སེམས་ཀྱི་ཉི་ཟླའི་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་ས་ཚིགས་ལ་སྒོ་བྱང་འགེལ་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན། འབའ་ལུང་རྫོང་ནགས་ཚལ་སྤྱི་བདེ་ཅུས་སེམས་ཀྱི་ཉི་ཟླའི་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་ས་ཚིགས་ལ་སྒོ་བྱང་འགེལ་ནས་དབུ་བརྙེས་པ། དེས་ནགས་ཚལ་སྤྱི་བདེའི་ལས་ཀ་སྔར་ལས་ལྷག་པར་འགོ་ཚུགས་ས་གསར་བ་ཞིག་ཏུ་གྱུར་བར་མཚོན་པ་རེད།
        ཏན་སྤྲེའུ་སྤུ་སེར་ནི་རང་རྒྱལ་གྱི་རིམ་པ་དང་པོའི་གནད་ཆེའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། དོམ་ཁྲ་དང་འདྲ་བའི་རྒྱལ་ཁབ་རིམ་པའི་རྩ་ཆེ་ཞིང་ཉེན་ཁར་བཅར་བའི་སྲོག་ཆགས་ཤིག་ཡིན།འཛམ་གླིང་ཡོངས་ལ་ཏན་སྤྲེའུ་སྤུ་སེར་གྱི་གྲངས་ཚད་2000ལྷག་ཙམ་ཡོད་དེ། པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་དུ་ཏན་སྤྲེའུ་སྤུ་སེར་གྱི་གྲངས་ཚད་2000ལོའི་1000ནས་1500ལ་འཕར་ཞིང་།འཛམ་གླིང་རིགས་ཚོགས་གྲངས་ཚད་ཀྱི་70%འཛིན་པ།སྲོག་ཆགས་རིགས་འདིའི་ནུས་པ་ལྡན་པའི་སྲུང་སྐྱོང་དང་ཚན་རིག་དང་མཐུན་པའི་གོང་འཕེལ་མངོན་དུ་འགྱུར་ཆེད། འབའ་ལུང་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲོས་མོལ་བྱས་ནས། སེམས་ཀྱི་ཉི་ཟླའི་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་དུ་འབའ་ལུང་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཉེན་དོན་ལས་འགན་སྒྲུབ་པའི་ས་ཚིགས་བཙུགས་ནས། ཏན་སྤྲེའུ་སྤུ་སེར་གྱི་སྲུང་སྐྱོང་ལས་ཀ་དང་སྲུང་སྐྱོང་ཆུས་ནང་གི་སྐྱེ་ཁམས་བདེ་འཇགས་ལས་ཀ་ཡག་པོ་སྒྲུབ་པར་གཏན་ཁེལ་བྱས།