རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ལོ་རྒྱུས་མདོར་བསྡུས༣

རྩོམ་པ་པོ།   དུས་ཚོད།   2013-04-27   རྩོམ་ཁུངས།   

བྱམས་པ་ཕུན་ཚོཌ།
       ཕོ།བོད་རིགས།1947ལོའི་ཟླ་5པར་འཁྲུངས།བོད་ལྗོངས་ཆབ་མདོ་ནས་ཡིན།1970ལོའི་ཟླ་10པར་ལས་ཀར་ཞུགས།1974ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཁྲུང་ཆིང་སློབ་གྲྭ་ཆེ་མོའི་འཕྲུལ་ཆས་ཚན་ཁག་གི་འཕྲུལ་ཆས་བཟོ་སྐྲུན་ཆེད་ལས་ནས་ཐོན།སློབ་གྲྭ་ཆེ་མོའི་སྤྱིར་བཏང་འཛིན་གྲྭའི་སློབ་རྒྱུས་ལྡན།
       ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       1970—1972ལོ་བར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཞིང་འཕྲུལ་བཟོ་གྲྭར་ཕྱག་ལས་གནང་།
       1972—1975ལོ་བར་ཁྲུང་ཆིང་སློབ་གྲྭ་ཆེ་མོའི་འཕྲུལ་ཆས་ཚན་ཁག་ནང་འཕྲུལ་ཆས་བཟོ་སྐྲུན་ཆེད་ལས་སློབ་སྦྱོང་གནང་།
       1975—1979ལོ་བར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཞིང་འཕྲུལ་བཟོ་གྲྭའི་ལག་རྩལ་པ་དང་ཁྲང་ཀྲང་གནང་།
       1979—1980ལོ་བར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཞིང་འཕྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གནང་།
       1980—1983ལོ་བར་བོད་རང་སྐྱོང་ལྗོངས་སྤོ་བོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གནང་།(དེའི་རིང་།1981—1982ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)
       1983—1992ལོ་བར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་གནང་།
       1992—1995ལོ་བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གནང་།
       1995—1997ལོ་བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གནང་།
       1997—1998ལོ་བར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       1998—2003ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       2003—2003ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       2003—2006ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གནང་།
       2006—2010ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གནང་།
       2010—2013ལོ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
       2013ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་གནང་།རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་གནང་།
   

ཨའེ་ལི་ཀེང•དབྱི་མིང་པ་ཧའེ།
       ཕོ།ཡུ་གུར་རིགས།1953ལོའི་ཟླ་དགུ་པར་འཁྲུངས།ཤིན་ཅང་དབྱིང་ཅི་ཧྲ་ནས་ཡིན།1971ལོའི་ཟླ་གསུམ་པར་ལས་ཀར་ཞུགས།1980ལོའི་ཟླ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ནུབ་བྱང་ཡང་བའི་བཟོ་ལས་སློབ་གླིང་ཡང་བའི་བཟོ་ལས་ཚན་ཁག་གཉིས་པའི་སྭེལ་སྐྱུར་ཚྭ་ཆེད་ལས་ནས་ཐོན།སློབ་ཆེན་གྱི་སྤྱིར་བཏང་འཛིན་གྲྭའི་སློབ་རྒྱུས་ལྡན།
       ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།
       1971—1972ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་རྫོང་ཤར་རླུང་ཀུང་ཧྲེའི་གཞོན་ནུ་ཤེས་ཡོན་ཅན་གནང་།
       1972—1974ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་རྫ་ཆས་བཟོ་གྲྭར་བཟོ་པ་གནང་།
       1974—1977ལོ།ནུབ་བྱང་ཡང་བའི་བཟོ་ལས་སློབ་གླིང་ཡང་བའི་བཟོ་ལས་ཚན་ཁག་གཉིས་པར་སྭེལ་སྐྱུར་ཚྭ་ཆེད་ལས་སློབ་སྦྱོང་གནང་།
       1977—1984ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་རྫ་ཆས་བཟོ་གྲྭའི་ལག་རྩལ་པ་དང་།འཁོར་ཁང་གི་ཀྲུའུ་རེན།ཁྲང་ཀྲང་གཞོན་པ་བཅས་གནང་།
       1984—1986ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་བཟོ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་གནང་།
       1986—1992ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གནང་།
       1992—1994ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་གྲོང་སྤྱིའི་ལས་རོགས་གནང་།
       1994—1997ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དཔལ་འབྱོར་ཚོང་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་གནང་།
       1997—1999ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕྲུལ་ཆས་གློག་རྡུལ་བཟོ་ལས་ཐིང་གི(རྒྱལ་སྲུང་ལས་དོན་གཞུང་དོན་ཁང)ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང(ཀྲུའུ་རེན)གནང་།
       1999—2001ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་།དྲུང་ཆེ།གཞུང་དོན་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་གནང་།
       2001—2001ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་གནང་།
       2001—2008ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ(2007ལོའི་ཟླ་12བར)སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་གནང་།
       2008—2013ལོ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
       2013ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་གནང་།
   

དབན་ཨེ་ཤང་།
       ཕོ།རྒྱ་རིགས།1956ལོའི་ཟླ་5པར་འཁྲུངས།ཧུའུ་པེ་ཀུང་ཨན་ནས་ཡིན།ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེ་ཨུ་ལྷན་གྱི་ཁོངས་མི།1974ལོའི་ཟླ་3པར་ལས་ཀར་ཞུགས།ཝུའུ་ཧན་སློབ་ཆེན་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་སུའོ་ཡི་རྒྱལ་སྤྱིའི་བཅའ་ཁྲིམས་ཆེད་ལས་ཐོན།ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་དང་ཁྲིམས་རིག་འབུམ་རམས་པའི་ཡོན་གནས་ལྡན།དགེ་རྒན་ཆེ་མོ་བ་ཡིན།
       ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེའི་ཨུ་ལྷན་གྱི་ཀྲུང་དབྱང་ཀྲུའུ་ཞིའི་འགན་བཞེས།
       1974—1977ལོ།ཧུའུ་པེ་ཞིང་ཆེན་ཀུང་ཨན་རྫོང་ཏ་ཧེ་ཤང་ལན་ཧྭ་གྲོང་ཚོའི་གཞོན་ནུ་ཤེས་ཡོན་ཅན་གནང་།
       1977—1980ལོ།ཝུའུ་ཧན་སློབ་ཆེན་གྱི་ཕྱི་སྐད་སྡེ་ཁག་ཏུ་སློབ་སྦྱོང་གནང་།
       1980—1988ལོ།ཝུའུ་ཧན་སློབ་ཆེན་གྱི་ཕྱི་སྐད་སྡེ་ཁག་གི་དགེ་རྒན་དང་ཁྲིམས་རིག་སྡེ་ཁག་གི་ལས་རོཌ་དགེ་རྒན་དང་འཆད་འཁྲིད་དགེ་རྒན(དེའི་རིང་1981—1988ལོར་ཝུའུ་ཧན་སློབ་ཆེན་གྱི་ཁྲིམས་ལུཌ་སྡེ་ཁག་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་གནང་།1986—1987ལོར་ཨ་རིའི་ཡའེ་ལུའུ་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་གི་ཞིབ་འཇུག་སློབ་མ་གནང)གནང་།
       1988—1991ལོ།ཝུའུ་ཧན་སློབ་ཆེན་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེ་མོ་བ་གཞོན་པ་གནང་།
       1991—1992ལོ།འཇར་མན་ཧའེ་ཏེ་པའོ་མ་ཕུའུ་ཞིབ་འཇུག་སུའོ་ཡི་བློ་འདྲིའི་མཁས་དབང་གནང་།
       1992—1993ལོ།ཝུའུ་ཧན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་གི་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དགེ་རྒན་ཆེ་མོ་བ་གནང་།
       1993—1997ལོ།ཝུའུ་ཧན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་གི་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གནང་།
       1997—1999ལོ།ཝུའུ་ཧན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་གི་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཝུའུ་ཧན་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་གནང་།
       1999—2000ལོ།ཝུའུ་ཧན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་གི་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཧུའུ་པེ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་གནང་།
       2000—2002ལོ།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་།
       2002—2011ལོ།ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེའི་ཨུ་ལྷན་གྱི་ཀྲུང་དབྱང་ཀྲུའུ་ཞི་གཞོན་པ་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ།འདྲི་གཅོད་ཨུ་ལྷན་གྱི་ཨུ་ཡོན་བཅས་གནང་།
       2011—2012ལོ།ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེའི་ཨུ་ལྷན་གྱི་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ(པུའུ་ཀྲང་རིམ་པའི་ཐོབ་ཐང)དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་།
       2012—2013ལོ།ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེའི་ཨུ་ལྷན་གྱི་ཀྲུང་དབྱང་གི་ཀྲུའུ་ཞི་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ།འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་།
       2013ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་།ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེའི་ཨུ་ལྷན་གྱི་ཀྲུང་དབྱང་ཀྲུའུ་ཞི།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བཅས་དང་།རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པ་དང་།བཅུ་པ།བཅུ་གཅིག་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན།སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་གནང་།
   

ཀྲང་པའོ་ཝུན།
       ཕོ།རྒྱ་རིགས།1946ལོའི་ཟླ་11པར་འཁྲུངས།ཧྲའན་ཤིས་ཤིན་ཕིང་ནས་ཡིན།དམངས་གཙོ་མནའ་མཐུན་ཚོགས་པའི་ཁོངས་མི།1968ལོའི་ཟླ་12པར་ལས་ཀར་ཞུགས།ཤིས་ཨན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དབྱིན་ཡིག་ཚན་ཁག་ནས་ཐོན།སློབ་ཆེན་གྱི་སློབ་རྒྱུས་ལྡན་པ་དང་དགེ་རྒན་ཆེ་མོ་བ་ཡིན།
       ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞིའི་འགན་བཞེས་བཞིན་ཡོད།
       1964—1968ལོ།ཧྲའན་ཤིས་ཞིང་ཆེན་ཤིས་ཨན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དབྱིན་ཡིག་ཚན་ཁག་ཏུ་དབྱིན་ཡིག་ཆེད་ལས་སློབ་སྦྱོང་གནང་།
       1968—1970ལོ།ཧྲའན་ཤིས་ཞིང་ཆེན་ཀྲོའུ་ཀྲི་རྫོང་ཤིས་ལུའུ་ཀུའུ་ཆུ་མཛོད་དང་ཧྭ་དབྱིན་རྫོང་དམག་སྒར་ཉི་ཤུ་རྩ་གཅིག་པའི་ཞིང་རར་ངལ་རྩོལ་སྦྱོང་བརྡར་གནང་།
       1970—1970ལོ།ཧྲའན་ཤིས་ཞིང་ཆེན་དུང་ཁྲོན་གྲོང་ཁྱེར་ཧོང་པའོ་སློབ་འབྲིང་དུ་དགེ་རྒན་གནང་།
       1970—1974ལོ།ཧྲའན་ཤིས་ཞིང་ཆེན་དུང་ཁྲོན་གྲོང་ཁྱེར་གླུ་གར་ཚོགས་པའི་རོལ་ཆ་རུ་ཁག་གི་རུ་དཔོན་གནང་།
       1974—1987ལོ།ནུབ་བྱང་ཞིང་ལས་སློབ་གླིང་ཕྱི་རྒྱལ་སྐད་ཡིག་ཚོཌ་ཆུང་དུ་དགེ་རྒན་གནང(དེའི་རིང་1976.04—1976.10བར་ཤིས་ཨན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དབྱིན་ཡིག་ཚན་ཁག་ཏུ་ཟབ་སྦྱོང་གནང་བ་དང་།1976—1978ལོ་བར་ཧྲའན་ཤིས་ཞིང་ཆེན་རིག་གནས་ཅུས་ཕྱི་འབྲེལ་ཁྲུའུ་རུ་ལས་བྱེད་སྐོང་གཡར་བྱས་ནས་ཡིག་སྒྱུར་གནང་།1984—1986ལོ་བར་ཨ་རིའི་མིང་ཉི་སུའུ་སློབ་ཆེན་ཞིང་ལས་སློབ་གླིང་ཞིང་ལས་སློབ་གསོ་དོ་དམ་ཆེད་ལས་སུ་ཟབ་སྦྱོང་གནང)
       1987—1990ལོ།ནུབ་བྱང་ཞིང་ལས་སློབ་ཆེན་ཞའོ་ཀྲང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
       1990—1991ལོ།ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞའོ་ཀྲང་གི་ལས་རོགས་གནང་།
       1991—1996ལོ།ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞའོ་ཀྲང་གཞོན་པ་གནང་།
       1996—1997ལོ།ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞའོ་ཀྲང་དང་དམངས་གཙོ་མནའ་མཐུན་ཚོགས་པ་ཧྲའན་ཤིས་ཞིང་ཆེན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་གནང(1996.04)
       1997—1998ལོ།དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་དང་།ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞའོ་ཀྲང་གནང་།
       1998—2000ལོ།རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་དྲུང་ཆེ་གཞོན་པ(ལས་འགན་གཅིག་ལྕོགས)དང་།དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོཌ(1998.09ལ་པུའུ་ཀྲང་རིམ་པའི་ཐོབ་ཐང་ལྟར་ཡིན་པ) ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞའོ་ཀྲང(1999.01གོ་གནས་གནས་དབྱུང་བཏང་བ)བཅས་གནང་།
       2000—2002ལོ།རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་དྲུང་ཆེ་གཞོན་པ(ལས་འགན་གཅིག་ལྕོགས)དང་།དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོཌ།ཞིང་ལས་པུའི་པུའུ་ཀྲང་གཞོན་པ་བཅས་གནང་།
       2002—2007ལོ།དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་གནང་།
       2007—2008ལོ།དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ(པུའུ་ཀྲང་རིམ་པའི་ཐོབ་ཐང་ལྟར་ཡིན་པ)དང་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་གནང་།
       2008—2008ལོ།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་དྲུང་ཆེ་གཞོན་པ(ལས་འགན་གཅིག་ལྕོགས)དང་།དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ(པུའུ་ཀྲང་རིམ་པའི་ཐོབ་ཐང་ལྟར་ཡིན་པ) ཞིང་ལས་པུའི་པུའུ་ཀྲང་བཅས་གནང་།
       2008—2012ལོ།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་དྲུང་ཆེ་གཞོན་པ(ལས་འགན་གཅིག་ལྕོགས)དང་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ(པུའུ་ཀྲང་རིམ་པའི་ཐོབ་ཐང་ལྟར་ཡིན་པ) གནང་།
       2012—2013ལོ།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་དྲུང་ཆེ་གཞོན་པ(ལས་འགན་གཅིག་ལྕོགས)དང་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་གནང་།
       2013ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་།དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་གནང་།
       རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་།རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པ་དང་།བཅུ་པ།བཅུ་གཅིག་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་གནང་།
   

ཁྲེང་ཀྲུའུ།
       ཕོ།རྒྱ་རིགས།1953ལོའི་ཟླ་བརྒྱད་པར་འཁྲུངས།ཅང་སུའུ་ཀྲེན་ཅང་ནས་ཡིན།ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་ཁོངས་མི།1970ལོའི་ཟླ་བཞི་པར་ལས་ཀར་བཞུགས།ཧྥ་རན་སེའི་ཕ་རི་སིའི་སློབ་ཆེན་བདུན་པའི་ཁྲག་རྒྱུན་རིག་པའི་ཞིབ་འཇུག་སུའོ་ཡི་འབྲས་སྐྲན་ནད་གཞིའི་རྨང་གཞིའི་ཆེད་ལས་ཐོན།ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།གསོ་རིག་འབུམ་རམས་པའི་སློབ་གནས་ལྡན།དགེ་རྒན་ཆེ་མོ་བ་དང་།ཞིབ་འཇུག་པ།ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་བཅས་ཡིན།
       ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞིའི་འགན་བཞེས་བཞིན་ཡོད།
       1970—1975ལོ།ཅང་ཤིས་ཞིང་ཆེན་ཤིན་ཕུང་རྫོང་དང་ཧོང་ཕུང་རྫོང་དུ་ཞུགས།གཞོན་ནུ་ཤེས་ཡོན་ཅན་གནང་།
       1975—1977ལོ།ཅང་ཤིས་ཞིང་ཆེན་ཧྲང་རའོ་ས་ཁུལ་འཕྲོད་བསྟེན་སློབ་གྲྭར་སྨན་བཅོས་པ་གཞོན་པའི་ཆེད་ལས་སློབ་སྦྱོང་གནང་།
       1977—1978ལོ།ཅང་ཤིས་ཞིང་ཆེན་ཧྲང་རའོ་ས་ཁུལ་འཕྲོད་བསྟེན་སློབ་གྲྭར་ཁོག་ནད་ཚན་ཁག་གི་སློབ་དཔྱོད་ཚོཌ་ཆུང་གི་དགེ་རྒན་གནང་།
       1978—1981ལོ།ཧྲང་ཧའེ་གསོ་རིག་སློབ་གླིང་གཉིས་པའི་སྨན་བཅོས་ཚན་ཁག་པུའུ་དང་པོའི་ཁྲག་ནད་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གནང་།
       1981—1984ལོ།ཧྲང་ཧའེ་གསོ་རིག་སློབ་གླིང་གཉིས་པའི་ཞོར་གཏོཌ་རུའེ་ཅིན་སྨན་ཁང་གི་ཁོག་ནད་ཚན་ཁག་ནད་སྡོད་སྨན་བཅོས་པ་གནང་།
       1984—1989ལོ།ཧྥ་རན་སེའི་ཕ་རི་སིའི་སློབ་ཆེན་བདུན་པའི་ཧྲེང•ལུའུ་དབྱི་སྨན་ཁང་ཁྲག་རྒྱུན་ལྟེ་གནས་ཚོད་ལྟ་ཁང་ཕྱི་ཁོངས་ནད་སྡོད་སྨན་བཅོས་པ་དང་ཁྲག་རྒྱུན་རིག་པའི་ཞིབ་འཇུག་སུའོ་ཡི་འབུམ་རམས་པའི་ཞིབ་འཇུག་སློབ་མ་དང་མཆོག་རམས་པ་གནང་།
       1989—1993ལོ།ཧྲང་ཧའེ་གསོ་རིག་ཚན་ཁག་སློབ་ཆེན་གཉིས་པའི(ད་ཆའི་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང)ཞོར་གཏོགས་རུའེ་ཅིན་སྨན་ཁང་ཁོག་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་དང་ཧྲང་ཧའེ་ཁྲག་རྒྱུན་རིག་པའི་ཞིབ་འཇུག་སུའོ་ཡི་ཆ་རྡུལ་སྐྱེ་དངོས་རིག་པའི་ཚོད་ལྟ་ཁང་གི་ཀྲུའུ་རེན་དང་ཞིབ་འཇུག་པ་གནང་།
       1993—1995ལོ།ཧྲང་ཧའེ་གསོ་རིག་ཚན་ཁག་སློབ་ཆེན་གཉིས་པའི་ཞོར་གཏོགས་རུའེ་ཅིན་སྨན་ཁང་ཧྲང་ཧའེ་ཁྲག་རྒྱུན་རིག་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ(1995ལོར་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེར་བདམས)གནང་།
       1995—1998ལོ།ཧྲང་ཧའེ་གསོ་རིག་ཚན་ཁག་སློབ་ཆེན་གཉིས་པའི་ཞོར་གཏོགས་རུའེ་ཅིན་སྨན་ཁང་ཧྲང་ཧའེ་ཁྲག་རྒྱུན་རིག་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གནང་།
       1998—2000ལོ།ཧྲང་ཧའེ་གསོ་རིག་ཚན་ཁག་སློབ་ཆེན་གཉིས་པའི་ཞོར་གཏོགས་རུའེ་ཅིན་སྨན་ཁང་ཧྲང་ཧའེ་ཁྲག་རྒྱུན་རིག་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་རྒྱལ་ཁབ་མིའི་རིགས་ཀྱི་གཞི་གྱིན་ཚོགས་ཆུང་ལྷོ་ཕྱོཌ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན(2000ལོར་འཛམ་གླིང་ཚན་རིག་ཁང་གསུམ་པའི་ཡོན་ཧྲེར་བདམས)གནང་།
       2000—2007ལོ།ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ(2003ལོར་རྒྱལ་སྤྱིའི་ཚན་རིག་ཁང་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞི་དང་ཨ་རིའི་ཚན་རིག་ཁང་གི་ཕྱི་ཁོངས་ཡོན་ཧྲེར་བདམས།2005ལོར་ཧྥ་རན་སེའི་ཚན་རིག་ཁང་གི་ཕྱི་ཁོངས་ཡོན་ཧྲེར་བདམས།2005ལོ་ནས་བཟུང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཆ་ལག་ཚང་བའི་སྐྱེ་དངོས་གསོ་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཅིག་ལྕོགས་གནང)གནང་།
       2007—2012ལོ།འཕྲོད་བསྟེན་པུའི་པུའུ་ཀྲང(2010ལོར་ཀྲུང་ཧྭ་གསོ་རིག་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས)གནང་།
       2012—2012ལོ།ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་འཕྲོད་བསྟེན་པུའི་པུའུ་ཀྲང་གནང་།
       2012—2013ལོ།ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དང་འཕྲོད་བསྟེན་པུའི་པུའུ་ཀྲང་གནང་།
       2013ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གནང་།