བདེ་ཆེན་ཉིན་རེའི་ཚགས་པར་གྱི་གསར་འགྱུར་རྩོམ་ཡིག་4ལ་ཡུན་ནན་ཚགས་པར་ལས་རིགས་ཀྱི་གསར་འགྱུར་བྱ་དགའ་ཐོབ་པ།

རྩོམ་པ་པོ།   ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས་26ཉིན་གྱི་སྔ་དྲོར།སྐབས་བཅུ་ལྔ་པའི་(2012ལོ་འཁོར)ཡུན་ནན་ཚགས་པར་ལས་རིགས་ཀྱི་གསར་འགྱུར་བྱ་དགའི་ཚོགས་ཆེན་དེ་ཕུའུ་ཨེར་གྲོང་ཁྱེར་ནས་འཚོགས་པ།  བདེ་ཆེན་ཉིན་རེའི་ཚགས་པར་གྱིས་བསྐྱལ་བའི་གསར་འགྱུར་རྩོམ་ཡིག་4ལ་བྱ་དགའ་ཐོབ་པ་རེད།
        བྱ་དགའ་ཐོབ་པའི་རྩོམ་ཡིག་གི་ནང་དུ།དབྱངས་ཅན་སྒྲོལ་མས་རྩོམ་འབྲི་བྱས་པའི་《བདེ་སྐྱིད་ཀྱི་འཚོ་བ་བཀོད་པའི་ཁྱིམ་ཚང་གི་རྩིས་ཐོ》ཞེས་པར་རྒྱུན་ལྡན་གྱི་གསར་འགྱུར་བྱ་དགའི་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ།ཡུས་ཧྥུ་ཆོན་དང་ཁྲེང་ཀྲི་ཁེ་ལ་རྩོམ་སྒྲིག་གི་བྱ་དགའ་ཨང་དང་པོ་ཐོབ་པ། ཧོ་ཐེ་ཅུན་གྱིས་རྩོམ་འབྲི་བྱས་པའི་《གངས་རིའི་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་སྒོ》ཞེས་པར་རྒྱུན་ལྡན་གྱི་གསར་འགྱུར་བྱ་དགའི་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ། ཡུས་ཧྥུ་ཆོན་དང་ཡུའེ་ཞི་ལན་ལ་རྩོམ་སྒྲིག་གི་བྱ་དགའ་ཨང་གཉིས་པ་ཐོབ་པ། དབྱང་ཚུས་ཧེ་ཡིས་རྩོམ་འབྲི་བྱས་པའི་《ལི་སྨིའི་ཐོག་ནས་བདེ་ཆེན་བལྟ་བ་དང་ཐུར་མའི་ཐོག་ནས་འགྱུར་ལྡོག་མཐོང་བ》ཞེས་པར་གསར་འགྱུར་ཁ་བྱང་གི་བྱ་དགའི་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ།ཀྲང་ཡིན་ཡན་དང་ཀྲང་ཅིན་མིང་ལ་རྩོམ་སྒྲིག་གི་བྱ་དགའ་ཐོབ་པ།དུས་མཚུངས་སུ། བདེ་ཆེན་ཉིན་རེའི་ཚགས་པར་གྱི་“སེམས་ཀྱི་ཉི་ཟླའི་གཏམ་རྒྱུད”ཅེས་པའི་ཆེད་བསྒྲིགས་ལེ་ཚན་ལ་མིང་རྟགས་གྲགས་ཅན་ཆེད་བསྒྲིགས་ལེ་ཚན་བྱ་དགའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
       ཡུན་ནན་ཚགས་པར་གྱི་གསར་འགྱུར་བྱ་དགའ་ནི་ཡུན་ནན་གསར་འགྱུར་ལས་རིགས་ཀྱི་གལ་ཆེའི་བྱ་དགའ་ཞིག་ཡིན་ཞིང་།མིག་སྔར།གྲུབ་འབྲས་ཐོབ་པའི་ངང་སྐབས་15སྤེལ་ཚར།དེའི་ནང་དུ་བཀོད་སྒྲིག་བྱས་པའི་བྱ་དགའ་ཁག་12་ཀྱིས་ངོས་མཉམ་སྨྱན་བྱད་ཀྱི་གསར་འགྱུར་རྩོམ་ལུས་གཙོ་བོ་དང་རིགས་གཙོ་བོར་ཁྱབ་ཡོད་དེ།གསར་འགོད་པ་དང་རྩོམ་སྒྲིག་པས་གཙོ་བྱས་པའི་ཆེད་ལས་མི་སྣ་ལ་ཀུན་སྙོམས་ལྟ་རྟོག་བྱེད་ཀྱི་ཡོད་ལ།བྱ་དགའི་རྣམ་གྲངས་དེ་ཕལ་ཆེར་རྒྱལ་ཕྱིའི་སྔོན་ཐོན་བྱ་ཐབས་དང་ཟུང་འབྲེལ་བྱས་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དཔྱད་བསྡུར་འདེམས་བསྐོ་རུ་ཁྱོན་བསྡོམས་རྩོམ་ཡིག་451འབྱོར་ཡོད་ལ།ནང་དོན་ནི་ཡུན་ནན་ཞིང་ཆེན་གྱི་2012ལོར་བྱུང་བའི་གལ་ཆེའི་དོན་དག་ཀུན་ལ་ཁྱབ་ཡོད།མཐར་བྱ་དགའ་ཐོབ་པའི་རྩོམ་ཡིག་120བདམས་ཐོན་བྱུང་བ་རེད།དེའི་ནང་དུ་བྱ་དགའ་ཨང་དང་པོ་ཐོབ་པའི་རྩོམ་ཡིག་19ཡོད་ལ།བྱ་དགའ་ཨང་གཉིས་པ་ཐོབ་པའི་རྩོམ་ཡིག་44ཡོད་པ། བྱ་དགའ་ཨང་གསུམ་པ་ཐོབ་པའི་རྩོམ་ཡིག57ཡོད་པས། 2012ལོ་འཁོར་ཡུན་ནན་ཞིང་ཆེན་གྱི་ངོས་མཉམ་སྨྱན་བྱད་ཀྱི་ཕུན་སུམ་ཚོགས་པའི་ལས་སྒོའི་གྲུབ་འབྲས་ཕྱིར་མཚོན་གང་ལེགས་བྱས་ཡོད།