ལུའུ་ཁྲེང་ཡའོ་ཡིས་ཁྲག་བཟོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་རྗེས་སེམས་ཀྱི་ཉི་ཟླར་ཕྱིར་ལོག་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

       


        ཟླ4པའི་ཚེས་19ཉིན།ཁྲག་བཟོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་འབུལ་བའི་དང་བླངས་པ་ལུའུ་ཁྲེང་ཡའོ་ཡིས་ཁུན་མིང་ནས་ཧྲང་ཧེའི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་ཐོབ་པའི་ནད་པར་ཁྲག་བཟོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་རྗེས།སེམས་ཀྱི་ཉི་ཟླར་ཕྱིར་ལོག་པ།
        ད་ལོར་ལོ་ན་29ལོན་པའི་ལུའུ་ཁྲེང་ཡའོ་ནི་ཅང་སུའུ་ཕི་ཀྲུའོ་གྲོང་ཁྱེར་ནས་ཡིན་ཞིང་།ད་ལྟ་སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུས་ལ་ལས་ཀ་བྱེད་བཞིན་ཡོད།ལུའུ་ཁྲེང་ཡའོ་ནི་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་ཀར་དགའ་པོ་ཡོད་དེ།2009ལོར།ཡུན་ནན་སློབ་ཆེན་གྱི་ཉེན་རྟོག་དཔོན་སློབ་གླིང་དུ་ཁྲག་བཟོའི་ཕྲ་ཕུང་གཙོ་བོ་འབུལ་བའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་དུས།ཁོང་དང་སློབ་གྲྭའི་སློབ་མ་100ལྷག་གིས་རང་མོས་ཀྱིས་ཁྲག་བཟོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་འབུལ་བའི་རེ་འདོན་ཡི་གེ་བཀོད་པ་དང་ཁྲག་གི་མ་དཔེ་སྡུད་པས།ཀྲུང་ཧྭའི་རྐང་མར་མཛོད་ནང་གི་དང་བླངས་པ་ཞིག་ཏུ་གྱུར།
        ཤེས་རྟོགས་བྱུང་བར་གཞིགས་ན།ལུའུ་ཁྲེང་ཡའོ་ནི་ཡུན་ནན་སྤྱི་བདེའི་མ་ལག་གི་ཁྲག་རིགས་སྦྱོར་བར་གྲུབ་འབྲས་ཐོབ་པའི་དང་བླངས་པ་ཞིག་ཡིན་ཞིང་།རང་ཁུལ་གྱི་ཁྲག་བཟོའི་ཕྲ་ཕུང་གཙོ་བོའི་ཞལ་འདེབས་ཕུལ་མཁན་མི་དང་པོ་ཡིན་ལ།ཡུན་ནན་ཞིང་ཆེན་གྱི་ཁྲག་བཟོའི་ཕྲ་ཕུང་གཙོ་བོའི་ཞལ་འདེབས་ཕུལ་མཁན་ཨང་79ཡིན་པ་དང་།རྒྱལ་ཡོངས་ཀྱི་ཁྲག་བཟོའི་ཕྲ་ཕུང་གཙོ་བོའི་ཞལ་འདེབས་ཕུལ་མཁན་ཨང་3392ཡིན་པ་རེད།