2013ལོའི《མི་རིགས་རྩོམ་རིག》ལོ་ཙཱའི་བྱ་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-05   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


2013ལོའི《མི་རིགས་རྩོམ་རིག》ལོ་ཙཱའི་བྱ་བའི་ཚོགས་འདུ་བསྡུས་པ།

        ཉེ་ལམ། 2013ལོའི《མི་རིགས་རྩོམ་རིག》ལོ་ཙཱའི་བྱ་བའི་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། 《མི་རིགས་རྩོམ་རིག》གི་གཙོ་སྒྲིག་པ་དབྱེ་མེ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་ལི་ཅན་ཧོས། སྤྱི་ཁྱབ་འགྱུར་ཞུས་པའམ་ཅུའུ་ཀྲང་གཞོན་པ་ཨ་ལེ་མུ་ཅང་། དེ་མིན་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་ཚན་ཁག་སོ་སོའི་འགན་འཛིན་མི་སྣ་དང་ལོ་ཙཱ་བ། 《མི་རིགས་རྩོམ་རིག》གྲངས་ཉུང་མི་རིགས་ཡི་གེའི་པར་མའི་རྩོམ་སྒྲིག་པ་སོགས་མི་སྣ30ཡས་མས་ཐེངས་འདིའི་ཚོགས་འདུར་ཞུགས་པ་རེད།

        ཚོགས་ཞུགས་པ་རྣམས་ཀྱིས《མི་རིགས་རྩོམ་རིག》སོག་ཡིག་དང་། བོད་ཡིག ཡུ་གུར་སྐད། ཧ་སག་སྐད། ཁྲའོ་ཞན་སྐད་བཅས་སྐད་རིགས5ཡི་གྲངས་ཉུང་མི་རིགས་ཡི་གེའི་པར་གཞིའི་ལོ་ཙཱ་བྱ་བའི་ཐད་ནས་ཕན་ཚུནབགྲོ་གླེང་དང་། ལོ་བཞི་ཚུན་གྱི་མཉམ་འབྲེལ་ཉམས་མྱོང་སྤྱི་བསྡོམས་བྱས་པ་མ་ཟད། མིག་སྔར་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་། གྲངས་ཉུང་མི་རིགས་རྩོམ་རིག་གི་ལོ་ཙཱའི་རུ་དཔུང་རྒྱ་བསྐྱེད་པ་དང་དཔེ་དེབ་ཀྱི་ལོ་ཙཱའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་ཐབས་འཚོལ་ཞིབ་བྱས།

        《མི་རིགས་རྩོམ་རིག》གྲངས་ཉུང་མི་རིགས་ཡི་གེའི་པར་གཞིའི་ནང་དོན་ཐད་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ལོ་ཙཱའི་བརྩམས་ཆོས་དང་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ཕ་སྐད་བརྩམས་ཆོས་འདུས་ཤིང་། དེ་ལས70%ཡན་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་དང་རྒྱ་རིགས་རྩོམ་པ་པོས་ཉེ་དུས་རྒྱལ་ཡོངས་སུ་སྤེལ་བའི་ཕུལ་བྱུང་རྒྱ་ཡིག་བརྩམས་ཆོས་དང་། དེ་མིན་ཕྱི་རྒྱལ་གྱི་མིང་གྲགས་རྩོམ་པ་པོའི་བསྒྱུར་རྩོམ་སོགས་ཡིན་ལ། དེར་རྒྱལ་ཁབ་ཕྱི་ནང་གི་ལེགས་རྩོམ་ཕུན་སུམ་ཚོགས་པ་འདུས། དེ་སྔ2009ལོར། 《མི་རིགས་རྩོམ་རིག》སོག བོད། ཡུ་གུར་བཅས་སྐད་རིགས3གྱི་གྲངས་ཉུང་མི་རིགས་ཡི་གེའི་པར་གཞི་སྐྲུན་ལ་ཉེ་དུས། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་འགོ་གཙོ་གལ་ཆེན་དག་ལ་གཅིག་མཐུན་གྱི་འདོད་བློ་བྱུང་ཞིང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་སོགས་སྡེ་ཁག་གིས་ལོ་ཙཱ་དང་འགྱུར་ཞུས་ཀྱི་འགན་བླངས་པ་དང་། ད་ལྟའི་བར་ཡིག་སྒྱུར་ཅུའུ་ལ་སོག བོད། ཡུ་གུར། ཧ་སག ཁྲའོ་ཞན་བཅས་གཞུང་སྒྲུབ་ཁང5ཡོད་ཅིང་། 《མི་རིགས་རྩོམ་རིག》པར་གཞི5ཡི་འདོན་ཐེངས77སྟེ་བསྡོམས་པས་ཡིག་འབྲུ་ཁྲི1000ལྷག་གི་བརྩམས་ཆོས་ཀྱི་ལོ་ཙཱ་དང་འགྱུར་ཞུས་བྱ་བ་ལེགས་གྲུབ་བྱུང་བ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རྩོམ་རིག་ལོ་ཙཱ་བ་དང་ལོ་ཙཱའི་ལས་སྒྲུབ་པ། ཕ་སྐད་རྩོམ་པ་པོ་བཅས་བསྡོམས་པས་མི་སྣ300ལྷག་ལོ་ཙཱ་དང་འགྱུར་ཞུས་ཀྱི་ལས་ལ་ཞུགས་ཤིང་། རྣམ་པ་ཚོའི་རྡོག་རྩ་གཅིག་སྒྲིལ་འོག《མི་རིགས་རྩོམ་རིག》གྲངས་ཉུང་མི་རིགས་ཡི་གེ་པར་གཞིའི་ལོ་ཙཱའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བྱུང་བའི་ཁར་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་རེད།