སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ།པེ་ཅིང་གི་དུས་ཚོད་ཟླ་4ཚེས་20ཉིན་གྱི་ཆུ་ཚོད་8དང་སྐར་མ་2ཐོག་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ(འཕྲེད་ཐིག་བྱང་མའི་ཏུའུ་30.3དང་གཞུང་ཐིག་ཤར་མའི་ཏུའུ་103.0)ས་ཡོམ་རིམ་པ་7.0བརྒྱབ་པ་རེད།ས་ཡོམ་བརྒྱབ་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁག་སོ་སོར་མཛུབ་སྟོན་གལ་ཆེན་གནང་ནས་གནོད་འཚེའི་གནས་ཚུལ་གང་མགྱོ གས་ཤེས་རྟོགས་ཐུབ་པ་བྱས་ཏེ་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཐབས་བརྒྱ་ཇུས་སྟོང་ངང་གེགས་བར་བྱུང་བའི་མང་ཚོགས་ལ་རོགས་སྐྱོབ་དང་ཚན་རིག་དང་མཐུན་པའི་ངང་སྐྱོབ་ཐབས་བྱས་ཐོག་ཤི་རྨས་ཉུང་དུ་གང་ཐུབ་གཏོང་བ་དང་དུས་མཚུངས་ས་ཡོམ་ལ་ལྟ་སྐུལ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡོམ་འཕྲོའི་ཞོར་ཐོན་གནོད་འཚེར་དོགས་ཟོན་ཏན་ཏིག་གིས་གེགས་བར་བྱུང་བའི་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་དོན་འོས་འཚམ་ངང་ཡག་པོ་བསྒྲུབས་ནས་གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 
        སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་འཕྲལ་མར་ཚོགས་འདུ་འཚོགས་ཏེ་ལས་ཀ་བཀོད་སྒྲིག་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་གེགས་སེལ་གྱི་Iརིམ་པའི་འབོད་སྐུལ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་།དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འབྲེལ་ཡོད་ཐད་གེགས་ཁུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་དང་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་ཛ་དྲག་ངང་བསྐྱོད་ཡོད།སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ཡོམ་ཁུལ་དུ་ཕེབས་ནས་ཡོམ་འགོག་གེགས་སེལ་ལས་དོན་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།
        སླར་ཡང་གནས་ཚུལ་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས་20ཉིན་གྱི་ཆུ་ཚོད་13དང་སྐར་མ་15ཐོག་པེ་ཅིང་ནས་གནམ་གྲུར་ཞུགས་ཏེ་སི་ཁྲོན་གཡག་རྔའི་ས་ཡོམ་གེགས་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།


        ཟླ་4ཚེས་20ཉིན་སི་ཁྲོན་གཡག་རྔ་ལུའུ་ཧྲན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པའི་ཁྲོད་ལུའུ་ཧྲན་རྫོང་གི་ལུང་མོན་ཤང་དང་།པའོ་ཧྲེང་ཤང་།ཐའེ་ཕིང་གྲོང་རྡལ་བཅས་སུ་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད་ཅིང་།འདི་ནི་རོགས་སྐྱོབ་དཔོན་དམག་ཚོས་རྨས་མ་ཞིག་བདེ་འཇགས་ལྡན་པའི་ས་ཆར་སྐྱེལ་བའི་གནས་ཚུལ་ཡིན་པ།