ཡུས་ཏིང་ཁྲེང་བདེ་ཆེན་དུ་ཕེབས་ནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་བརྟག་ཞིབ་བྱས་པ།

རྩོམ་པ་པོ།   ཆོས་ལྡན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་22ཉིན་ནས་ཚེས་24ཉིན་བར།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཏིང་ཁྲེང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་།ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་སྣེ་ཁྲིད་ནས་བདེ་ཆེན་དུ་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་བྱས་ཤིང་།རང་ཁུལ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ།ཡུས་ཏིང་ཁྲེང་གིས་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།བདེ་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་ལས་ལྷག་པར་གསར་སྐྲུན་བྱེད་དགོས་པ་དང་ཡུལ་སྐོར་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།ཡུལ་སྐོར་ཐོན་ལས་ཀྱི་དབྱིབས་བསྒྱུར་རིམ་སྤར་མགྱོ གས་སུ་གཏོང་དགོས།

       ཡུས་ཏིང་ཁྲེང་གིས་ནན་གྱིས་བསྟན་དོན།མིག་སྔར།བདེ་ཆེན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འདུ་ཤེས་ཐད་སྔར་ལས་ལྷག་པར་གསར་སྐྲུན་བྱེད་དགོས་ཤིང་རིག་ལམ་འབྱེད་ནས་དེང་རབས་ཡུལ་སྐོར་གྱི་འདུ་ཤེས་ཀྱིས་ཐོན་ལས་འཕེལ་རྒྱས་བདག་གཉེར་བྱེད་དགོས་པ་དང་།སྔར་ལས་ལྷག་པར་ཡུལ་སྐོར་ཆེན་མོའི་འདུ་ཤེས་བཞེངས་ནས་ཕྱོགས་ཁག་སོ་སོའི་འབྲེལ་བ་རྩ་འཛུགས་དང་མཐུན་སྦྱོར་ཡག་པོ་བྱས་ནས།ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།སྔར་ལས་ལྷག་པར་མཉམ་འདྲེས་འཕེལ་རྒྱས་ཀྱི་འདུ་ཤེས་བཞེངས་ནས་རང་བྱུང་ཁམས་དང་ཆོས་ལུགས།དམངས་སྲོལ་སོགས་ཀྱི་གནས་བབ་ཡག་པོ་བེད་སྤྱོད་འདང་ངེས་བྱས་ཏེ།རིམ་པ་མཐོ་བའི་ཡུལ་སྐོར་ཐོན་ལས་གསར་སྤེལ་བྱེད་དགོས།སྔར་ལས་ལྷག་པར་ཁྲོམ་རའི་འདུ་ཤེས་འབུར་དུ་ཐོན་དགོས་པ་དང་ཐོན་ཁུངས་གཅིག་བསྡུས་བྱེད་ཤུགས་ཆེ་རུ་གཏོང་བ།ཁྲོམ་རའི་གནས་ཐིག་གཏན་འཁེལ་ཡང་དག་པ་བྱེད་པ་དང་རྣམ་གྲངས་ཆེན་མོ་ལ་བརྟེན་ནས་འཕེལ་རྒྱས་ཆེན་མོར་སྐུལ་ཁྲིད་བྱས་ཏེ།ཐོན་ལས་ཆེན་མོར་ཆགས་སུ་འཇུག་དགོས།དུས་མཚུངས་སུ།སྔར་ལས་ལྷག་པར་སྲུང་སྐྱོང་གི་འདུ་ཤེས་བཞེངས་ཏེ་འོས་འཚམ་གྱི་ཡུལ་སྐོར་གསར་སྤེལ་བྱས་པར་བརྟེན་ནས།སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བཏང་སྟེ།ཕན་ཚུན་བར་གྱི་སྐུལ་སྤེལ་ལེགས་པོ་མངོན་དུ་འགྱུར་ནས།བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་དབྱིབས་བསྒྱུར་དང་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་།འབད་བརྩོན་གྱིས་བདེ་ཆེན་འདི་ཉིད་ཡུན་ནན་དང་ཀྲུང་གོའི་གལ་ཆེའི་ཡུལ་སྐོར་མིང་བྱང་དུ་བསྐྲུན་དགོས།
       ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞུའེ་ཧྲིང་ཕིང་དང་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་གི་སྐོར་གཟིགས་པ་ཀོང་ཧྭ་ཡིས་བརྟག་ཞིབ་ཏུ་ཕེབས་རོགས་ཞུས་པ།
       ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྱིས་བརྟག་ཞིབ་ཏུ་ཕེབས་རོགས་ཞུས་ཤིང་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ལུའུ་ཆོན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་རང་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཝུན་ལིའང་དང་ཞའོ་ཐུབ་བསྟན།བཀྲ་ཤིས་དོན་གྲུབ།ཧོ་ལི་ཚའེ།དྲུང་ཆེན་ཕིང་ཡའོ་ཧུའེ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།