ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་དར་རྒྱས་བརྟན་ལྷིང་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་བརྟག་ཞིབ་ཚོགས་ཆུང་རང་ཁུལ་དུ་བརྟག་ཞིབ་ཕེབས་པ།

རྩོམ་པ་པོ།   བསོད་ནམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ4་པའི་ཚེས་22ཉིན་ནས་ཚེས་24ཉིན་བར།ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན།ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་ལི་ཞུང་དང་།ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མ་ཁྲུན་དང་བཅས་པ་རང་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་དར་རྒྱས་བརྟན་ལྷིང་དཔེ་སྟོན་ཁུལ་(འོག་ལ་བསྡུས་མིང་དུ་དཔེ་སྟོན་ཁུལ་ཞེས་འབྲི་རྒྱུ)གསར་འཛུགས་ལས་ཀར་བརྟག་ཞིབ་བྱས་ཤིང་།ཚེས་22ཉིན་གྱི་ཕྱི་དྲོར་ཁུལ་མི་དམངས་སྲིད་གཞུང་དུ་བཞུགས་མོལ་ཚོགས་འདུ་ཚོགས་པ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་གཙོ་ཧོང་ཀྲེང་ཧུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ།
       ཀྲའོ་ལི་ཞུང་དང་བཅས་པ་སྔ་རྗེས་སུ་སུམ་རྩེན་གླིང་དང་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་གྱི་ཞའོ་ཅེ་ཙི་དང་ཚ་ཆུ་སྟེང་བོད་རིགས་ཁྱད་ལྡན་གྲོང་སྡེ།ཉི་ཤར་ཤང་ཧྲང་ཆའོ་ཐའོ་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་སྡེ།བདེ་ཆེན་རྫོང་གི་ཐར་པ་གླིང་དང་འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་གྱི་ཐུང་ལའོ་ལི་སུའུ་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་བཅས་སུ་ཕེབས་ནས།ཡུལ་དངོས་སུ་རང་ཁུལ་གྱི་མི་རིགས་ཁྱད་ལྡན་གྲོང་སྡེའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་།རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་དང་།མི་རིགས་ཁྱད་ལྡན་གྲོང་སྡེའི་འཛུགས་སྐྲུན།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་དར་རྒྱས་བརྟན་ལྷིང་དཔེ་སྟོན་ཤང་དང་གྲོང་རྡལ་དང་།དཔེ་སྟོན་གྲོང་སྡེའི་འཛུགས་སྐྲུན་ལས་ཀའི་འཕེལ་རྒྱས་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཆ་བྱས་ཤིང་།གཞི་རིམ་ལས་བྱེད་པས་དཔེ་སྟོན་ས་གནས་ཀྱི་གསར་འཛུགས་ལས་ཀར་བཏོན་པའི་བསམ་འཆར་དང་གྲོས་གཞི་གསན་པ་རེད།
       ཡུལ་དངོས་སུ་བརྟག་ཞིབ་བྱས་པ་དང་སྙན་ཞུ་གསན་རྗེས།ཀྲའོ་ལི་ཞུང་གིས་རང་ཁུལ་གྱི་མི་རིགས་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་ཚད་མཐོའི་གདེང་འཇོག་གནང་བ་རེད།
       དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ལས་འགན་གཙོ་བོར་གཞིགས་ནས།ཀྲའོ་ལི་ཞུང་གིས་བླང་བྱ་ཁག་བདུན་བཏོན་ཏེ། གཅིག་ནི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་དགོས་པ་དང་།དམངས་ཕྱུག་ཁུལ་དར་བའི་ཐོན་ལས་གསོ་སྐྱོང་མགྱོགས་སུ་བཏང་སྟེ།2020ལོར་སླེབས་དུས་ཞིང་ཆེན་ཡོངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་ཁག་ཐེག་བྱེད་དགོས།གཉིས་ནི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་གྲོང་རྡལ་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་གྲོང་རྡལ་ཅན་དང་ཟུང་འབྲེལ་བྱས་ཏེ།ཤུགས་འཇོག་ནས་མི་རིགས་ཀྱི་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་བྱས་ནས་ཁྱད་ཆོས་ལྡན་པ་དང་ནུས་པ་ཚང་བ།རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་འདེགས་ཆ་ཚང་ཡོད་པའི་སྡོད་འོས་པའི་ཁྱད་ལྡན་གྲོང་སྡེ་དང་ཁྱད་ལྡན་གྲོང་རྡལ་འབོར་ཚོ་ཞིག་བསྐྲུན་དགོས།གསུམ་ནི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་དབུལ་སྐྱོར་དང་ཟུང་འབྲེལ་བྱེད་དགོས་པ་དང་།གོམ་གང་མདུན་སྤོས་ཀྱིས་དམངས་འཚོ་ལེགས་སུ་གཏོང་དགོས།བཞི་ནི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་ཡུལ་སྐོར་གྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་དགོས་པ་དང་གོམ་གང་མདུན་སྤོས་ཀྱིས་བོད་རིགས་རིག་གནས་ཀྱིས་གཙོ་བྱས་པའི་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས།ལྔ་ནི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་འཆམ་མཐུན་དགོན་སྡེའི་འཛུགས་སྐྲུན་དང་།འགལ་བ་སྒྲིག་བཤེར་ཐག་གཅོད་བྱེད་པར་ཟུང་འབྲེལ་བྱེད་དགོས་པ་དང་།གོམ་གང་མདུན་སྤོས་ཀྱིས་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས།དྲུག་ནི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་དང་ཟུང་འབྲེལ་བྱེད་དགོས་པ་དང་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྟོབས་ལྡན་གྱི་འགན་སྲུང་མཁོ་སྤྲོད་བྱེད་དགོས།བདུན་ནི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ལེགས་སུ་གཏོང་བར་ཟུང་འབྲེལ་བྱེད་དགོས་པ་དང་།ཁོར་ཡུག་མཛེས་པའི་བོད་ཁུལ་འཛུགས་སྐྲུན་བྱེད་དགོས། 
       ཧོང་ཀྲེང་ཧུང་གིས་བསྟན་དོན།ནན་ཏན་གྱིས་བརྟག་ཞིབ་ཚོགས་ཆུང་གི་མཛུབ་སྟོན་དང་བླང་བྱ་ལྟར།དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ཁྲོད་དུ།བསམ་བློ་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བ་དང་ལག་བསྟར་འཆར་གཞི་ལེགས་སུ་གཏོང་བ།རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།མང་ཚོགས་ནང་དུ་ཞུགས་པར་སྐུལ་ཁྲིད་བྱས་ནས།ཚད་གཞི་མཐོ་བ་དང་ནུས་ཤུགས་མཉམ་སྡོམ་བྱས་ཏེ་གསར་འཛུགས་ལས་ཀར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་།མི་རིགས་ལས་ཀའི་གནས་བབ་གསར་པ་དང་ལས་འགན་གསར་པ།བླང་བྱ་གསར་པར་གཞིགས་ནས།མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་གཏོང་བ་དང་།གསར་འབྱེད་གསར་སྤེལ་དང་དམ་འཛན་ཡག་འཛིན།གྲུབ་འབྲས་ཐོན་དུ་འཇུག་པ།གྲུབ་འབྲས་ལྡན་པའི་ཉམས་མྱོང་རྒྱུན་འཁྱོངས་བྱེད་པ་དང་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ།ཉམས་ཞིབ་ལམ་བུའི་ཐོག་ཏུ་ཡང་བསྐྱར་གྲུབ་འབྲས་ལེགས་པོ་གཏོད་རྒྱུ་ཡིན།
       ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཧོ་ཀྲེང་ཏུང་གིས་རང་ཁུལ་གྱི་མི་རིགས་ལས་ཀའི་གནས་ཚུལ་གྱི་སྙན་སེང་ཕུལ་བ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན།རང་ཞིང་ཆེན་གྱིས་2013ལོ་ནས་བཟུང་ལོ་3་གྱི་དུས་ཚོད་སྤྱད་ནས།“དཔེ་སྟོན་གྱིས་སྐུལ་ཁྲིད་བྱེད་པ་དང་།གནད་ཆེ་སར་གྲུབ་འབྲས་གསར་པ་ཐོབ་པ།བཀྲག་མདངས་འཚེར་ས་ཆགས་སུ་འཇུག་རྒྱུའི”བླང་བྱ་ལྟར།དཔེ་སྟོན་ཆེན་མོ་ཁག་བཅུ་དང་ཟུང་འབྲེལ་བྱས་ནས།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་དར་རྒྱས་བརྟན་ལྷིང་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་3121དཔེ་སྟོན་ཚོད་ལྟའི་ལས་གྲྭ་སྟེ།ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་གཙོ་བོར་རང་སྐྱོང་ཁུལ་3ལ་འབྲེལ་གཏུག་བྱེད་པ་དང་རྫོང་ཁག་10དང་།ཤང་(གྲོང་རྡལ)་20་དང་རང་བྱུང་གྲོང་སྡེ་(སྡེ་ཁུལ)་100བདམས་ནས་དཔེ་སྟོན་ཚོད་ལྟ་དང་གཙོ་བོའི་རོགས་སྐྱོར།སྔོན་ནས་ལག་བསྟར་བྱེད་པ་དང་སྔོན་ནས་ཚོད་ལྟ་བྱེད་རྒྱུ།རང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་གཙོ་བོའི་དཔེ་སྟོན་ཁུལ་3གྱི་གྲས་སུ་བཞག་ཡོད།མིག་སྔར།རང་ཁུལ་གྱི་དཔེ་སྟོན་ས་གནས་ཀྱི་གསར་འཛུགས་ལས་ཀ་དེ་དགེ་མཚན་ལྡན་པའི་ངང་སྒྲུབ་བཞིན་ཡོད།