སི་ཁྲོན་ཞིང་ཆེན་ལུའུ་ཧྲན་གྱི“4·20”ས་ཡོམ་རིམ་པ་7.0གྱི་ནང་མི་188རྐྱེན་ལམ་དུ་ཤོར་བ་དང། མི་25གར་སོང་ཆ་མེད་དུ་སོང་བ། མི་11950ལ་རྨས་སྐྱོན་ཕོག་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཟླ་4ཚེས་21ཉིནགསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར།སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཟླ་4ཚེས་22ཉིན་གྱི་ཆུ་ཚོད་14ཡི་ཐོག་བསྡོམས་རྩིས་བྱས་པར་གཞིགས་ན།སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་གི་ས་ཡོམ་གྱིས་སི་ཁྲོན་གཡག་རྔ་དང་།ཁྲེང་ཏུའུ།ཀོང་ཡོན།མན་དབྱང་།ཏེ་དབྱང་།ནན་ཁྲུང་།ཀོང་ཨན།སུའེ་ཉིང་།ནེ་ཅང་།དབྱི་པིན།ལེ་ཧྲན།ཙི་ཀུང་།ཏ་ཀྲོའུ།ཙེ་དབྱང་།མེ་ཧྲན།རྔ་པ།དཀར་མཛེས།ལེང་ཧྲན་བཅས་གྲོང་ཁྱེར་དང་ཀྲོའུ་18ཀྱི་རྫོང་111གི་མི་ཁྲི་172ལྷག་ཙམ་ལ་གེགས་བར་བྱུང་བ་དང་མི་188རྐྱེན་ལམ་དུ་ཤོར་བ(དེའི་ནང་གཡག་རྔ་གྲོང་ཁྱེར་གྱི་མི་169དང་།ཁྲེང་ཏུའུ་གྲོང་ཁྱེར་གྱི་མི་8 དཀར་མཛེས་ཀྲོའུ་ཡི་མི་5 མེ་ཧྲན་གྲོང་ཁྱེར་གྱི་མི་1 ཏེ་དབྱང་གྲོང་ཁྱེར་གྱི་མི་3 ལེ་ཧྲན་གྱི་མི་1 རྔ་པ་ཀྲོའུ་ཡི་མི་1བཅས་ཡོད)དང་།མི་25གར་སོང་ཆ་མེད་དུ་སོང་བ(ཚང་མ་གཡག་རྔ་གྲོང་ཁྱེར་དུ་གར་སོང་མེད་པར་སོང་བའི་ནང་པའོ་ཤིན་རྫོང་གི་མི་20དང་།ལུའུ་ཧྲན་རྫོང་གི་མི་3 ཐན་ཆོན་རྫོང་གི་མི་2བཅས་ཡོད) མི་11950ལ་རྨས་སྐྱོན་ཕོག་ཡོད་པ་རེད།