བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་གཙོ་ཧོང་ཀྲེང་ཧུང་གིས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་འབུལ་བའི་སྲིད་གཞུང་གི་ལས་ཀའི་སྙན་ཞུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

འཐུས་མི་རྣམ་པ།
        ད་ལྟ།ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་ཀའི་སྙན་ཞུ་འབུལ་རྒྱུ་ཡིན།ཞིབ་དཔྱད་བྱེད་རོགས་ཞུ་རྒྱུ་དང་།ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་ཡིས་བསམ་འཆར་འདོན་རོགས་ཞུ་རྒྱུ་ཡིན།
        གཅིག 2012ལོའི་ལས་ཀར་ཕྱི་མིག་ལྟ་བ།
        2012ལོར།ཁུལ་མི་དམངས་སྲིད་གཞུང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག    ཁུལ་ཨུའི་ཇུས་འགོད་བཀོད་སྒྲིག་ལྟར།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་ལྟ་སྐུལ་དང་རྒྱབ་སྐྱོར་འོག   དགེ་མཚན་ལྡན་པའི་ངང་རྙོག་འཛིང་དང་ནན་པོའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གྱི་གནས་བབ་ལ་ཁ་གཏད་འཇལ་ཞིང་བརྟན་པོའི་ཐོག་འཕེལ་རྒྱས་ཡོང་བ་དང་ཡག་པོའི་ཐོག་མགྱོ གས་རྒྱུ་དང་།མཁྲེགས་གཏོར་དཀའ་སེལ།གསར་གཏོད་ཡར་ཐོན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་སྤྱི་ཁོག་ནས་བདེ་ཐང་དང་བརྟན་སྙོམས་ངང་འཕེལ་རྒྱས་ཡོང་བའི་གནས་བབ་རྒྱུན་འཁྱོངས་བྱས་པ་རེད།ས་ཁུལ་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་113.6ཟིན་པ་དེ། 16%འཕར་བ།གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་155.3ཟིན་པ་དེ།25.2%འཕར་བ།སྤྱི་པའི་རྒྱུ་ནོར་གྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་10.8ཡོངས་སུ་གྲུབ་པ་དེ།25%འཕར་བ།སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་30ཟིན་པ་དེ།18.5%འཕར་བ།གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ཀྱི་བཀོད་སྒྲིག་ཐུབ་པའི་ཡོང་འབབ་སྒོར་21535ཟིན་པ་དེ། 10.4%འཕར་བ།ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་4769ཟིན་པ་དེ།16.2%འཕར་བ།མི་འབོར་གྱི་རང་ཤུགས་སུ་འཕར་ཚད་4.21%ཡིན་པ་དང་།གྲོང་རྡལ་གྱི་ཐོ་འགོད་པའི་ལས་ཤོར་ཚད་3.8%ཟིན་པ།སྡེ་ཚན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་འཛད་གྲོན་2.3%མར་བབས་པ་རེད།
        ཐོག་མཐའ་བར་གསུམ་དུ་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱས་ཏེ།འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་ལས་ལྷག་པར་མཐོ་རུ་འཕར་བ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གོང་རིམ་ལ་སྙན་ཞུ་འབུལ་བ་དང་སྣེ་མཐུད་པའི་ཤུགས་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས།རྣམ་གྲངས་བརྩོན་ལེན་བྱེད་པའི་ལས་ཀར་གྲུབ་འབྲས་ཐོབ་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས།རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡིས་བདེ་ཆེན་བོད་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཕེལ་སྒྱུར་མ་འཇོག་(2012)ཡིག་ཆ་ཨང་1784དེ་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་།ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ནས་ཆེད་དོན་གྱི་ལས་ཀའི་ཚོགས་འདུ་འཚོགས་ཏེ།དེང་ཕྱིན་གྱི་དུས་སྐབས་ཤིག་རིང་ལ་རྒྱལ་ཁབ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་དང་མ་དངུལ།སྲིད་ཇུས་བྱ་ཐབས་གསལ་འབེབས་བྱས་པ་རེད།ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོས་གཏན་འབེབས་བྱས་པའི་གལ་ཆེའི་རྣམ་གྲངས་ཁག་136གི་ལས་འགོ་ཚུགས་རྒྱུ་ཕལ་ཆེར་མངོན་དུ་འགྱུར་ཡོད།གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་140.3ཡོངས་སུ་གྲུབ་པ་དེ།གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི་90%ཟིན་ཡོད།དེའི་ནང་དུ།འགྲིམ་འགྲུལ་འཛུགས་སྐྲུན་ལ་མ་འཇོག་སྒོར་དུང་ཕྱུར་28.7ཡོངས་སུ་གྲུབ་པ།གཞུང་ལམ་བསྒྱུར་སྐྲུན་སྤྱི་ལེ་918བྱས་པ།གྲོང་ཁྱེར་འཛུགས་སྐྲུན་ལ་མ་འཇོག་སྒོར་དུང་ཕྱུར་10.4ཡོངས་སུ་གྲུབ་པ།གྲོང་ཁྱེར་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་1.9གསར་སྣོན་བྱས་པ།ནུས་ཁུངས་འཛུགས་སྐྲུན་ཐད་ལ་མ་འཇོག་སྒོར་དུང་ཕྱུར་41ཡོངས་སུ་གྲུབ་པ།གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་14.4གསར་དུ་བསྣན་པ།ཆུ་བེད་འཛུགས་སྐྲུན་ཐད་ལ་མ་འཇོག་སྒོར་དུང་ཕྱུར་5.1ཡོངས་སུ་གྲུབ་པ།ལས་ཆོད་ལྡན་པའི་ཆུ་འདྲེན་ཞིང་ཁ་མུའུ་ཁྲི་1.96གསར་དུ་བསྣན་པ།བཟོ་ལས་འདུས་ཁུལ་གྱི་འཛུགས་སྐྲུན་དང་བཟོ་ལས་ཁེ་ལས་ལ་མ་འཇོག་སྒོར་དུང་ཕྱུར་26.6ཡོངས་སུ་གྲུབ་པ།ཡུལ་སྐོར་ལས་རིགས་ལ་མ་འཇོག་སྒོར་དུང་ཕྱུར་9.5ཡོངས་སུ་གྲུབ་པ་རེད།
        ཐོག་མཐའ་བར་གསུམ་དུ་ཐོན་ལས་འཛུགས་སྐྲུན་དམ་འཛིན་བྱས་ཏེ།འཕེལ་རྒྱས་ཆུ་ཚོད་གོམ་གང་མདུན་སྤོས་ཀྱིས་མཐོ་རུ་བཏང་བ།ལོ་ཡོངས་སུ་ཞིང་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་1.6བཏང་ཞིང་།ཐོན་ཚད་འབྲིང་བ་དང་དམའ་བའི་ཞིང་ཁ་མུའུ་ཁྲི་2.8 བསྒྱུར་བཀོད་བྱས་པ།ཁྱད་ལྡན་ཐོན་ལས་ཀྱི་དཔེ་སྟོན་གྲོང་སྡེ་100འཛུགས་སྐྲུན་བྱས་པ།སྒྲིག་གཞི་ཚང་བའི་གྲོང་སྡེའི་ཐོན་ལས་ཀྱི་ཡུག་སྦྲེལ་གསར་སྤེལ་ཁག་12བྱས་པ།ཞིང་ལས་དང་འབྲེལ་བའི་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་2.2གཅིག་བསྡུས་བྱས་པ།དབུལ་སྐྱོར་ཤང་3་དང་སྒྲིག་གཞི་ཚང་བའི་གྲོང་སྡེའི་དབུལ་སྐྱོར་གྲོང་ཡོངས་སུ་སྐུལ་སྤེལ་གཏོང་བའི་ལས་ཀ་སྤེལ་བ་རེད།སྟར་ཀ་དང་ནས།དུ་ལོ་སོགས་ཀྱི་གནམ་བབ་བཟང་བའི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་མུའུ་ཁྲི་106ཡོངས་སུ་གྲུབ་པ།གཡག་དང་བོད་ཕག་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་50ཡོངས་སུ་གྲུབ་པ།ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་14.8ཡོངས་སུ་གྲུབ་པ་དེ།7.5%འཕར་བ།སྐྱེ་དངོས་ཐོན་ལས་ལ་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་28.3ཡོངས་སུ་གྲུབ་པ།ཐོན་ལས་གཉིས་པར་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་45.7ཡོངས་སུ་གྲུབ་པ་དེ།16.3%འཕར་བ།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བདམས་བསྐོ་བྱས་པ་དང་།ལོ་ནང་དུ་ཡུལ་སྐོར་གྱི་གལ་ཆེའི་རྣམ་གྲངས་ཁག་10ལག་བསྟར་བྱས་པ།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མི་ཐེངས་ཁྲི་1016.67སྣེ་ལེན་བྱས་པ།ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་95.8ཡོངས་སུ་གྲུབ་པ་དེ།33.3%འཕར་བ།སེམས་ཀྱི་ཉི་ཟླའི་མཁའ་འགྲུལ་གྱིས་བདེ་ཆེན་དང་པང་ནན་བར་གྱི་མཁའ་ལམ་སླར་གསོ་བྱས་པ་དང་།ཁྲེང་ཏུའུ་དང་ལྷ་ས།ཀོང་ཀྲུའོ་ནས་བདེ་ཆེན་བར་གྱི་གནས་གྲུའི་ལན་གྲངས་མང་དུ་བཏང་བ།ལོ་ཡོངས་སུ་ཡུལ་སྐོར་འགྲུལ་པའི་འདྲེན་ཚད་མི་ཐེངས་ཁྲི་42.9 ཟིན་པ།རྫོང་ཁོངས་དཔལ་འབྱོར་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།རྫོང་ཁོངས་དཔལ་འབྱོར་ལ་མགྱོ གས་མྱུར་གྱི་འཕེལ་རྒྱས་བྱུང་བའི་གནས་ཚུལ་མངོན་པ།ལོ་མཇུག་ཏུ།དངུལ་རྩའི་ལས་ཁུངས་ཀྱི་དངུལ་གསོག་ཚད་དང་དངུལ་གཡར་གཏོང་བའི་ལྷག་འབོར་སོ་སོར་སྒོར་དུང་ཕྱུར་172.2དང་127.1ཟིན་ཏེ།ལོ་འགོ་ལས་སོ་སོར་21.7%དང་16.0%འཕར་བ།ཉེན་འགོག་འགན་སྲུང་དང་སྦྲག་སྲིད།འཕྲིན་སྐྱེལ།དངོས་ཟོག་གི་སྐྱེལ་འདྲེན་སོགས་ཞབས་འདེགས་ལས་རིགས་ལ་བདེ་བླག་གིས་འཕེལ་རྒྱས་བྱུང་བ།ཐོན་ལས་གསུམ་པ་ལ་སྣོན་ཐང་སྒོར་དུང་ཕྱུར་58.8ཡོངས་སུ་གྲུབ་པ་དེ།17.3%འཕར་བ་རེད།
        ཐོག་མཐའ་བར་གསུམ་དུ་གྲོང་རྡལ་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་པ་དང་།གྲོང་རྡལ་ཅན་གྱི་འཕེལ་རྒྱས་སྔར་བས་ལྷག་པར་མགྱོ གས་སུ་བཏང་བ།འཆར་འགོད་སྔོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།རྫོང་གསུམ་དང་ཆུས་གཅིག་གི་《གྲོང་རྡལ་ཉེ་དུས་ཀྱི་འཛུགས་སྐྲུན་འཆར་གཞི》སོགས་“འཆར་གཞི་གསུམ”དང་《སེམས་ཀྱི་ཉི་ཟླ་རྫོང་གི་གྲོང་ཁྱེར་གྱི་སྤྱི་ཁོག་འཆར་གཞི》དེ་ཞིང་ཆེན་སྲིད་གཞུང་གིས་ཞིབ་དཔྱད་མཆན་འགོད་བྱས་ཚར་ཞིང་།རྡོ་མཁར་རྫོང་དང་ཡེ་ཀྲི་དང་ཀོང་རྩེད་ར་སོགས་ཁྱད་ལྡན་གྲོང་རྡལ་ཆུང་བ་ཁག་6གི་འཆར་གཞི་བཟོ་བ་དང་རང་བྱུང་གྲོང་སྡེ་2265་ཡི་འཆར་གཞི་ཡོངས་སུ་གྲུབ་ཚར་བ།གྲོང་ཁྱེར་གྱི་འཛུགས་སྐྲུན་མགྱོ གས་སུ་བཏང་བ།གལ་ཆེའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁག་10ལག་བསྟར་བྱས་པ།སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཤར་ཕྱོགས་སུ་རྒྱ་སྐྱེད་ལས་གྲྭ་དང་ལྷོ་ཕྱོགས་སུ་བསྲེང་བའི་ལས་གྲྭའི་འཛུགས་སྐྲུན་དེ་ཁྱོན་ཡོངས་ནས་ལས་འགོ་ཚུགས་ཡོད།བདེ་ཆེན་རྫོང་གི་གྲོང་ཁྱེར་རྙིང་པའི་ཁུལ་གྱི་བསྒྱུར་བཀོད་དང་འབའ་ལུང་རྫོང་གི་ཆུ་ངོགས་ཀྱི་ཕྱོགས་བསྡུས་གྲོང་ཁྱེར་ལས་གྲྭའི་འཛུགས་སྐྲུན་བདེ་བླག་ངང་སྒྲུབ་བཞིན་ཡོད།གྲོང་རྡལ་གྱི་མི་འབོར་ཁྲི་1.1གསར་དུ་བསྣན་ཡོད།གྲོང་རྡལ་ཅན་དུ་འགྱུར་ཚད་2%མཐོ་རུ་འཕར་ཡོད་དེ།26.4%ཟིན་ཡོད།གསར་སྤེལ་གྱི་མ་དངུལ་སྒོར་དུང་ཕྱུར་1.08ཟིན་ཡོད་དེ།བདེ་ཆེན་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་མདའ་རི་གྲོང་སྡེའི་ཕྱོགས་བསྡུས་གསར་སྤེལ་ལ་ཕན་འབྲས་དངོས་ཐོབ་ཡོད།ཞིང་ཆེན་རིམ་པའི་གལ་ཆེའི་གྲོང་སྡེའི་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་རྣམ་པ་སྔར་ལས་ལྷག་པར་ལེགས་སུ་བཏང་ཡོད།
        ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་པ།སྣོད་བཅུད་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་ལྷག་པར་མཐོ་རུ་འཕར་བ།སྣོད་བཅུད་ཁོར་ཡུག་གི་སྲུང་སྐྱོང་གྲོན་དངུལ་སྒོར་དུང་ཕྱུར་3.6བཏང་བ།རང་བྱུང་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་2726དང་མུའུ་ཁྲི་779.5ཡི་རྩྭ་ཐང་ལ་ལས་ཆོད་ལྡན་པའི་སྲུང་སྐྱོང་ཐོབ་པ་རེད།འབའ་ལུང་རྫོང་གི་ཆུ་གསུམ་མཉམ་བཞུར་གྱི་རྩ་ཆེའི་འཇིག་ཉེན་ཆེ་བའི་རྩི་ཤིང་གི་སྲུང་སྐྱོང་ལས་གྲྭ་དང་ནགས་ཕག་མཚོའི་རླན་སའི་ཕྱོགས་བསྡུས་སྲུང་སྐྱོང་སོགས་ཀྱི་སྣོད་བཅུད་འཛུགས་སྐྲུན་མགྱོ གས་སུ་བྱེད་བཞིན་ཡོད་པ་དང་།མིའི་ཐབས་ཀྱིས་ནགས་ཚལ་གསོ་བ་དང་རི་རྒྱ་ནགས་གསོ་མུའུ་ཁྲི་32.7ཡོངས་སུ་གྲུབ་པ།ཐོན་ཚད་དམའ་འབྲིང་གི་ནགས་ཚལ་བསྒྱུར་བཀོད་མུའུ་ཁྲི་10བྱས་པ་དང་།འབྲོག་བསྐྱུར་རྩྭ་ཐང་གི་གསབ་འདེབས་མུའུ་ཁྲི་82.4བྱས་པ།སྣོད་བཅུད་ཀྱི་ཡུལ་མི་གནས་སྤོ་དང་གནས་སྤོའི་གསར་སྤེལ་དུད་ཚང་510ཡི་མི་གྲངས་2784ཟིན་པ།བདེ་ཆེན་རྫོང་གི་ས་གཤིས་གནོད་སྐྱོན་གྱི་བཅོས་སྐྱོང་དང་འབའ་ལུང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་བཅོས་སྐྱོང་སོགས་ལས་གྲྭ་བདེ་བླག་ངང་སྤེལ་བཞིན་ཡོད།གྲོང་ཁྱེར་དང་གྲོང་ཁྱེར་ཉེ་འཁོར་གྱི་རིའི་ས་གཤིས་བཅོས་སྒྲིག་དང་སྔོ་ཁེབས་ཀྱི་སླར་གསོའི་ལས་གྲྭ་སོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།གྲོང་ཁྱེར་གྱི་གད་སྙིགས་བཀོད་སྒྲིག་དང་ཆར་པའི་ཆུ་བཙོག་བཀོད་སྒྲིག་སོགས་ལས་གྲྭའི་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོ གས་སུ་སྤེལ་བཞིན་པ།ཁུན་མིང་ངར་ལྕགས་བཟོ་གྲྭའི་ལྕགས་འདྲེས་མ་སོགས་ཀྱི་བཟོ་ལས་ཀྱི་གྲོན་ཆུང་ལག་རྩལ་རྣམ་གྲངས་ལག་བསྟར་བྱས་པ་དང་།གྲོང་གསེབ་ཀྱི་རྫབ་རླངས་རྫིང་བུ་ཁག་2600གསར་དུ་འཛུགས་པ་དང་བུད་ཤིང་གྲོན་ཆུང་མེ་ཐབ་དུད་ཚང་2200བཙུགས་པ།ཉི་ནུས་ཆུ་ཚའི་སྣོད་སྤྱད་10353བཙུགས་པ།སྡེ་ཚན་གྱི་སྤྱིའི་ཐོན་རྫས་རིན་ཐང་གི་ནུས་འཛད་ཚོད་འཛིན་གྱི་དམིགས་ཡུལ་ཡོངས་སུ་གྲུབ་པ་རེད།
        ཐོག་མཐའ་བར་གསུམ་དུ་བཅོས་བསྒྱུར་སྒོ་འབྱེད་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་ལྷག་པར་མཐོ་རུ་གཏོང་བ།སྦྲག་སྲིད་ཀྱི་ལམ་ལུགས་བཅོས་བསྒྱུར་ལ་ཕན་འབྲས་ཐོབ་པ།ནོར་ཁྲལ་གྱི་ལམ་ལུགས་བཅོས་བསྒྱུར་དེ་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་བ།ཞིང་ལས་ཀྱི་མི་གྲངས་དེ་གྲོང་རྡལ་མི་གྲངས་སུ་སྤོ་བསྒྱུར་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།“ཞིང་པ་གྲོང་རྡལ་དུ་སྤོ་བའི”གོམ་སྟབས་མགྱོ གས་སུ་གཏོང་ཞིང་།ཞིང་ལས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་མུ་མཐུད་དུ་ཤུགས་སྣོན་རྒྱག་པ།སློབ་གསོ་དང་རིག་གནས།སྨན་རིགས་དང་འཕྲོད་བསྟེན་སོགས་ཀྱི་སྒྲིག་གཞིའི་བཅོས་བསྒྱུར་གོམ་བརྟེན་ངང་སྤེལ་བཞིན་པ།ཕྱི་རོལ་ལ་སྒོ་འབྱེད་ཤུགས་མུ་མཐུད་དུ་རྒྱ་སྐྱེད་གཏོང་བ།ཧྲང་ཧེ་དང་ཁུན་མིང་ལ་མཉམ་ལས་བྱེད་ཤུགས་མུ་མཐུད་དུ་རྒྱ་སྐྱེད་གཏོང་བའི་རྨང་གཞིའི་ཐོག   ཡུའེ་ཞི་དང་ཆུའེ་ཅིན་བར་ལ་མཉམ་ལས་ཀྱི་ནང་རྐྱེན་འཛུགས་པ་དང་།ཞིང་ཆེན་རིམ་པའི་སྡེ་ཁག་དང་ཁེ་ལས་དང་མཐའ་འཁོར་ས་ཁུལ་ལ་མཉམ་ལས་གྲོས་མཐུན་འབོར་ཚོ་ཞིག་འཇོག་པ།གྲུབ་འབྲས་ཐོབ་པའི་ངང་ཀོང་ཀྲུའོ་ཞང་ཞུའེ་སྨན་བཟོ་དང་ཧྥ་རན་སེའི་མིང་ཡུའེ་ཞན་ནི་ཧྲི་སོགས་མཉམ་ལས་རྣམ་གྲངས་འབོར་ཚོ་ཞིག་ནང་འདྲེན་བྱས་པ།རྒྱལ་ཕྱིའི་ཚོང་ལས་མ་འཇོག་ཁེ་ལས་དུད་ཚང་3གསར་སྣོན་བྱས་པ།ཁུལ་ཕྱིའི་དངོས་སུ་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་94ནང་འདྲེན་བྱས་པ་དེ།17.3%འཕར་བ།དབུལ་སྐྱུར་མཉམ་ལས་གསར་སྤེལ་ལ་ཚད་བརྒལ་གསར་པ་ཐོབ་སྟེ།ཞིང་ཆེན་རིམ་པའི་རོགས་སྒྲིག་རོགས་སྐྱོར་སྡེ་ཁག་4གསར་དུ་བསྣན་ཡོད་པ་རེད།
        ཐོག་མཐའ་བར་གསུམ་དུ་དམངས་འཚོའི་འགན་སྲུང་དམ་འཛིན་བྱེད་རྒྱུ་མི་གློད་པ་བྱས་ནས།མང་ཚོགས་ཀྱི་འཚོ་བ་སྔར་ལས་ལྷག་པ་ལེགས་སུ་གཏོང་བ།ལས་ཞུགས་གསོ་སྦྱོང་མི་ཐེངས་ཁྲི་4.25བྱས་པ་དང་།གྲོང་ཁྱེར་གྱི་ལས་ཞུགས་མི་གྲངས་5876འཕར་བ།གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་མི་ཐེངས་ཁྲི་4.6བྱས་པ།སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་མུ་མཐུད་དུ་ལེགས་སུ་གཏོང་ཞིང་།གྲོང་རྡལ་གྱི་ལས་བཟོའི་ཆེས་དམའི་གླ་ཕོགས་ཀྱི་ཚད་གཞི་དེ་སྔའི་སྒོར་720ནས་ལེགས་སྒྲིག་བྱས་ཏེ་སྒོར་830ཟིན་པ།“འགན་སྲུང་ལྔའི”འགན་སྲུང་དུ་ཞུགས་མིའི་འབོར་གྲངས་མུ་མཐུད་དུ་མཐོ་རུ་འཕར་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་སྲུང་དུ་ཞུགས་མཁན་མི་གྲངས་ཁྲི་20.5ཟིན་པ་དེ།འགན་སྲུང་དུ་ཞུགས་ཚད་99%ཟིན་པ།གྲོང་ཁྱེར་གྱི་ཆེས་དམའ་འཚོ་བའི་འགན་སྲུང་ལ་སྲུང་འོས་པ་ཀུན་སྲུང་ཞིང་།གྲོང་གསེབ་ཀྱི་དམའ་སྲུང་ལ་མི་གྲངས་4688མཐོ་རུ་འཕར་བ།མི་གྲངས་4122ཡི་ལོ་ན་80ཡན་གྱི་མི་རྒན་པའི་ལོ་ན་མཐོ་བའི་ཕོགས་སྣོན་ལག་བསྟར་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་འཚོ་བའི་འགན་སྲུང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཁ་གསབ་སོགས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.11འགྲེམས་གཏོང་བྱས་པ་དང་།མཐོ་སྒང་གི་ཞིང་འབྲོག་པའི་སློབ་མའི་འཚོ་བ་སོགས་ཀྱི་ཁ་གསབ་མ་དངུལ་སྒོར་9498འགྲེམས་གཏོང་བྱས་པ།མ་དངུལ་སྒོར་དུང་ཕྱུར་7.9འཇོག་ནས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་4500དང་སྨི་གྲུ་བཞི་ཁྲི་22.5འཛུགས་སྐྲུན་བྱས་པ།གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་དང་ས་འགུལ་གྱི་བདེ་སྡོད་ལས་གྲྭ་དུད་ཚང་ཁྲི་1.17དང་འབྲོག་པའི་བརྟན་སྡོད་ལས་གྲྭ་དུད་ཚང་2030འཛུགས་པ་རེད།སྤྱིལ་ཁྱིམ་ཁུལ་གྱི་བསྒྱུར་བཀོད་དུད་ཚང་200དང་དབུལ་སྐྱོར་བདེ་སྡོད་ལས་གྲྭ་དུད་ཚང་800ཡོངས་སུ་གྲུབ་པ་རེད།སྡོད་ཁང་གི་སྤྱི་པའི་གསོག་དངུལ་གྱི་འཇལ་གསོག་བསྡུར་ཚད་ནི་10%ནས་12%རུ་འཕར་ཡོད།
        ཐོག་མཐའ་བར་གསུམ་དུ་ལས་དོན་ཁག་གི་འཛུགས་སྐྲུན་དམ་འཛིན་བྱས་ནས།སྤྱི་པའི་ཞབས་འདེགས་ནུས་ཤུགས་སྔར་ལས་ལྷག་པར་མཐོར་འདེགས་གཏོང་བ།སློབ་གསོ་ལས་དོན་གྱི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་19.6བཏང་བ་དང་།ལོ་གསུམ་གྱི་སློབ་བསྒྱུར་ལས་འགན་སྤྱི་ཁོག་ནས་སྒྲུབ་ཚར་བ།སློབ་གྲྭའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་།བཀོད་སྒྲིག་བྱེད་ཚུལ་ལེགས་སྒྲིག་བྱེད་པ།སློབ་གསོ་སོགས་ཀྱི་ལས་ཀར་གོང་འཕེལ་ཆེན་པོ་བྱུང་བ།རྣམ་པ་གསར་བའི་གྲོང་གསེབ་མཉམ་ལས་སྨན་བཅོས་སུ་ཞུགས་པའི་མི་གྲངས་ཁྲི་29.3ཡོད་པ་དང་།སྨན་བཅོས་མཉམ་ལས་སུ་ཞུགས་ཚད་97.1%ཟིན་ཏེ།མི་རེའི་ཆ་སྙོམས་ཀྱི་དངུལ་གསོག་ཚད་གཞི་སྒོར་290རུ་བཏང་བ།གྲོང་ཁྱེར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དུ་ཞུགས་པའི་མི་གྲངས་ཁྲི་3.9ཟིན་པ།གྲོང་ཁྱེར་སྡོད་དམངས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགན་བཅོལ་དང་ནད་ཆེན་ཁ་གསབ་སྨན་བཅོས་ཀྱི་འགན་བཅོལ་ལས་འགོ་ཚུགས་ཤིང་ལག་བསྟར་བྱས་པ།བདེ་ཆེན་མི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཆུས་འཛུགས་རྒྱུའི་འཆར་གཞི་ལ་རྒྱལ་ཁབ་ཀྱིས་ཞིབ་དཔྱད་ཆོག་མཆན་ཐོབ་པ་དང་།མི་རིགས་རིག་གནས་ཀྱི་ཞིབ་འཇུག་དང་རིག་གནས་ཐོན་ལས་ཀྱི་འཛུགས་སྐྲུན།རིག་གནས་ཚོང་རའི་དོ་དམ།གསར་འགྱུར་པར་སྐྲུན་གྱི་ལས་ཀ་བྱེད་པར་ཤུགས་བསྣན་པ།ཞིང་ཆེན་སྐབས་བཅུ་པའི་མི་རིགས་ལུས་རྩལ་འགྲན་ཚོགས་སྤེལ་སའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་ཆས་112བཙུགས་ཚར་བ་རེད།
        ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་དོ་དམ་དང་གསར་གཏོད་དམ་འཛིན་བྱས་པ་དང་།ཞི་མཐུན་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་བརྟན་འཇགས་བྱུང་བ།གཏིང་ཟབ་ཀྱིས“ཞི་མཐུན་གྱི་ཁུལ་འཛུགས་པའི”བྱ་ཐབས་ལག་བསྟར་བྱས་ཤིང་།བདེ་འཇགས་བདེ་ཆེན་གྱི་འཛུགས་སྐྲུན་ལ་ནན་པོའི་ངང་སྐུལ་འདེད་བཏང་བ།ཕྱོགས་ཡོངས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་པ་དང་།སྔར་ལས་ལྷག་པར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེའི་དོ་དམ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕུགས་ཕན་ལམ་ལུགས་འཐུས་ཚང་དུ་བཏང་བ།ནན་ཏན་གྱིས་“མང་ཚོགས་བཞིའི་སློབ་གསོ”དང་།“ལས་བྱེད་པ་སྟོང་ཕྲག་གྲོང་གསེབ(དགོན་སྡེ)རུ་ཞུགས་ནས་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བྱེད་སྒོ་སྤེལ་ནས།མི་རིགས་མཐུན་སྒྲིལ་དང་།ཆོས་ལུགས་གོ་རིམ་ལྡན་པའི་གནས་བབ་ཡག་པོ་ལ་བརྟན་འཇགས་དང་གོང་སྤེལ་ཐོབ་པ།བོད་ཁུལ་གྱི་བརྟན་སྲུང་ལས་ཀའི་“དོན་ཆེན་མི་བྱུང་ལ་དོན་ཆུང་ཡང་མི་བྱུང་བའི”བླང་བྱ་ལྟར།ཕྱོགས་ཡོངས་ནས་བོད་འབྲེལ་གྱི་ཕྱི་དོན་དོ་དམ་ལ་ཤུགས་བསྣན་ཞིང་།དགྲར་འཛིན་སྟོབས་ཤུགས་དང་།ལོག་ཆོས་རྩ་འཛུགས་ལ་བཅའ་ཁྲིམས་ལྟར་རྡུང་རྡེག་དང་སྔོན་འགོག་བྱས་ཏེ།བོད་ཁུལ་གྱི་ཞི་མཐུན་བརྟན་བརླིང་སྲུང་ཡོད།
        ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་པ་དང་།སྲིད་འཛིན་གྱི་ལས་ཆོད་སྔར་ལས་ལྷག་པར་མཐོར་འདེགས་བཏང་བ།རྒྱ་ཆེ་རུ་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་གྲོས་འགོ་དང་གྲོས་གཞི་ཉན་ནས་དུས་ཐོག་ཏུ་དམངས་ཆེན་འཐུས་མིའི་གྲོས་འགོ་43དང་།གྲོས་གཞི་65ཞིབ་གཅོད་བྱས་པ།“བཞི་ལྔའི”ཁྲིམས་ལྟར་ཁུལ་སྐྱོང་གི་འཆར་གཞི་དང་“དྲུག་ལྔའི”ཁྲིམས་ལུགས་ཤེས་བྱ་ཁྱབ་སྤེལ་གཏོང་བའི་འཆར་གཞི་དང་།《བདེ་ཆེན་ཁུལ་གྱི་དུས་ཡུན་རིང་བ་དང་འབྲིང་བའི་ཁྲིམས་འཛུགས་འཆར་གཞི》ལག་བསྟར་བྱེད་འགོ་ཚུགས་པ་དང་།《རྩྭ་ཐང་དོ་དམ་སྲོལ་ཡིག(འཆར་ཟིན)》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་འགོད་པའི་ལས་ཀ་སྒྲུབ་ཚར་བ།གཏིང་ཟབ་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་སོགས་ལམ་ལུགས་འཛུགས་སྐྲུན་ཁག་བཞི་ལ་སྐུལ་འདེད་བཏང་བ།སྲིད་འཛིན་ཁྲིམས་འཛིན་གྱི་བྱ་སྤྱོད་རྒྱུན་མཐུད་དུ་ཚད་ལྡན་ཅན་དུ་བཏང་བ།ཕྱོགས་བསྡུས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལས་ཀ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།
        འཐུས་མི་རྣམས་པ།འདས་པའི་ལོ་ཞིག་ལ་འཕར་ཚད་བརྟན་སྲུང་གི་གནོན་ཤུགས་སྔར་བྱུང་མ་མྱོང་།འོན་ཀྱང་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་སྤེལ་སྔར་བཞིན་གོམ་སྟབས་བརྟན་པོ་སྤོས་ནས།ས་ཁུལ་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100ལས་བརྒལ་བ་དང་།སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་10ལས་བརྒལ་བ།ཡུལ་སྐོར་མི་གྲངས་ཁྲི་1000ལས་བརྒལ་བ།མཁའ་སྐྱོད་ཡུལ་སྐོར་གྱི་འདོན་འཇོག་བྱེད་ཚད་མི་གྲངས་ཁྲི་40ལས་བརྒལ་བའི་གྲུབ་འབྲས་དེ་དག་ཐོབ་སླ་པོ་མིན་པས།ང་ཚོ་ལ་སྐུལ་མ་བཏང་ཡོད།འདི་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུས་བརྟན་པོའི་ངང་འགོ་ཁྲིད་བྱས་པའི་གྲུབ་འབྲས་ཡིན་ཞིང་ཁུལ་དམངས་ཆེན་དང་།ཁུལ་སྲིད་གྲོས།སྤྱི་ཚོགས་ལས་རིགས་ཁག་གི་ནུས་པ་ལྡན་པའི་ངང་ལྟ་སྐུལ་བྱས་པ་དང་རོགས་སྐྱོར་ཆེན་པོ་བྱས་པའི་གྲུབ་འབྲས་ཡིན་ལ།ཁུལ་ཡོངས་རྒྱ་ཆེ་བའི་ལས་བྱེད་པ་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་དང་།མཐུན་སྒྲིལ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན།ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས།ཁུལ་ཡོངས་མི་རིགས་ཁག་གི་མི་དམངས་དང་།མི་དམངས་ཚོགས་པ།བདེ་ཆེན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག  དྲག་དཔུང་རུ་ཁག་གི་དཔོན་དམག  བདེ་ཆེན་གྱི་འཛུགས་སྐྲུན་གོང་སྤེལ་ལ་སེམས་ཁུར་བྱས་པའི་ལས་རིགས་ཁག་གི་མི་སྣ་ལ། བླ་ན་མེད་པའི་གུས་སེམས་དང་།སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
        འདས་པའི་ལོ་གཅིག་ལ་ཕྱི་མིག་བལྟས་ན།ང་ཚོས་རིག་པ་གསལ་པོས་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་སྤེལ་ད་དུང་དཀའ་ངལ་དང་གནད་དོན་མང་པོ་ཐུག་པར་ངོས་འཛིན་བྱེད་དགོས།གཙོ་བོ་ནི་གཞི་རྩའི་སྒྲིག་ཆས་ཞན་པ་དང་།ཐོན་ལས་ཀྱི་གོ་རིམ་དམའ་བ།གོང་སྤེལ་མགྱོ གས་སུ་གཏོང་རྒྱུ་ལ་འགན་ཆེ་བ་དང་།སློབ་གསོ།སྨན་བཅོས་འཕྲོད་བསྟེན།སྤྱི་ཚོགས་འགན་སྲུང་སོགས་ལས་ཀའི་དོ་དམ་དང་ཞབས་འདེགས་ཞུ་བར་ད་དུང་མི་འདང་ས་གནས་པ།དབུལ་པོའི་མི་གྲངས་མང་བ་དང་གྲོང་གསེབ་ཀྱི་གོང་སྤེལ་རྗེས་སུ་ལུས་ཤིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་སྤེལ་ལ་དོ་མཉམ་མེད་པ།ཞི་མཐུན་བརྟན་བརླིང་གི་ལས་འགན་དཀའ་ཚེགས་ཆེན་པོ་བྱུང་བ།ལས་བྱེད་པ་ཉུང་ཤས་ཀྱི་སྙིང་སྟོབས་མི་འདང་བ་དང་།དོན་འཁྱོལ་བྱེད་ཤུགས་ད་དུང་ཆེ་རུ་གཏོང་དགོས་ཀྱི་རེད།དེ་དག་ལ་དམིགས་ནས།ང་ཚོས་བྱ་ཐབས་ནན་པོ་སྤྱད་ནས་མགྱོ གས་པོར་ཐག་གཅོད་བྱེད་དགོས།
        གཉིས།2013ལོའི་ལས་ཀའི་བསམ་འཆར།
        ད་ལོ་ནི།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལས་འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་།“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་སྔ་མཐུད་ཕྱི་སྐྱོང་གིས་ལག་བསྟར་བྱེད་པའི་ལོ་ཞིག་ཡིན།ད་ལོའི་སྲིད་གཞུང་ལས་ཀ་ཡག་པོ་སྒྲུབ་ན།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་གནད་ཆེ་བྱུང་ཡོད།
 ད་ལོའི་སྲིད་གཞུང་ལས་ཀའི་སྤྱི་ཁོག་བླང་བྱ་ནི།གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་།ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་དོན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཡིས་ཁྲིད་སྟོན་བྱས་ནས།“དཔེ་སྟོན་ཁུལ་”འཛུགས་པའི་དམིགས་འབེན་དམ་འཛིན་བྱེད་པ་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཡིས་བརྗོད་བྱ་གཙོ་བོ་བྱེད་པ།མགྱོ གས་པོས་དཔལ་འབྱོར་གོང་སྤེལ་གྱི་བྱ་ཐབས་བསྒྱུར་བ་ཡིས་གཙོ་སྐུད་བྱེད་པ།དཔལ་འབྱོར་འཕར་བའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བ་ལྟེ་གནས་སུ་གྱུར་བ།བརྟན་པོའི་ངང་ཡར་ཐོན་ཡོང་བའི་ནང་དོན་གཙོ་བོ་རྒྱུན་འཁྱོངས་བྱས་ནས།གཅིག་གྱུར་གྱིས་དཔལ་འབྱོར་དང་ཆབ་སྲིད།རིག་གནས།སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ནན་ཏན་གྱིས་མ་དངུལ་གཏོང་རྒྱ་ཆེ་རུ་སྐྱེད་པ་དང་།ཐོན་ལས་ཀྱི་དངོས་ཤུགས་ཆེ་རུ་གཏོང་བ།དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ།འབད་བརྩོན་གྱིས་དཔལ་འབྱོར་སྤྱི་ཚོགས་དང་མཆོང་སྐྱོད་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་ལ་གསར་གཏོད་བྱེད་པ།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
        ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དམིགས་འབེན་དང་གྲོས་གཞི་གཙོ་བོ་ནི།ས་ཁུལ་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར18%ཡན་ལ་འཕར་བ་དང་།གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་25%ཡན་ལ་འཕར་བ།སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་13%ཡན་ལ་འཕར་བ།ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་15%ཡན་ལ་འཕར་བ།སྤྱི་ཚོགས་འཛད་རྫས་སིལ་འཚོང་གི་བསྡོམས་གྲངས་20%ཡན་ལ་འཕར་བ།མི་གྲངས་ཀྱི་རང་བྱུང་འཕར་ཚད་5.8%ཡི་ནང་ཚོད་འཛིན་བྱེད་པ།གྲོང་ཁྱེར་གྱི་ལས་ཀ་ཤོར་ཚད་4.5%ནང་ཚོད་འཛིན་བྱེད་པ།ལས་ཁུངས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབྱོར་ནུས་པའི་ཟད་གྲོན་1.3%དམའ་རུ་འབབ་པར་བརྩོན་ལེན་བྱེད་དགོས་པ་དེ་བཅས་རེད།
        གོང་གསལ་གྱི་དམིགས་འབེན་མངོན་དུ་འགྱུར་ན།གཤམ་གསལ་གྱི་ཕྱོགས་10ཡི་ལས་ཀ་འབུར་དུ་ཐོན་པར་ཡག་པོ་སྒྲུབ་དགོས།
        (གཅིག)ཏན་ཏིག་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས། རྣམ་གྲངས་ཀྱི་མ་དངུལ་གཏོང་འཇོག་བྱེད་ཚད་ཇེ་མཐོར་གཏོང་དགོས།  1784རྟགས་ཅན་གྱི་ཡིག་ཆ་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་ཆེད་གཉེར་ལས་ཀའི་ཚོགས་འདུས་གཏན་འབེབས་བྱེད་པའི་དོན་ཚན་དག་དང་དམ་འབྲེལ་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་གྱི་མ་དངུལ་གཏོང་འཇོག་ལ་བརྩོན་ལེན་བྱེད་རྒྱུ་གཙོ་བོར་འཛིན་ནས།   རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱས་ནས། མ་དངུལ་གཏོང་འཇོག་ཅུང་མགྱོ གས་པོས་ཡར་འཕེལ་བྱུང་བར་རྒྱུན་འཁྱོངས་བྱས་ནས། རྒྱ་ཁྱོན་ལྡན་པའི་གཏན་འཇགས་རྒྱུ་ནོར་སྐོར་གྱི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར་200ལ་ཟིན་ཐུབ་དགོས།  
        ཤུགས་ཡོངས་འདོན་ནས་གལ་ཆེའི་རྣམ་གྲངས་དག་ལས་འགོ་ཚུགས་དགོས། ལོ་ཧྲིལ་པོར་གནད་ཆེའི་རྣམ་གྲངས་296བཀོད་སྒྲིག་བྱས་ནས་བསྡོམས་ཏེ་མ་དངུལ་སྒོར་དུང་ཕྱུར་194.3གཏོང་འཇོག་བྱེད་དགོས།  དེ་ལས་ལས་འགོ་གསར་ཚུགས་ཀྱི་རྣམ་གྲངས་197དང་། མུ་མཐུད་ནས་སྐྲུན་པའི་རྣམ་གྲངས་89ཡོད། མ་དངུལ་གཏོང་འཇོག་ལ་དམ་འཛིན་བྱེད་རྒྱུ་དེ་གཙོ་བོའི་རྣམ་གྲངས་གལ་ཆེན་ལ་སྐུལ་སྤེལ་གཏོང་བའི་ཐོག་ཏུ་བཞག་ནས། བདེ་ཆེན་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་གལ་ཆེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་རྒྱུ་དེ་འབུར་དུ་ཐོན་ནས་དམ་འཛིན་བྱེད་དགོས། ས་ཐང་དང་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་། ས་ཐང་དང་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་ཏེ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་བརྒྱ་ལ་ཟིན་པའི་རྣམ་གྲངས་དེ་རྣམ་གྲངས་བརྩོན་ལེན་སྐབས་ཀྱི་གལ་ཆེ་བར་བཞག་ནས། འབད་བརྩོན་བྱས་ནས་ལོ་ནང་དུ་ལས་འགོ་ཚུགས་རྒྱུ་མངོན་དུ་འགྱུར་དགོས།
        རྣམ་གྲངས་ཀྱི་དུས་སྐབས་སྔ་མའི་གྲ་སྒྲིག་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་།  རྣམ་གྲངས་ཀྱི་དུས་སྐབས་སྔ་མའི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འགྲོ་གྲོན་དང་ཡོང་འབབ་ཡར་སྣོན་བྱས་ནས་གལ་ཆེའི་རྣམ་གྲངས་ཀྱི་ཞིབ་འཇུག་དང་། འཆར་འགོད། སྙན་ཞུ་བཅས་ཀྱི་དུས་སྐབས་སྔ་མའི་ལས་ཀར་ཤུགས་རྒྱག་ནས།  རྣམ་གྲངས་སྤུས་ལེགས་འགའ་གྲབས་གསོག་བྱེད་དགོས། ཧུར་ཐག་གིས་བདེ་ཆེན་རྫོང་གནམ་གྲུ་ཐང་གི་རྣམ་གྲངས་བརྩོན་ལེན་བྱེད་དགོས།  ཕྱོགས་ཡོངས་སུ་1784རྟགས་ཅན་གྱི་ཡིག་ཆས་གཏན་འབེབས་བྱས་པའི་གལ་ཆེའི་རྣམ་གྲངས་ཀྱི་དུས་སྐབས་སྔ་མའི་ལས་ཀ་མགྱོ གས་མྱུར་ངང་སྒྲུབ་ནས། ལོ་རེར་རྣམ་གྲངས་འབོར་ཚོ་ཞིག་ལས་འགོ་ཚུགས་ཐུབ་པར་བརྩོན་ལེན་བྱེད་དགོས།  
        (གཉིས) ཀ་རྟེན་ལྟ་བུའི་ཐོན་ལས་འཛུགས་སྐྲུན་ལ་ཤུགས་རྒྱག་ནས། འབད་བརྩོན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྒྲུབ་འབྲས་གསར་པ་བླངས་ཐུབ་པ་བྱེད་དགོས། 
        ཐོན་ལས་འཕེལ་རྒྱས་དེ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱུང་བའི་ལས་ཀ་གནད་འགག་ཞིག་ཏུ་འཛིན་ནས། ནུས་ཤུགས་གཅིག་བསྡུས་བྱས་ནས་ཀ་རྟེན་ལྟ་བུའི་ཐོན་ལས་སྟོབས་ཆེར་བཏང་ནས།  ཁྱད་ལྡན་ཅན་དང་། གཞི་ཁྱོན་ཅན། གཅིག་འདུས་ཅན་གྱི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས།  
        ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་པར་བསྟུན་ནས།  ཡུལ་སྐོར་གྱི་ཐེངས་གཉིས་པའི་ལས་སྒོ་གསར་འབྱེད་གོམ་སྟབས་ཇེ་མགྱོ གས་སུ་གཏོང་བ་དང་།  སུམ་རྩེན་གླིང་དགོན་པ་དང་། རྡོ་མཁར་རྫོང་གི་5Aརིམ་པའི་ལྗོངས་ཁུལ་འཛུགས་སྐྲུན་ལས་ཀར་སྐུལ་སྤེལ་གཏོང་དགོས།  ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་ཞབས་ཞུ་ནུས་པའི་འཛུགས་སྐྲུན་ཤུགས་ཆེར་གཏོང་དགོས།   སེམས་ཀྱི་ཉི་ཟླ་དང་།  ཞི་ལའེ་ཏེང་བཅས་ཚད་གཞི་མཐོ་བའི་གུང་སེང་སྤྲོ་སྐྱེལ་མགྲོན་ཁང་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས།  ཧུར་ཐག་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས། འབད་བརྩོན་གྱིས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་1200ལ་སླེབས་ཐུབ་པ་དང་། ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་110ལ་ཟིན་པ། ཡུལ་སྐོར་སྒོ་འཛིན་གྱི་ཡོང་འབབ་སྒོར་དུང་ཕྱུར་5ལ་ཟིན་ཐུབ་པ་བྱེད་དགོས། 
        ཤུགས་ཆེས་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་གྱི་གནས་བབས་བཟང་པོའི་ཐོན་ཁུངས་ལ་རག་ལས་ནས།  ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་ལས་སྣོན་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། འབད་བརྩོན་གྱིས་ཁུལ་རིམ་པ་དང་། ཞིང་ཆེན་རིམ་པ།  རྒྱལ་ཁབ་རིམ་པའི་གཞི་ཁྱོན་ལྡན་པའི་སྣེ་ཁྲིད་ཁེ་ལས་12ཡན་དུ་ཟིན་ཐུབ་དགོས། ལྗང་མདོག་དང་། བདེ་ཐང་ཅན། སྤྱི་གནོད་མེད་པའི་ཁྱད་ལྡན་ཐོན་རྫས་རྟགས་ཅན་སྐྲུན་ནས།  སྣ་གསུམ་འཛོམས་པའི་བདེན་པའི་ར་སྤྲོད་ཚར་བ་5གསར་སྣོན་བྱེད་དགོས། སྐྱེ་དངོས་ཐོན་ལས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་30ཡན་དུ་ཟིན་པར་འབད་བརྩོན་བྱེད་དགོས། 
        ཆུ་གློག་ཐོན་ལས་ཀྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོ གས་སུ་གཏོང་དགོས།ནན་ཏན་གྱིས་ས་གནས་སྲིད་གཞུང་གི་ཆུ་གློག་གསར་སྤེལ་ཁྲོད་ཀྱི་འབྲེལ་ཡོད་འགན་འཁྲི་ལག་བསྟར་བྱས་ནས། ཧུར་ཐག་གིས་རྒྱལ་ཁབ་གློག་ཤུགས་ཅུས་དང་། ཧྭ་གློག་དང་ཧྭ་ནུས་ཚོགས་པ་བཅས་དང་མཉམ་འབྲེལ་བྱས་ནས་གཙང་གཉིས་ཀྱི་གློག་འདོན་་ཚིགས་ཀྱི་གལ་ཆེའི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གློག་འདོན་ས་ཚིགས་འཛུགས་སྐྲུན་ཁྲོད་ཀྱི་ས་ཆ་བསྡུ་ལེན་གྱི་གསབ་སྣོན་དང་ཡུལ་མིའི་གནས་སྤོ་ལས་ཀར་ཤུགས་རྒྱག་ནས། ཏན་ཏིག་གིས་ཡུལ་མིའི་གནས་སྤོའི་འཛུགས་སྐྲུན་དམ་འཛིན་བྱས་ནས། ཕྱོགས་ཡོངས་ནས་ལི་ཏི་དང་། ཝུའུ་ནུང་ལུང་། ཐུའོ་པ་བཅས་ཀྱི་གློག་འདོན་ས་ཚིགས་ཀྱི་ཡུལ་མི་གནས་སྤོའི་ལས་ཀ་སྤེལ་དགོས། དོ་བདག་དང་ལས་རོགས་བྱས་ནས། སྒང་ཤོད་དང་། ཞུས་ལུང་བཅས་གློག་འདོན་ས་ཚིགས་ཀྱི་དུས་སྐབས་སྔ་མའི་ལས་ཀ་ཡག་པོ་སྒྲུབ་དགོས། 
        གཏེར་ལས་ཀྱི་རྟེན་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ནན་ཏན་གྱིས་ཕུ་ལམ་དང་། གཡག་རྭ། ཆིང་ཧྥུ་བཅས་ཀྱི་གཏེར་ལས་ཀྱི་རྟེན་གཞིའི་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། ཕུ་ལམ་ཟངས་གཏེར་གྱི་དུས་རིང་དང་པོའི་ལོ་རེའི་གཏེར་རྡོ་སྤུས་གཙང་ཐོན་ཚད་ཏུན་ཁྲི་5ཐོན་ཐུབ་པ་དང་འདྲེས་སྦྱོར་གྱི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས་པ་དང་། རྒྱུན་ཆད་མེད་པར་གཏེར་ལས་ཀྱི་ཁེ་ཕན་མཐོ་འདེགས་གཏོང་དགོས། 
        (གསུམ) ཧུར་ཐག་གིས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་བཏང་ནས། ཞིང་པའི་ཡོང་འབབ་ཆུ་ཚད་གསར་དུ་སླེབས་ཐུབ་པར་སྐུལ་དགོས། ཞིང་པའི་ཡོང་འབབ་རྒྱུན་སྲིང་གིས་མཐོར་འདེགས་ཡོང་བ་གཙོ་བོར་འཛིན་ནས། བཟོ་ལས་ཅན་གྱི་འདུ་ཤེས་དང་ཐོན་ལས་ཅན་གྱི་འདུ་ཤེས་སྤྱོད་ནས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཐོན་ལས་ཅན་གྱི་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས། 
        གོམ་གང་མདུན་སྤོས་ཀྱིས་ཞིང་ལས་ཀྱི་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་དགོས།མུ་མཐུད་དུ་ཞིང་གསུམ་དུ་གཏོང་འཇོག་བྱེད་ཚད་ཇེ་ཆེར་བཏང་ནས། མུའུ་ཁྲི་3.5ཡི་ཐོན་ཚད་དམའ་བའི་ཞིང་སའི་ལེགས་བཅོས་ལས་ཀ་ཡག་པོ་སྒྲུབ་དགོས།  ཞིང་གྲོང་གི་ཆུ་འགོའི་ས་ཆ་སྲུང་སྐྱོང་བྱེད་རྒྱུ་གཙོ་བོར་བཞག་ནས། ནན་ཏན་གྱིས་མི་ཕྱུགས་ཀྱི་བཏུང་ཆུ་དང་ཆུ་བེད་ཆུང་གྲས་ལྔའི་ཨར་ལས་འཛུགས་སྐྲུན་དམ་འཛིན་བྱས་ནས། ཆུ་ཞིང་གོ་ཆོད་མུའུ་ཁྲི་2གསར་སྣོན་བྱེད་པ་དང་། མི་ཁྲི་3ཡི་བཏུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པ། ཕྱོགས་ཡོངས་ནས་ཞིང་གྲོང་གི་གློག་དྲ་རིམ་པ་གསར་ཞིང་ལེགས་བཅོས་གཏོང་བའི་ཨར་ལས་འཛུགས་སྐྲུན་བྱེད་པ། ཏན་ཏིག་གིས་གྲོང་པའི་སྣུམ་ལམ་གསར་སྐྲུན་དང་། བསྒྱུར་སྐྲུན་རྒྱང་ཐག་སྤྱི་ལེ་310བྱེད་དགོས།
        ཁྱད་ལྡན་ཞིང་ལས་ཀྱི་རྟེན་གཞིའི་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས།བཟོ་ཚོང་ཁེ་ལས་དང་། སྤྱི་ཚོགས་ཀྱི་མ་དངུལ་གཏོང་འཇོག་བྱས་ནས་ཐོན་ལས་ཅན་གྱི་རྟེན་གཞི་འཛུགས་པར་སྐུལ་ལྕག་བཏང་ནས། ཤུགས་ཆེས་རྒུན་འབྲུམ་དང་། སྟར་ཀ  ནས། སྨན་རྩྭ། རྡོ་ཐ། ཁྱད་ལྡན་གསོ་སྤེལ་ལས་རིགས་ཀྱི་རྟེན་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས།  ཁྱད་ལྡན་ཁེ་ལས་ཀྱི་རྟེན་གཞི་མུའུ་ཁྲི་10གསར་སྣོན་བྱེད་པ་དང་། དེང་རབས་ཅན་གྱི་གསོ་སྤེལ་ར་བ་50གསར་དུ་རྙེད་པ། སྣེ་ཁྲིད་ཁེ་ལས་ལ་སྣེ་ཁྲིད་བྱས་ནས་ཞིང་འབྲོག་ཐོན་རྫས་ཀྱི་མངག་ཐོ་རྒྱ་སྐྱེད་གཏོང་བ་དང་ཞིང་དུད་དང་ཡུན་རིང་གོ་ཆོད་པའི་ཁེ་ཕན་མཉམ་འབྲེལ་ནང་རྐྱེན་འཛུགས་པ། བརྟན་ལྷིང་གིས་ཞིང་གྲོང་གི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཞིང་ལས་ཀྱི་མ་རྐང་མཉམ་ལས་ཁང་བཅས་ཀྱི་ཞིང་གྲོང་གི་དཔལ་འབྱོར་རྩ་འཛུགས་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། 
        ཞིང་ལས་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཞིང་པར་ཕན་པ་དང་ཞིང་པ་ཕྱུག་འགྱུར་སྐོར་གྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། ནན་ཏན་གྱིས་འབྲུ་རིགས་ཉོ་སྒྲུག་སྐབས་ཀྱི་ཆེས་དམའི་གོང་ཚད་དང་གསབ་སྣོན་སྲིད་ཇུས་ལག་བསྟར་བྱས་ནས། ཏན་ཏིག་གིས་འབྲུ་རིགས་ལ་སོགས་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་དགོས།  (བཞི) གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གྱིས་འཕེལ་རྒྱས་གཏོང་བར་སྐུལ་ནས། གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ཁྲོད་དུ་གོམ་པ་གསར་པ་སྤོས་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་འགྱུར་གྱིས་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་ནི་ཕྱོགས་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང་ལོག་གི་རེ་བ་ཡིན་ལ།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་དོན་སྙིང་གཙོ་བོ་ཡིན། གྲོང་རྡལ་གྱི་འཛུགས་སྐྲུན་གཙོ་བོར་འཛིན་ནས། འབད་བརྩོན་གྱིས་དེང་རབས་ཅན་བཞི་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་དགོས། འབད་བརྩོན་གྱིས་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་2%ཡར་ཐོན་བྱུང་ཐུབ་དགོས། 
        (ལྔ)ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ནས།  མཐོ་སྒང་གི་མཛེས་པའི་ཁོར་ཡུག་དང་དགེ་མཚན་གསར་པ་བསྐྲུན་དགོས།  
        སྐྱེ་ཁམས་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་ཡིན།  སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་འདྲ་བས།  ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་གོམ་སྟབས་མཉམ་པོས་འཕེལ་རྒྱས་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། 
        ཏན་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དམ་འཛིན་བྱེད་དགོས།  ནུས་པ་འདང་ངེས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཁྱབ་སྤེལ་བཏང་ནས།  མུ་མཐུད་དེ་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་འབག་བཙོག་མི་བཟོ་བའི་འདུ་ཤེས་མཐོར་འདེགས་གཏོང་དགོས།  
        གཏིང་ཟབ་ཀྱིས“ཚོན་མདོག་སྣ་བདུན་ཡུན་ནན་སེམས་ཀྱི་ཉི་ཟླའི་སྲུང་སྐྱོབ་བྱ་འགུལ”དོན་འཁྱོལ་བཏང་ནས།  རང་བྱུང་སྲུང་སྐྱོབ་ཁུལ་དང་།  མཐོ་སྒང་གི་བརླན་ས།  གནད་ཆེའི་སྐྱེ་ཁམས་རྩོལ་ནུས་ས་ཁུལ་གྱི་དོ་དམ་བྱེད་ཤུགས་ལ་ཤུགས་བསྣན་ཏེ།  མུའུ་ཁྲི2726ལྷག་གི་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།  མུ་མཐུད་ནས་སྐྱེ་དངོས་འབྱུང་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ནས།  ཧུར་ཐག་གིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་མ་ལག་འཛུགས་དགོས།  
        ཏན་ཏིག་གིས་སྐྱེ་ཁམས་ལས་གྲྭའི་འཛུགས་སྐྲུན་དམ་འཛིན་བྱེད་དགོས།  ནན་ཏན་གྱིས“གཙང་བོ་གཉིས”བཞུར་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་དམ་འཛིན་བྱས་ནས།  ཧུར་ཐག་གིས་རྨོ་བསྐྱུར་ནགས་འཛུགས་དང་།  ཕྱུགས་སྐྱུར་རྩ་འདེབས་ཀྱི་ལས་ཀ་སྐུལ་སྤེལ་གཏོང་དགོས་ལ།  “ནགས་ཚལ་གྱི་བདེ་ཆེན”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོ གས་སུ་གཏོང་དགོས།  སྤྱི་ཕན་ནགས་ཚལ་དང་།  ཆུ་འབྱུང་ཁུངས་ཀྱི་ནགས་ཚལ་སོགས་གལ་ཆེའི་སྐྱེ་ཁམས་འཛུགས་སྐྲུན་དམ་འཛིན་ལེགས་པོ་བྱེད་དགོས། ནགས་བསྐྲུན་ལྗང་བསྒྱུར་མུའུ་ཁྲི9དོན་འཁྱོལ་བྱེད་པའི་འཆར་གཞི་བཟོ་དགོས།  ཐོན་ཚད་ཆུང་འབྲིང་གི་ནགས་ཚལ་མུའུ་ཁྲི10ལེགས་བཅོས་བྱེད་དགོས།   ཕྱུགས་སྐྱུར་རྩྭ་ཐང་མུའུ་ཁྲི60སྣོན་འདེབས་བྱེད་དགོས།  ས་ཆུའི་ཕྱོགས་བསྡུས་ལེགས་བཅོས་མུའུ་ཁྲི2བྱེད་དགོས།  ཏན་ཏིག་གིས་སྤྱི་ཕན་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་དང་།  རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་ཏུ་འཁྱོལ་བར་བྱས་ནས།  འོས་འཚམས་ཀྱིས་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོང་བ་དང་ཁ་གསབ་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་དགོས།
        ཏན་ཏིག་གིས་ཁོར་ཡུག་གི་འབག་བཙོག་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་དགོས།   ནན་ཏན་གྱིས་འབག་བཙོག་དངོས་པོའི་སྤྱིའི་གྲངས་ཀ་ཚོད་འཛིན་བྱེད་པའི་ལམ་ལུགས་དོན་འཁྱོལ་བཏང་ནས།  གཟབ་ནན་གྱིས་འབག་བཙོག་དངོས་པོ་ཕྱིར་གཏོང་བར་ཚོད་འཛིན་བྱེད་དགོས།    གྲོང་རྡལ་དང་གྲོང་ཁྱེར་གྱི་འཚོ་བའི་ཆུ་བཙོག་དང་།  གད་སྙིགས།   ཉེན་ཁ་ཡོད་པའི་དངོས་པོ།  སྨན་བཅོས་ཀྱི་ཉེན་ཁའི་དངོས་པོ་ཐག་གཅོད་པ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས།  ཞིང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལ་ཤུགས་བསྣན་ནས།  རྒྱལ་ཁབ་ཀྱི“བྱ་དགའ་སྤྲད་ནས་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི”སྲིད་ཇུས་དོན་དུ་འཁྱོལ་བར་བྱེད་དགོས་པ་དང་།  ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞབས་ཞུ་དེ་ཞིང་གྲོང་གི་ཕྱོགས་སུ་བསྲིང་བར་སྐུལ་སྤེལ་གཏོང་དགོས། 
        ཏན་ཏིག་གིས་ནུས་ཁུངས་བསྲི་ཚགས་བྱེད་པར་དམ་འཛིན་བྱེད་དགོས།  ཁེ་ལས་ཀྱིས་ནུས་ཁུངས་བསྲི་ཚགས་བྱེད་པའི་ལག་རྩལ་ལེགས་བཅོས་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས།   ཤུགས་ཆེན་པོས་ནུས་ཁུངས་བསྲི་ཚགས་ཀྱི་སྒྲིག་ཆས་གསར་བ་དང་།  ལག་ཤེས་གསར་བ།  ལག་རྩལ་གསར་བ་ཁྱབ་སྤེལ་གཏོང་དགོས།  མུ་མཐུད་ནས་ནུས་ཁུངས་ལས་གྲྭའི་འཛུགས་སྐྲུན་དོན་འཁྱོལ་བཏང་ནས།  རྫབ་རླངས་རྫིང་བུ་2000དང་།  ཉི་འོད་ནུས་པ་སྨི་གྲུ་བཞི་མ4000  ནུས་ཁུངས་གྲོན་ཆུང་ཐབ་ཀ་ཁྱིམ་ཚང་2000བཅས་ལ་གསར་འཛུགས་བྱས་ཏེ།   ཕྱོགས་ཡོངས་ནས་ཞིང་ཆེན་གྱིས་མར་སྤྲད་པའི་ལོ་རེའི་ནུས་ཁུངས་བསྲི་ཚགས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས། 
        (དྲུག) གཏིང་ཟབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས།  ཚན་རིག་འཕེལ་རྒྱས་ལ་སྒུལ་ཤུགས་གསར་སྣོན་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་དེ་འཕེལ་རྒྱས་མགྱོ གས་སུ་གཏོང་བའི་རྩ་བའི་ལམ་ཕྱོགས་སུ་བཟུང་ནས།  ཧུར་ཐག་གིས་གསར་གཏོད་འཚོལ་སྙེག་དང་།   ཕྱོགས་ཡོངས་ནས་མངའ་ཁོངས་སོ་སོར་བཅོས་སྒྱུར་བྱེད་པར་སྐུལ་སྤེལ་གཏོང་དགོས་པ་དང་།  མུ་མཐུད་ནས་སྒོ་འབྱེད་དང་མཉམ་ལས་བྱེད་རྒྱ་ཆེར་བསྐྱེད་དེ།   མཚམས་མི་ཆད་པར་ཁོར་ཡུག་འཕེལ་རྒྱས་ཇེ་ལེགས་སུ་གཏོང་དགོས་ལ།  སྒོ་འབྱེད་ཀྱིས་བཅོས་སྒྱུར་དང་།   འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱེད་དགོས།  
        ཧུར་ཐག་གིས་བཅོས་སྒྱུར་གྱི་ཚན་པ་ཁག་ལ་སྐུལ་སྤེལ་གཏོང་དགོས།  རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་དོ་དམ་ལ་ཤུགས་བསྣན་ནས།  རྒྱལ་དབང་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས།  ནན་ཏན་གྱིས་ཁྱིམ་ཐོ་ལམ་ལུགས་ཀྱི་བཅོས་སྒྱུར་ལ་དམ་འཛིན་གང་ལེགས་བྱས་ཏེ།   “ཞིང་པའི་ཁྱིམ་ཐོ་གྲོང་ཁྱེར་གྱི་ཁྱིམ་ཐོ་བསྒྱུར་བའི”ལམ་ཁ་ཡངས་པོར་ཕྱེས་དགོས།   ཞིང་གྲོང་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས།  ཐུན་མོང་ནགས་དབང་ལམ་ལུགས་ཆ་ཚང་བཅོས་སྒྱུར་བྱེད་པར་སྐུལ་སྤེལ་གཏོང་དགོས།   ནོར་ཁྲལ་དང་།  དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་གྱི་འབྲེལ་ཡོད་གཏན་འཁེལ་དོན་འཁྱོལ་ལེགས་པོ་བྱས་ནས།  རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས།  ཧུར་ཐག་དང་བརྟན་བརླིང་གིས་སློབ་གསོ་དང་།  སྨན་བཅོས་འཕྲོད་བསྟེན།  རིག་གནས་སྒྲིག་སྲོལ་བཅོས་སྒྱུར་སྤེལ་ནས།  དངོས་ཐོག་གིས་སྲིད་འཛིན་དོ་དམ་སྒྲིག་སྲོལ་དང་འབོར་ཐེངས་གསར་བའི་སྒྲིག་གཞིའི་བཅོས་སྒྱུར་ལས་ཀ་དམ་འཛིན་ལེགས་པོ་བྱེད་དགོས། 
        མུ་མཐུད་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་རྒྱ་བསྐྱེད་གཏོང་དགོས།  ཁུན་མིང་ནས།  ས་ཐང་དང་།  དེ་ནས་སེམས་ཀྱི་ཉི་ཟླ།   དེ་ནས་ཡང་བོད་ལྗོངས་ཆབ་མདོ་ལ་མཐུད་པའི་དཔལ་འབྱོར་ཁྱམས་རའི་འཛུགས་སྐྲུན་ལ་དངོས་ཕན་རང་བཞིན་གྱི་གོང་འཕེལ་བྱུང་བར་བརྩོན་ལེན་བྱེད་དགོས།  ཧུར་ཐག་གིས་ཏན་ལུའུ་དང་།  བདེ་ཆེན་དང་ཁུན་མིང་།  བདེ་ཆེན་དང་ཡུས་ཞི།  བདེ་ཆེན་དང་ཆུས་ཅིན་བར་གྱི་མཉམ་འབྲེལ་མངའ་ཁོངས་ཕྱི་ལ་བཀྲམས་ནས།  མུ་མཐུད་དེ་ཕྱི་ཕྱོགས་ལ་འབྲེལ་འདྲིས་མཉམ་ལས་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས།  ཐོན་ལས་ཚོང་འགུག་དངུལ་འདྲེན་རྣམ་གྲངས་འཛུགས་པའི་གོམ་སྟབས་ཇེ་མགྱོ གས་སུ་བཏང་ནས།  གལ་ཆེའི་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་ཁག་གཙོ་ཤས་འགའ་འདོན་དགོས།  རྣམ་གྲངས་རྩིས་ལེན་ཞིབ་བཤེར་གྱི་ལྗང་མདོག་ལམ་བུ་ཡངས་པོར་ཕྱེས་ནས།  ཀྲུང་དབྱང་གི་ཁེ་ལས་དང་།  ཡུན་ནན་གྱི་ཁེ་ལས་བདེ་ཆེན་དུ་ཐོན་པའི་ལས་གྲྭར་སྐུལ་སྤེལ་གཏོང་དགོས།  ད་ཡོད་ཀྱི་ཁེ་ལས་སྔར་ལས་ཇེ་ཆེར་དང་ཇེ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག   ལག་རྩལ་གྱི་འདུས་ཚད་མཐོ་ལ།  ཁྲལ་གྱི་ཡོང་སྒོའི་ཕྱོགས་ལ་བྱས་རྗེས་འཇོག་ཐུབ་པའི་ཁེ་ལས་ནང་འདྲེན་བྱེད་པར་གཟབ་ནན་བྱེད་དགོས།   ཚོང་འདྲེན་དངུལ་འགུག་གི་རྣམ་པ་དང་སྤུས་ཚད་ཇེ་མཐོར་བཏང་ནས།  ཁུལ་ཕྱི་རོལ་ནས་ཐོན་པའི་མ་དངུལ་སྒོར་དུང་ཕྱུར110ཚུར་འབྱོར་བར་བརྩོན་ལེན་བྱེད་དགོས། 
        (བདུན) སྤྱི་སྤྱོད་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཇེ་མགྱོ གས་སུ་བཏང་ནས། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་གོམ་སྟབས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས།  
        སྔར་ལས་ལྷག་པར་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས།  ནུས་པ་འདོན་ཚད་ལ་ཤུགས་སྣོན་དགོས།   མུ་མཐུད་ནས་སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ།  མིའི་ཕྱོགས་ཡོངས་ལ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་རྩ་དོན་དུ་བཟུང་བའི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མ་ལག་སྒྲིག་འཛུགས་བྱེད་པ་མགྱོ གས་སུ་གཏོང་དགོས།  
        སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བ་ཇེ་ལེགས་སུ་བསྒྱུར་དགོས། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་གྱི་རྗེས་མཐུད་ལས་ཀ་དམ་འཛིན་གང་ལེགས་བྱས་ནས།  ནན་ཏན་གྱིས་སློབ་ཞུགས་སྔོན་གྱི་སློབ་གསོའི་ལོ་གསུམ་འགུལ་སྤྱོད་འཆར་གཞི་དོན་དུ་འཁྱོལ་བར་བྱེད་དགོས།  ཤང་གྲོང་གི་འོས་འགན་སློབ་གསོ་སྙོམས་སྒྲིག་གིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས།  མུ་མཐུད་དེ་སློབ་ཆུང་དང་།  སློབ་འབྲིང་སློབ་ཞུགས་ཀྱི་ཚད་དང་སྲ་བརྟན་བྱེད་ཚད་ཇེ་མཐོར་གཏོང་དགོས།  མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཁྱབ་གདལ་ཇེ་མགྱོ གས་སུ་བཏང་ནས།  དཀྱུས་མའི་སློབ་འབྲིང་གི་སྤྱིའི་སློབ་སྒྲུབ་ཆུ་ཚད་ཇེ་མཐོར་གཏོང་དགོས།  མགྱོ གས་མྱུར་གྱིས་མི་རིགས་སློབ་གསོར་ཤུགས་བསྣན་ནས།  ཧུར་ཐག་གིས་ཆ་ཚང་བའི་བོད་རྒྱ་སྐད་གཉིས་སློབ་གསོའི་མ་ལག་འཛུགས་དགོས།  ལས་རིགས་སློབ་གསོ་ལ་ནུས་པ་གཏོང་ཚད་ཇེ་ཆེར་བཏང་ནས།  སེམས་ཀྱི་ཉི་ཟླའི་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་སྒྲུབ་ནུས་པ་དང་ཆུ་ཚད་ཇེ་མཐོར་ཡོང་བར་རྒྱབ་སྐྱོར་བྱེད་དགོས།  “ཆག་ཡང་གཉིས་དང་ཁ་གསབ་གཅིག” བོད་ཁུལ་མཐོ་སྒང་ཞིང་འབྲོག་པའི་བུ་ཕྲུག་གི་ཁ་གསབ་རོགས་སྐྱོར་ལས་གྲྭ་དང་།   ཞིང་གྲོང་འོས་འགན་སློབ་གསོ་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་བཅས་དོན་འཁྱོལ་གང་ལེགས་བྱེད་དགོས། 
        མགྱོགས་མྱུར་གྱིས་སྤྱི་སྤྱོད་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་གཏོང་དགོས། སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་དང་།  ཁུལ་བོད་ལུགས་སྨན་ཁང་།  བདེ་ཆེན་རྫོང་དང་འབའ་ལུང་རྫོང་གི་སྨན་ཁང་གི་ཞབས་ཞུའི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  མགྱོ གས་མྱུར་གྱིས་བདེ་ཆེན་མཐོ་སྒང་གི་ནད་འགོག་ལྟེ་གནས་སོགས་སྤྱི་སྤྱོད་འཕྲོད་བསྟེན་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོ གས་སུ་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་བརྡ་འཕྲིན་ཞབས་ཞུའི་དྲ་རྒྱ་འཛུགས་པར་སྐུལ་སྤེལ་གཏོང་དགོས།   གོམ་གང་མདུན་སྤོས་ཀྱིས་རྣམ་པ་གསར་བའི་ཞིང་གྲོང་མཉམ་ལས་སྨན་བཅོས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས།  ཞིང་གྲོང་གསར་བའི་སྨན་ལས་སྨན་བཅོས་ཚད་གཞི་དེ་སྒོར340ལ་ཇེ་མཐོར་གཏོང་དགོས།  ཤུགས་ཆེན་པོས་བོད་སྨན་དང་བོད་ཀྱི་སྨན་བཅོས་གཙོ་བྱས་པའི་མི་རིགས་སྨན་བཅོས་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་།  ཁུལ་བོད་ལུགས་སྨན་ཁང་གནས་སྤོར་བར་ལེགས་འགྲུབ་བྱུང་དགོས།  ཤང་གྲོང་འཕྲོད་བསྟེན་ཁང་དང་།  གྲོང་གསེབ་འཕྲོད་བསྟེན་ཁང་ལ་ཚད་ལྡན་རང་བཞིན་གྱི་འཛུགས་སྐྲུན་བྱས་ནས།  ཤང་དང་།  གྲོང་གསེབ་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་དགོས། གལ་ཆེའི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་དགོས།  ལས་གྲྭའི་ཁྱབ་ཚད་རྒྱ་བསྐྱེད་པ་དང་ཇེ་ལེགས་སུ་ཡོང་བར་སྐུལ་འདེད་བཏང་ནས།  འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་བྱ་དགའ་སྤྲད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། 
        རིག་གནས་དར་རྒྱས་ལ་སྐུལ་སྤེལ་གཏོང་དགོས།  སེམས་ཀྱི་ཉི་ཟླ་མི་རིགས་རིག་གནས་ཐང་ཆེན་དང་བདེ་ཆེན་རྫོང་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས།  མི་རིགས་རིག་གནས་ཐོན་ཁུངས་གསར་སྤེལ་ལ་ཤུགས་བསྣན་ནས།  ཤུགས་ཆེན་པོས་ཁྱད་ལྡན་རིག་གནས་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས།  རྫོང་རིམ་པའི་རིག་གནས་ཁང་དང་།  ཤང་གྲོང་རིག་གནས་ས་ཚིགས།  གྲོང་གསེབ་རིམ་པའི་རིག་གནས་ཁང་སོགས་སྤྱི་སྤྱོད་རིག་གནས་ཞབས་ཞུ་སྙོམས་པོར་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས།  དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་ནས།  ཧུར་ཐག་གིས་གཞི་རིམ་རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།  མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་བྱེད་སྒོ་དར་རྒྱས་སུ་གཏོང་དགོས།  མུ་མཐུད་ནས་རྒྱང་བསྒྲགས་བརྙན་འཕྲིན“གྲོང་གསེབ་རེ་རེར་ཤར་གཏོང་བྱེད་ཐུབ་པ”དང་། “ཁྱིམ་ཚང་རེ་རེར་ཤར་གཏོང་བྱེད་ཐུབ་པ”སོགས་ཐད་གཏོང་འཁོར་སྐར་སྤྱི་སྤྱོད་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་།  མུ་མཐུད་ནས་ས་གནས་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་གྱི་ཁྱབ་ཚད་དང་སྤུས་ཚད་ཇེ་མཐོར་གཏོང་དགོས།  ནན་ཏན་གྱིས“ཚོན་མདོག་སྣ་བདུན་ཡུན་ནན་གྱི་་དམངས་ཡོངས་ནས་ལུས་པོའི་སྦྱོང་བརྡར་བྱེད་པའི་ལས་གྲྭ”དོན་འཁྱོལ་རྩ་འཛུགས་བྱས་ཏེ།  ཞིང་ཆེན་གྱི་སྐབས་བཅུ་བའི་ཞིང་པའི་ལུས་རྩལ་འགུལ་སྐྱོད་འགྲན་ཚོགས་གྲ་སྒྲིག་བྱེད་པའི་ལས་ཀ་ལེགས་པར་སྒྲུབ་ནས།  ཕྱོགས་ཡོངས་ཀྱིས་ཞིང་པའི་ལུས་རྩལ་འགུལ་སྐྱོད་འགྲན་ཚོགས་ཁང་འཛུགས་སྐྲུན་བྱེད་པར་ལེགས་འགྲུབ་བྱུང་དགོས།   ཚན་རྩལ་དང་ཤེས་ལྡན་མི་སྣ་སོགས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།  ཚན་རྩལ་གཏོང་ཚད་ལ་ཤུགས་བསྣན་ནས།  ཧུར་ཐག་གིས་ཚན་རྩལ་གསར་གཏོད་བྱེད་ཤུགས་ལ་སྐུལ་སྤེལ་གཏོང་དགོས་པ་དང་།  གཏིང་ཟབ་ཀྱིས་ཚན་རྩལ་ཁྱབ་གདལ་ལས་ཀ་སྒྲུབ་དགོས།  གོམ་གང་མདུན་སྤོས་ཀྱིས་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་།  ནང་འདྲེན།    འདེམས་སྤྱོད་ཀྱི་སྒྲིག་སྲོལ་དང་སྐུལ་ལྕག་སྒྲིག་སྲོལ་སོགས་འཐུས་ཚང་དུ་བཏང་ནས།  རིགས་སོ་སོའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་འཆར་འགོད་གཅིག་གྱུར་བྱེད་པར་དམ་འཛིན་གང་ལེགས་བྱེད་དགོས།   ལོ་ན་རྒན་པའི་ལས་ཀར་ཤུགས་སྣོན་དགོས།  ཞིབ་བཤེར་སྡོམ་རྩིས་དང་།  སྡོམ་རྩིས།  ཕྱི་དོན།  ཕྱི་རྒྱལ་སྤུན་ཟླའི་ལས་དོན།  གསང་བ།  ཡིག་ཚགས།   མི་དམངས་མཁའ་འགོག   ནམ་གཤིས་སྔོན་བརྡ།  ཡོམ་འགོག་རྒུད་སྐྱོབ།   ས་གནས་ལོ་རྒྱུས་གསར་བཟོ་དང་རྩོམ་སྒྲིག   གསར་འགྱུར་དཔེ་བསྐྲུན་སོགས་བྱ་གཞག་གི་འཕེལ་རྒྱས་ལ་དམ་འཛིན་གང་ལེགས་བྱེད་དགོས།  
        (བརྒྱད།)སྤྱི་ཚོགས་འགན་སྲུང་ནུས་ཤུགས་ཇེ་ཆེར་བཏང་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་བརྩོན་ལེན་བྱེད་དགོས།
        དམངས་འཚོ་དམིགས་སུ་བཀར་བ་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་གཅིག་འགྲིག་གིས་མི་དམངས་མང་ཚོགས་ཀྱི་སེམས་འཁུར་ཆེ་ཤོས་དང་། ཐད་ཀར་ཆེ་ཤོས། དོན་དངོས་དང་འབྲེལ་བ་ཆེ་ཤོས་ཀྱི་ཁེ་དབང་གི་གནས་ཚུལ་སེལ་རོགས་བྱེད་པ། “དམངས་འཚོའི་ལས་གྲྭ”ཡིས“དམངས་སེམས་ལས་གྲྭ”ལ་སྐུལ་སྤེལ་གཏོང་བ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་འགྱུར་དུ་བཅུག་དགོས།
        ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་རྒྱ་སྐྱེད་གཏོང་བ། ལས་ཞུགས་དམིགས་སུ་བཀར་བའི་འཐབ་ཇུས་ལག་བསྟར་བྱས་ནས། སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་དང་། གྲོང་ཁྱེར་དུ་ལས་འཚོལ་བ་དང་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་སོགས་ཚོགས་སྤྱིའི་ལས་ཞུགས་ལས་ཀར་དམ་འཛིན་བྱེད་པ། ལས་ཞུགས་རོགས་སྐྱོར་ཤུགས་ཆེར་གཏོང་བ། མུ་མཐུད་དུ་འབོར་ཆུང་འགན་ལེན་དངུལ་བུན་དང་“ལས་ལམ་གསར་འབྱེད་བྱེད་མཁན་ལ་འབོར་ཆུང་དངུལ་བུན་སྤྲད་པ་དང་། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་བྱེད་པ། ལས་ལམ་གསར་འབྱེད་ལ་རོགས་སྐྱོར་བྱེད་པ། ལས་ལམ་གསར་འབྱེད་ཀྱི་ཁ་གསབ་རོགས་དངུལ་སྤྲད་པའི”སྲིད་ཇུས་ལག་བསྟར་བྱས་ནས། བྱ་ཐབས་མང་པོས་ལས་གནས་གསར་གཏོད་བྱེད་དགོས། ལས་རིགས་གསོ་སྦྱོང་མ་ལག་གི་འཛུགས་སྐྲུན་མགྱོ གས་པོར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཕུང་པོ་གཅིག་གིས་ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་མ་ལག་དང་མི་ཤུགས་ཐོན་ཁུངས་ཀྱི་ཚོང་ར་འཛུགས་སྐྲུན་བྱས་ཏེ། གསར་དུ་སྣོན་པའི་གྲོང་ཁྱེར་ལས་ཞུགས་མི་སྣ6300ཡན་ཟིན་པ་དང་། གྲོང་གསེབ་ཀྱི་ངལ་རྩལ་པ་ལྷག་མ་མི་ཁྲི3.5སྤོ་བར་འགན་སྲུང་བྱེད་དགོས།
        སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གོམ་གང་མདུན་སྤོས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། བདེ་བླག་ངང་སྤྱི་ཚོགས་འགན་སྲུང་མཉམ་འབྲེལ་བྱེད་ཚད་མཐོར་སྤེལ་བ། གོ་རིམ་ལྡན་པའི་རྒན་གསོའི་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོང་གསེབ་སྤྱི་ཚོགས་རྒན་གསོའི་འགན་སྲུང་དཔེ་གསར་དང་གྲོང་རྡལ་སྡོད་མིའི་རྒན་གསོའི་འགན་སྲུང་ཕྱོགས་ཀུན་དུ་ཁྱབ་པར་མངོན་འགྱུར་བྱུང་དུ་འཇུག་པ། སྤྱི་ཚོགས་འགན་སྲུང་མ་དངུལ་འཁོར་བསྐྱོད་བྱེད་ཚུལ་གྱི་ལྟ་སྐུལ་དང་དོ་དམ་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ལ་སེམས་བདེ་བ་དང་ཡིད་ཚིམ་དུ་འཇུག་དགོས། དབང་པོ་སྐྱོན་ཅན་གྱི་དམིགས་གསལ་གཟིགས་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། ཧུར་ཐག་ངང་སྤྱི་ཚོགས་ཕན་བདེ་དང་གཞན་ཕན་གྱི་བྱ་བ་གོང་དུ་སྤེལ་བ། གླ་གཏོང་ཁང་པ་སྦུག2470དང་། སྤྱི་པའི་བོགས་གཡར་ཁང་པ་སྦུག1460 གྲོང་གསེབ་ཉེན་ཁ་ལྡན་པའི་ཁང་པའི་ལེགས་བཅོས་དང་ས་འགུལ་བདེ་སྡོད་ལས་གྲྭ་དུད་7000བཅས་གསར་དུ་ལས་འགོ་ཚུགས་པ། 
        ཧུར་ཐག་གིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་མིའི་ཡོང་འབབ་མཐོར་སྤེལ་བ། ཏན་ཏིག་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་འབྲིང་དམའི་ཚོགས་སྤྱིའི་ཡོང་སྤར་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་མིའི་ཡོང་འབབ་ཕྱོགས་ཀུན་ནས་ཅུང་མགྱོ གས་བའི་ངང་འཕར་བར་སྐུལ་མ་གཏོང་བ། དུས་དང་མཐུན་པས་ཆེས་དམའི་གླ་ཕོགས་ཚད་གཞི་ལེགས་སྒྲིག་བྱས་ཏེ། དུས་ཐོག་ཏུ་ཕོགས་སྣོན་དང་སྐྱིན་གསབ་ཀྱི་སྲིད་ཇུས་དོན་དུ་འཁྱོལ་བ། ཏན་ཏིག་གིས་ཞིང་རོགས་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཀྱི་དོན་འཁྱོལ་དམ་འཛིན་བྱས་ཏེ། ཡོང་སྤར་ཕྱུག་འགྱུར་གྱི་ཐོན་ལས་རོགས་སྐྱོར་ཡག་པོ་བྱས་ནས་ཞིང་པའི་ཡོང་འབབ་གོང་དུ་སྤེལ་བ། 
        (དགུ)སྤྱི་ཚོགས་དོ་དམ་གསར་གཏོད་མདུན་དུ་སྤེལ་ནས། འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་གསར་པ་གཏོད་དགོས། 
        ལས་འགན་དང་པོ་དང་འགན་འཁྲི་དང་པོའི་འབྲེལ་བ་གཅིག་འགྱུར་གྱིས་འཆར་འགོད་བྱེད་པ། གོང་འཕེལ་སྡོམ་ཤུགས་གོང་བུར་འགྲིལ་བ། སྤྱི་ཚོགས་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་མགྱོ གས་པོའི་ངང་མཐོར་སྤེལ་བ། ཤུགས་ཡོངས་ཀྱིས་འཆམ་མཐུན་བརྟན་འཇགས་ཀྱི་ཁོར་ཡུག་ལེགས་པོ་འཛུགས་དགོས།
        མི་རིགས་དང་ཆོས་ལུགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ། ཏན་ཏིག་གིས་ཞིང་ཆེན་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དར་སྤེལ་བརྟན་ལྷིང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྤྱིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱོགས་ཀུན་ནས་དཔེ་སྟོན་ལས་གྲྭ“ཆེན་པོ་བཅུ”ལག་བསྟར་བྱེད་དགོས། 
        ནན་པོའི་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་སྲོལ་ཡིག་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་ལག་བསྟར་བྱས་ཏེ། གཏིང་ཟབ་ཀྱིས“ཁ་བྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་འགན་སྲུང་བྱེད་པ། གོང་འཕེལ་ལ་སྐུལ་སྤེལ་གཏོང་བ”བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོ་སྤེལ་བ་དང་བདེ་འཇགས་འཆམ་མཐུན་དགོན་སྡེའི་འཛུགས་སྐྲུན་བྱེད་སྒོ་སྤེལ་བ། ཏན་ཏིག་གིས་ཆོས་དད་མང་ཚོགས་ཀྱི་ལས་ཀར་དམ་འཛིན་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཆམ་མཐུན་དགོན་སྡེའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ། གོམ་གང་མདུན་སྤོས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེའི་དོ་དམ་དང་། གྲྭ་བའི་དོ་དམ། ཆོས་དོན་བྱེད་སྒོ་སོགས་འཐུས་ཚང་དུ་གཏོང་བ། ཡོང་འབབ་དམའ་བ་དང་འཚོ་བ་ལ་དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་གྲོང་གསེབ་དམའ་སྲུང་དུ་འཇོག་པ།
        སྤྱི་ཚོགས་དོ་དམ་ལས་ཀ་དངོས་སུ་སྒྲུབ་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་སྒྲིག་བཅོས་ཤུགས་ཆེར་གཏོང་བ་དང་། ཁྲིམས་འགལ་བྱས་ཉེས་གསོག་པའི་བྱེད་སྒོ་ལ་སྔོན་འགོག་དང་རྡུང་རྡེག་བྱེད་དགོས། གཞི་རིམ་གྱི་རྨང་གཞིའི་ལས་ཀ་དངོས་སུ་སྒྲུབ་ནས། མུ་མཐུད་དུ་བོད་ཁུལ་གྱི་བདེ་སྲུང་ལས་ཀའི་རྨང་གཞི་སྲ་བརྟན་དུ་གཏོང་བ། གོམ་གང་མདུན་སྤོས་ཀྱིས་གསང་འཕྲིན་གྱི་ཞིབ་འཇུག་དང་རྡར་ཤ་གཅོད་པ་དང་། མི་སྣ་དང་གྱོ ད་དོན་གཙོ་ཆེའི་ཁུངས་སྣེ་ཞིབ་བཤེར། ཐོལ་བྱུང་དོན་དག་ཐག་གཅོད་བྱེད་པ་སོགས་བོད་ཁུལ་གྱི་བརྟན་སྲུང་ལས་ཀ་དོན་འཁྱོལ་བྱེད་དགོས། ཏན་ཏིག་གིས་གཏིང་ཟབ་ངང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དོན་འཁྱོལ་དང་། ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་སྐྱོད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་བྱེད་སྒོ་སྤེལ་བ། ཡིག་སྐུར་ངོ་གཏུག་ལས་ཀ་ཡག་པོ་སྒྲུབ་པ། ཏན་ཏིག་ངང་འགལ་བ་དང་རྩོད་གཞིའི་ཞིབ་བཤེར་དམ་པོ་འཛིན་ནས། གང་ཐུབ་ཅི་ཐུབ་ཀྱིས་མངོན་མེད་རྐྱེན་ངན་གཞི་རིམ་དུ་ཐག་གཅོད་པ། ཕྱོགས་ཀུན་ནས་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་དུ་འཁྱོལ་བ། ལས་རིགས་དང་ཁྱབ་ཁོངས་གལ་ཆེའི་བདེ་འཇགས་ཐོན་སྐྱེད་ཆེད་དོན་ལེགས་བཅོས་ཤུགས་ཆེར་བཏང་ནས། ཏན་ཏིག་གིས་བྱས་ཉེས་ཚབས་ཆེན་བྱུང་བར་སྔོན་འགོག་བྱེད་དགོས། ས་འགུལ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ལས་ཀར་ཤུགས་བསྣན་ནས། ས་བརྒྱུད་གནོད་སྐྱོན་གྱི་ཕྱོགས་བསྡུས་ལེགས་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་བ། བཟའ་ཆས་སྨན་རྫས་ཀྱི་བདེ་འཇགས་དོ་དམ་ལས་ཀའི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བཟའ་ཆས་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དང་དོ་དམ་ནན་པོ་བྱེད་པ་དང་། བཟའ་ཆས་སྨན་རྫས་ཀྱི་བདེ་འཇགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ། དམངས་དམག་དང་གྲ་སྒྲིག་དམག་ཞབས་མི་སྣའི་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས། རྒྱལ་གཅེས་སློབ་གསོ་དང་། མི་དམངས་གནམ་སྲུང་། དམག་དཔུང་ནས་ཕྱིར་ཐོན་པའི་བཀོད་སྒྲིག་ལས་ཀ་སོགས་ཡག་པོ་སྒྲུབ་པ། གཏིང་ཟབ་ཀྱིས་བྱེད་སྒོ་སྤེལ་བས། མུ་མཐུད་དུ་དམག་སྲིད་དང་དམངས་མིའི་འབྲེལ་བ་དཔེ་གསར་འཛུགས་དགོས།
        (བཅུ།)སྲིད་གཞུང་གི་རང་ཉིད་ཀྱི་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་དང་། ལས་ཁུངས་སྤྱོད་ཚུལ་གྱི་འགྱུར་ལྡོག་གསར་པར་སྐུལ་སྤེལ་གཏོང་བ།
        རྒྱུན་མི་ཆད་པའི་ངང་ཁྲིམས་སྐྱོང་སྲིད་གཞུང་དང་། འགན་ལེན་སྲིད་གཞུང་། ཉི་འོད་སྲིད་གཞུང་། ཁེ་ཕན་སྲིད་གཞུང་སོགས་ཀྱི་འཛུགས་སྐྲུན་མདུན་དུ་སྤེལ་བ། ཏན་ཏིག་གིས་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་། སྲིད་འཛིན་གྱི་ཕན་ནུས་མཐོར་གཏོང་བ། ཧུར་ཐག་གིས་མི་དམངས་ཀྱིས་ཡིད་ཚིམ་ཞིང་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་དགོས།
        དམངས་གཙོ་ཆབ་སྲིད་ཀྱི་འཛུགས་སྐྲུན་ཤུགས་ཆེར་གཏོང་བ། ཏན་ཏིག་གིས“བཞི་ལྔ”ཁྲིམས་ལྟར་ཁུལ་སྐྱོང་འཆར་གཞི་དང་“དྲུག་ལྔ”ཁྲིམས་ལུགས་ཀུན་ཁྱབ་ལས་ཀ་ལག་བསྟར་བྱས་ཏེ། སྲིད་གཞུང་གི་ཁྲིམས་འཛུགས་སྤུས་ཚད་མཐོར་གཏོང་ནས། ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། རང་རྟོགས་ཀྱིས་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་དང་ལེན་བྱེད་པ་དང་ཏན་ཏིག་གིས་ཁུལ་དམངས་ཆེན་གྱི་གཏན་འབེབས་དང་གྲོས་ཆོད་ལག་ལེན་བསྟར་དགོས། ཁུལ་སྲིད་གྲོས་ཀྱི་སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། རང་འགུལ་གྱིས་དམངས་གཙོའི་ལྟ་སྐུལ་དང་ལེན་བྱེད་དགོས། གོམ་གང་མདུན་སྤོས་ཀྱིས་དམངས་ཆེན་འཐུས་མིའི་བསམ་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིའི་བདག་སྤྲོད་བྱེད་པའི་ལས་ཆོད་དང་སྤུས་ཚད་མཐོར་གཏོང་དགོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པའི་ལས་ཀར་སེམས་ཁུར་བྱེད་དགོས།
        ཕྱོགས་ཀུན་ནས་ཁྲིམས་ལྟར་སྲིད་འཛིན་མདུན་དུ་སྤེལ་བ། ཁྲིམས་ལྟར་སྲིད་འཛིན་ལ་སྲིད་གཞུང་ལས་ཀའི་རིམ་པ་སོ་སོ་ཡོངས་སུ་ཁྱབ་པ། ཏན་ཏིག་ངང་ཁྲིམས་ལྟར་སྲིད་འཛིན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ། བཅའ་ཁྲིམས་ཀྱིས་གཏན་འབེབས་ལ་ནན་པོར་གཞིགས་ནས་འགན་ནུས་སྒྲུབ་པ། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལ་སྐུལ་སྤེལ་གཏོང་བ་དང་། ཁྲིམས་བསྟར་སྤྱོད་ཚུལ་ཚད་གཞི་ཅན་དུ་གཏོང་བ། ཏན་ཏིག་གིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཁྲིམས་འཛིན་ལྟ་སྐུལ་དང་། རྩིས་བཤེར་ལྟ་སྐུལ། གླེང་ཕྱོགས་ལྟ་སྐུལ། སྤྱི་ཚོགས་སྤྱི་དམངས་ཀྱི་ལྟ་སྐུལ་སོགས་ལ་མཐོང་ཆེན་བྱེད་དགོས།
        ཤུགས་འདོན་ནས་ཞབས་ཞུའི་ཆུ་ཚད་མཐོར་གཏོང་བ། ཏན་ཏིག་ངང་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ཇེ་ཆེར་བཏང་ནས། མི་དམངས་མང་ཚོགས་ལ་དེ་བས་མང་བ་དང་། དེ་བས་ལེགས་པ། དེ་བས་ཆ་སྙོམས་པའི་སྤྱི་པའི་ཞབས་ཞུའི་ཐོན་རྫས་འདོན་དགོས། སྲིད་དོན་ཡོངས་བསྒྲགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་རྒྱུས་མངའ་བའི་དབང་ཆ་དང་། ཞུགས་པའི་དབང་ཆ། ལྟ་སྐུལ་གྱི་དབང་ཆ་སོགས་འགན་སྲུང་བྱེད་དགོས། གོམ་གང་མདུན་སྤོས་ཀྱིས་ཁུལ་དང་། རྫོང་(ཆུས་)སྲིད་དོན་ཞབས་ཞུ་ལྟ་གནས་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་མཁོ་སྐྱོད་ཚད་གཞི་ཅན་དུ་གཏོང་དགོས།
        མུ་མཐུད་དུ་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ཀྲུང་དབྱང་གི་ཆོད་དོན་བརྒྱད་དང་། ཞིང་ཨུའི་ལག་བསྟར་བྱ་ཐབས་གཏན་འབེབས་ཁག་བཅུ། ཁུལ་ཨུའི་ཆོད་དོན་ཁག་བརྒྱད་ལག་བསྟར་དོན་འཁྱོལ་གཙོ་བོར་བྱས་ཏེ། དངོས་ཡོད་དུ་ཟབ་ཞུགས་བྱེད་པ་དང་། གཞི་རིམ་དུ་ཟབ་ཞུགས་བྱེད་པ། མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱེད་པའི་བྱེད་སྒོ་དམ་འཛིན་དང་དངོས་འཛིན་བྱེད་དགོས། ལས་འགན་དམིགས་འབེན་དཔྱད་ཞིབ་དང་ཞིབ་བཤེར་གྱི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལས་གྲྭ་འཛུགས་སྐྲུན་གྱི་ལྟ་སྐུལ་དང་སྐུལ་འདེགས་ཤུགས་ཆེར་གཏོང་དགོས།
        ཏན་ཏིག་གིས་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་ཤུགས་ཆེར་གཏོང་བ། སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་དོན་དུ་འཁྱོལ་བ། སྲིད་དོན་གཙང་སྐྱོང་གི་ལྟ་སྐུལ་སྒྲིག་གཞི་ལེགས་བཅོས་བྱས་ནས། འབྱུང་ཁུངས་ནས་རུལ་སུངས་ལ་སྔོན་འགོག་དང་སྒྲིག་བཅོས་བྱེད་དགོས། མུ་མཐུད་དུ་ལས་ཁུངས་དང་གཞུང་ཞབས་པའི་ཧུར་བརྩོན་གྲོན་ཆུང་འདུ་ཤེས་ཀྱི་སློབ་གསོ་དྲག་པོར་བཏང་ནས། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། རྡུང་རྡེག་དང་སྔོན་འགོག་མཉམ་དུ་ལག་བསྟར་བྱེད་པར་རྒྱུན་འཁྱོངས་བྱས་ནས་ཁྲིམས་བརྒལ་དང་སྒྲིག་བརྒལ་གྱོ ད་དོན་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བྱེད་དགོས།
        གནས་བབ་ཀྱི་གོང་འཕེལ་དང་། ལས་དོན་གྱི་རྒྱ་འབྱེད་གཏོང་བ། མི་དམངས་ཀྱི་རེ་སྒུག་སོགས་ཀྱིས་ང་ཚོར་དེ་བས་གསར་ཞིང་མཐོ་བའི་བླང་བྱ་འདོན་ཡོད་པས། ང་ཚོས་དེ་བས་བྲེལ་འཚུབ་ཆེ་བའི་འཁུར་སེམས་དང་དེ་བས་དངོས་གཉེར་གྱི་སྤྱོད་ཚུལ་འཛིན་ནས་ཉི་མ་རེ་དང་། ཟླ་བ་རེ། ལས་ཀ་ཁག་རེ་རེ་ཡག་པོ་སྒྲུབ་དགོས།
        འཐུས་མི་རྣམ་པ། མཆོང་སྐྱོད་འཕེལ་རྒྱས་ཀྱིས་ཧུར་བརྩོན་ཡར་ཐོན་ལ་སྐུལ་འདེགས་གཏོང་བ་དང་མདུན་དུ་བསྐྱོད་ནས་སླར་ཡང་གྲུབ་འབྲས་གསར་པ་གཏོད་དགོས། ང་ཚོས་སྔར་ལས་ལྷག་པར་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུས་སྲ་བརྟན་གྱིས་འགོ་ཁྲིད་འོག    བསམ་བློ་བཅིངས་འགྲོལ་དང་། གསར་གཏོད་ཡར་ཐོན། བདེན་འཚོལ་དངོས་གཉེར། ཏན་ཏིག་གིས་ལས་ཀ་སྒྲུབ་ནས། ཧུར་ཐག་གིས་ད་ལོའི་དམིགས་འབེན་ལས་འགན་ཁག་ལེགས་འགྲུབ་བྱས་ནས། རང་ཁུལ་གྱིས་ཕྱོགས་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་ལྷུར་ལེན་བྱེད་དགོས།    (བསོད་ནམས་ཆོས་ལྡན་དང་། ཚུལ་ཁྲིམས། སྒྲོལ་མ་གཡང་མཚོ། སྒྲོལ་མ་ལྷ་མཚོ་བཅས་ཀྱིས་བསྒྱུར།)