བསྐོར་ལས་གྲྭ་ལག་བསྟར་བྱེད་པ་དང་ཞིང་པ་མང་ཚོགས་དང་མཉམ་དུ་དོ་དམ་སྲུང་སྐྱོང་གི་གན་རྒྱའང་འཇོག་པ་རེད།