གྲོན་ཆུང་བསྲི་ཚགས་བྱེད་རྒྱུ་དེ་ཞིབ་ཆ་ནས་ལག་བསྟར་བྱེད་དགོས།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        ཀྲུང་དབྱང་གིས་གྲོན་ཆུང་བསྲི་ཚགས་ནན་ཏན་བྱེད་པ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བླང་བྱ་བཏོན་པའི་ཚུན།ས་གནས་སོ་སོས་ཧུར་བརྩོན་གྱིས་དང་ལེན་བྱས་ནས་གྲུབ་འབྲས་ཐོབ་ཡོད་པ་དང་།སྤྱི་ཚོགས་ཁོར་ཡུག་གི་གནས་བབ་ལེགས་པོར་གྱུར་ཡོད་པ་རེད།
        གྲོན་ཆུང་བསྲི་ཚགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྔར་ཡོད་པའི་སྤྱོད་བཟང་ཞིག་ཡིན།མི་འགའ་ཤས་ཀྱིས་ད་ལྟ་འཚོ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་ཡོད་པས།གྲོན་ཆུང་བསྲི་ཚགས་བྱེད་མི་དགོས་པ་བསམ་ཡོད།འོན་ཀྱང་རང་རྒྱལ་གྱི་མིག་སྔའི་ཐོན་ཁུངས་མི་འདང་བ་དང་མི་གྲངས་མང་བའི་སྤྱི་ཚོགས་ཁོར་ཡུག་ལྟར་གྲོན་ཆུང་བསྲི་ཚགས་བྱེད་རྒྱུ་དེ་སྤྱི་དམངས་ཚང་མས་ངེས་པར་དུ་ལག་ལེན་བསྟར་དགོས་པའི་འོས་འགན་ཞིག་རེད།
        དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གྲོན་ཆུང་བསྲི་ཚགས་བྱེད་རྒྱུར་ངེས་པར་དུ་བྱ་བ་ཕྲན་བུ་ནས་འགོ་ཚུགས་དགོས་ཤིང་།ང་ཚོས་གྲོན་ཆུང་བསྲི་ཚགས་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་གྲོན་ཆུང་བསྲི་ཚགས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
        དོན་ངན་ཆུང་རྩག་ཅིག་ཡིན་པས་དེ་ལྟར་བྱས་ནའང་སྐྱོན་མི་འདུག་བསམ་མི་ཉན་ལ།དོན་བཟང་ཆུང་རྩག་ཅིག་ཡིན་པས་དེ་ལྟར་མ་བྱས་ནའང་སྐྱོན་མི་འདུག་བསམ་མི་ཉན།ང་ཚོས་ཆུ་ཐིག་གཅིག་དང་།གློག་ཏུའུ་གཅིག   ཤོག་ལེབ་གཅིག་སོགས་བྱ་བ་ཕྲན་བུ་ནས་གྲོན་ཆུང་བྱེད་རྒྱུ་དེ་དངོས་ཡོད་ཀྱི་ལས་ཀ་དང་དུས་རྒྱུན་གྱི་འཚོ་བར་དོན་འཁྱོལ་བྱེད་དགོས་ཤིང་།དེ་ལྟར་བྱས་ན་ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྱུར་བ་དང་ང་ཚོའི་སྤྱི་ཚོགས་དེ་བས་འབྱོར་ཕྱུག་ལྡན་པར་འགྱུར་བའི་རེ་བ་ཡོད་པ་རེད།