གཏིང་ཟབ་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་་བྱས་ནས་བདེ་ཆེན་ལ་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས།

རྩོམ་པ་པོ།   ཆོས་ལྡན་སོགས།དུས་ཚོད།   2013-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

                          ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་ཐོག་གི་གསུང་བཤད།
                                                   ཀྲང་ཏེང་ལིའང་།

        ཐེངས་འདིའི་ཨུ་ཡོན་ཚང་འཛོམས་ཚོགས་འདུའི་ལས་འགན་གཙོ་བོ་ནི།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན།ཞིང་ཨུའི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ན་ནིང་གི་ལས་ཀ་ཕྱོགས་བསྡོམས་བྱེད་པ།ད་ལོའི་ལས་འགན་བཀོད་སྒྲིག་བྱེད་པ།ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་།ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་འཛུགས་རྒྱུའི་དམིགས་ཡུལ་ལ་གཞིགས་པ་དང་།འཕེལ་རྒྱས་དང་དམངས་འཚོ།བརྟན་ལྷིང་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་ནས།སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་གསར་སྤེལ་གསར་གཏོད་དང་ཡིད་ཆེས་བརྟན་པོ།དངོས་གཉེར་དངོས་སྒྲུབ་བཅས་བྱས་ནས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་གསར་པ་དངོས་སུ་གྲུབ་པར་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་འཕེལ་རིམ་མགྱོ གས་སུ་གཏོང་དགོས།
        གཤམ་ལ།ངས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་མངག་བཅོལ་བྱས་པ་ལྟར།ཨུ་ཡོན་ཚང་འཛོམས་ཚོགས་འདུ་ལ་ལས་ཀའི་སྙན་ཞུ་འབུལ་རྒྱུ་ཡིན།གྲོས་ཞིབ་བྱེད་རོགས་ཞུ་རྒྱུ་ཡིན།
        གཅིག   མཁྲེགས་གཏོར་དཀའ་སེལ་དང་ཤུགས་སྐྱེད་སྟོབས་སྤེལ་བྱས་ནས།2012ལོའི་ལས་ཀ་ཁག་ལ་གྲུབ་འབྲས་ཕུལ་བྱུང་ཐོབ་པ།
        2012ལོའི་ཚུན་ལ།ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞིང་ཨུའི་སྟོབས་ལྡན་གྱི་འགོ་ཁྲིད་འོག    ཁུལ་ཨུས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་ལས་འགན་གཙོ་བོར་འཛིན་ནས།ཏན་ཏིག་གིས་“བརྟན་པོའི་ཐོག་འཕེལ་རྒྱས་ཡོང་ཐབས་བྱེད་པ་དང་ཡག་པོའི་ཐོག་མགྱོ གས་ཐབས་བྱེད་པ།འགྱུར་བའི་ཐོག་གསར་ཐབས་བྱེད་པའི”སྤྱི་ཁྱབ་ཀྱི་བླང་བྱ་ལྟར།ནུས་ཡོད་ཀྱི་བྱ་ཐབས་སྤྱད་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པར་ཁ་གཏད་གཅོག་པ་དང་གནད་དོན་གསར་པ་ཐག་གཅོད་བྱེད་པ།ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་བརྟན་པོ་ཡོང་ཐབས་བྱེད་པ་དང་གཙོ་བོ་འབུར་དུ་ཐོན་ནས་དམངས་འཚོ་སྲུང་སྐྱོང་བྱེད་པ།སེམས་ཤུགས་གོང་བུར་འགྲིལ་ནས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།ལས་ཀ་ཁག་ལ་མི་སེམས་སྐུལ་ལྕག་ཐེབས་པའི་གྲུབ་འབྲས་ཐོབ་པ་རེད།ཁུལ་ཡོངས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ཆེན་མོ་ལས་བརྒལ་ཏེ་སྒོར་དུང་ཕྱུར་113.6ཟིན་པ་དེ།དུས་མཚུངས་ལས་16%འཕར་ཡོད།སྒོར་ཁྲི་500ཡན་གྱི་བརྟན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུར་ཕྱུར་155.3ཡོངས་སུ་གྲུབ་ཡོད་དེ།དུས་མཚུངས་ལས་25.2%འཕར་ཡོད།སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་10.8ཡོངས་སུ་སྒྲུབ་ཡོད་དེ།དུས་མཚུངས་ལས་25%འཕར་ཡོད།སྤྱི་ཚོགས་འཛད་རྫས་སིལ་འཚོང་སྤྱིའི་འབོར་གྲངས་སྒོར་དུང་ཕྱུར་30དངོས་སུ་གྲུབ་པ་དེ།དུས་མཚུངས་ལས་18.5%འཕར་བ།གྲོང་རྡལ་སྡོད་དམངས་ཀྱི་བཀོད་སྒྲིག་བྱེད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་བས་སྒོར་21535ཟིན་པ་དེ།དུས་མཚུངས་ལས་10.4%འཕར་བ།ཞིང་པའི་ཡོང་འབབ་ཁེར་གཙང་སྒོར་4769ཟིན་པ་དེ།དུས་མཚུངས་ལས་16.2%འཕར་ཡོད་པ་རེད།
        དཔལ་འབྱོར་བརྟན་པོའི་ཐོག་མགྱོ གས་ཙམ་འཕེལ་རྒྱས་ཡོང་བའི་གནས་ཚུལ་རྒྱུན་འཁྱོངས་བྱས་པ།རྒྱལ་ཁབ་ཀྱིས་བོད་ཁུལ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་འཇོག་གི་ཁྱབ་ཁོངས་གཙོ་བོ་དང་གཞི་རྩའི་ཁ་ཕྱོགས་དེ་དམ་འཛིན་བརྟན་པོ་བྱས་ནས།རྨང་གཞིའི་སྒྲིག་ཆས་དང་རྨང་གཞིའི་ཐོན་ལས།གལ་ཆེའི་དམངས་འཚོའི་ལས་གྲྭའི་མ་འཇོག་ཤུགས་ཚད་ཆེ་རུ་བཏང་སྟེ་མ་འཇོག་གི་སྤྱིའི་འབོར་གྲངས་མགྱོ གས་ཙམ་འཕེལ་རྒྱས་བྱུང་ཡོད།ས་དམ་དང་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་།ས་དམ་དང་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ།འཇོལ་གནམ་གྲུ་ཐང་གི་དུས་ཡུན་སྔོན་མའི་ལས་ཀའི་འཕེལ་རྒྱས་བདེ་བླག་ཡིན་པ།སེམས་ཀྱི་ཉི་ཟླ་དང་འཇོལ་བར་དང་།འཇོལ་དང་འབའ་ལུང་(མཐའ་ཆུ)བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལས་གྲྭ་དེ་མཇུག་སྒྲིལ་ཉེ་བ།ཡང་ཐང་ཆུ་བེད་ལྟེ་བ་དང་རྒྱལ་ཐང་གི་ཆན་ཧྥུ་500ལྡན་པའི་འགྱུར་གློག་འདྲེན་པའི་ལས་གྲྭ་དེ་མགྱོ གས་སུ་སྤེལ་བཞིན་ཡོད།གཏེར་ཁ་དང་གློག་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ལི་ཡོན་དང་ལི་ཏི།ཐུའུ་པ།ཝུའུ་ནུང་ལུང་།པོ་ཤོད་སོགས་ཀྱི་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་ཡང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།“ཐོན་ལས་དང་པོར་ཁྱད་ཆོས་དམ་འཛིན་བྱེད་པ་དང་།ཐོན་ལས་གཉིས་པར་ཆུ་ཚད་དམ་འཛིན་བྱེད་པ།ཐོན་ལས་གསུམ་པར་འཕེལ་རྒྱས་ཆེན་མོ་བྱུང་བའི”སྤྱིའི་བླང་བྱ་ལྟར།ཐོན་ལས་གྲུབ་ཆའི་ལེགས་སྒྲིག་གོམ་སྟབས་མགྱོ གས་སུ་བཏང་སྟེ་སྟར་ཀ་དང་རྒུན་འབྲུམ།ནས།སྨན་རྫས།དུ་བའི་ལོ་མ་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་འཛུགས་ཡོད།ཏན་ཏིག་ངང་དམངས་ཕན་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་པ།ལས་ཆོད་ལྡན་པའི་ངང་རིགས་སྣ་ཁག་གི་ཐོན་ཁུངས་གཅིག་བསྡུས་བྱས་པ།“མདའ་རིའི་ཉམས་མྱོང་”གསར་སྐྲུན་བཅས་བྱས་པ་རེད།རྣམ་གྲངས་ཀྱི་ཚོང་འགུག་དང་ཐོན་ལས་ཀྱི་ཚོང་འགུག  འདུས་ཁུལ་གྱི་ཚོང་འགུག་གོམ་སྟབས་མགྱོ གས་སུ་བཏང་བ།འདུས་ཁུལ་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར།རྫོང་ཁོངས་ཀྱི་དཔལ་འབྱོར་མགྱོ གས་པོར་འཕེལ་རྒྱས་བྱུང་བ།གྲོང་ཁྱེར་གྱི་ཕན་ནུས་སྒྲིག་ཆས་དེ་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་གྱུར་བ།ཞིང་པ་གྲོང་ཁྱེར་དུ་ཞུགས་ཚད་མི་གྲངས་ཁྲི་1.1ལྷག་དངོས་སུ་གྲུབ་པ།རྒྱལ་ཁབ་ཀྱི་འཛད་སྤྱོད་སྐོར་གྱི་རིགས་སྣ་ཁག་གི་སྐུལ་གཏོང་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་།ཡུལ་སྐོར་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་པའི་ཞབས་འདེགས་ལས་རིགས་གོམ་བརྟན་ངང་འཕེལ་རྒྱས་བཏང་བས།ལོ་ཡོངས་ལ་ཡུལ་སྐོར་འགྲུལ་པ་མི་ཐེངས་ཁྲི་1000ལ་སྣེ་ལེན་བྱས་ཏེ་མི་ཐེངས་ཁྲི་1016.7ཙམ་ཟིན་པ་དེ།དུས་མཚུངས་ལས་22.2%འཕར་ཞིང་།ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་15.8ཟིན་པ་དེ།དུས་མཚུངས་ལས་33.2%འཕར་བ།སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་ནགས་ཚལ་གྱི་ཁེབས་ཚད་ནི་76%རྒྱུན་འཁྱོངས་བྱས་པ་རེད།
        སྤྱི་ཚོགས་ཀྱི་གནས་བབ་ཆེན་མོ་མུ་མཐུད་དུ་བརྟན་ལྷིང་རྒྱུན་འཁྱོངས་བྱས་པ།བརྟན་སྲུང་ལས་ཀའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།བོད་ཁུལ་གྱི་བརྟན་སྲུང་ལས་ཀའི་རང་དབང་གི་ནུས་པ་དམ་འཛིན་བརྟན་པོ་བྱས་པ།མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས།མི་དམངས་ཚོགས་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་རིགས་བཅས་ཀྱི་འཆམ་མཐུན་བོད་ཁུལ་འཛུགས་སྐྲུན་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྟོབས་ཆེའི་བསྡོམས་ཤུགས་སུ་གྲུབ་པ།དགོན་སྡེའི་ཡུན་རིང་ཕན་པའི་ནང་རྐྱེན་གྱིས་རྒྱལ་མཚམས་ནས་ཐོན་པ་དང་སྲུང་མར་མཆོད་མིན་སྐོར་གྱི་གནད་དོན་ཐག་གཅོད་པ་དང་།ཞི་བདེ་དང་འཆམ་མཐུན་སྔོན་ཐོན་དགོན་སྡེའི་འཛུགས་སྐྱོང་དང་།རྒྱལ་གཅེས་ཁྲིམས་སྲུང་གི་མིག་དཔེའི་གྲྭ་བཙུན་གྱི་དཔྱད་བསྡུར་འདེམས་བསྐོའི་བྱ་ཐབས་དང་བརྟན་འབེབས་བཏོན་པ་དང་།སུམ་རྩེན་གླིང་སོགས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་དང་།མཁན་པོའི་འདེམས་བསྐོའི་ལས་ཀ་གྲུབ་ཚར་བ་རེད།“འཆམ་མཐུན་དགོན་སྡེ་དང་ཆོས་ཁང་”གི་འཛུགས་སྐྱོང་བྱེད་སྒོ་སྤེལ་ཏེ།ཆོས་ལུགས་བྱེད་སྒོ་སྤེལ་རའི“ལྔ་གཏོང་”གི་ཉམས་གསོ་འཛུགས་སྐྲུན་སོགས་ཀྱི་གནད་དོན་ཐག་གཅོད་རོགས་བྱས་པ།བོད་བརྒྱུད་ནང་བསྟན་དགོན་སྡེའི་ས་མཚམས་ཀྱི་་གཙང་བཤེར་དང་དབྱེ་མཚམས་གཅོད་པའི་ལས་ཀ་ཡོངས་སྒྲུབ་བྱས་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་སྡེའི་གསར་སྐྲུན་བྱེད་སྒོ་སྤེལ་བ།སྤྱི་ཚོགས་དོ་དམ་གྱི་གསར་གཏོད་ལ་སྐུལ་འདེད་བཏང་བ་དང་གཞི་རིམ་གྱི་བརྟན་སྲུང་ལྟེ་གནས་ལས་སྟེགས་ཀྱི་དྲ་མིག་ཅན་གྱི་དོ་དམ་ལས་ཀ་མགྱོ གས་སུ་བཏང་བ།ཤང་དང་གྲོང་རྡལ་གྱི་སྤྱི་ཚོགས་དོ་དམ་གྱི་བརྟན་སྲུང་ལྟེ་གནས་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་གྲྭ་སྤེལ་འགོ་ཚུགས་པ།སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞིའི་གྲ་བཤེར་འདུམ་གཅོད་དང་ཡིག་སྐུར་ངོ་གཏུག་གི་གྱོ ད་རྙིང་གཙང་བཤེར་བྱས་པ་དང་།སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།འདྲ་མིན་སྣ་ཚོགས་ཀྱི་ཁྲིམས་འགལ་བྱས་ཉེས་གསོག་པའི་བྱ་འགུལ་ལ་རྡུང་རྡེབ་དྲག་པོ་བཏང་བ།མཁོ་བསྟུན་དོ་དམ་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་བ་དང་བཟའ་ཆས་དང་སྨན་རྫས།བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ཤུགས་ཚད་ཆེ་རུ་བཏང་སྟེ།ཏན་ཏིག་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་པ།རྒྱལ་སྲུང་དང་དམག་དཔུང་།ཡུལ་དམག་གི་གྲ་སྒྲིག་དམག་ཞབས་དང་བརྟན་སྲུང་སྟོབས་ཤུགས་ཀྱི་འཛུགས་སྐྱོང་ལ་སྔར་ལས་ལྷག་པར་ཤུགས་སྣོན་བརྒྱབ་ཡོད།
        མི་རིགས་མང་ཚོགས་ཀྱི་འཚོ་བ་དམིགས་བསལ་གྱིས་ལེགས་སུ་བཏང་བ།ཐོག་མཐའ་བར་གསུམ་དུ་མི་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་རྨང་གཞིའི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།ཏན་ཏིག་གིས་དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་བ།དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གནས་བབ་བཟང་པོའི་ཐོན་ལས་དང་།མི་འབོར་གྱི་བྱང་ཚད་མཐོ་རུ་འདེགས་པར་སྐུལ་འདེད་བཏང་བ།ཡུལ་མིའི་གནས་སྤོ་ལག་བསྟར་བྱས་པ་དང་དབུལ་ཕོངས་མི་འབོར་ཉུང་དུ་བཏང་བ།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་དེ་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཆབས་ཅིག་ཏུ་མཐོ་རུ་འཕར་རྒྱུ་མངོན་དུ་འགྱུར་བ།དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ།ལས་ཞུགས་ཀྱི་གནས་བབ་སྤྱི་ཁོག་ནས་བརྟན་པོ་ཡིན་པ།མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས།གཞི་རྩའི་ཐོག་གཅིག་བསྡུས་སློབ་གཉེར་གྱི་དམིགས་ཡུལ་གྲུབ་པས།ནུས་ཡོད་ཀྱིས་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་འདེགས་མཁོ་སྤྲོད་ནུས་ཤུགས་མཐོ་རུ་བཏང་ཞིང་རིག་རྩལ་གྱི་གསར་རྩོམ་ཕུན་སུམ་ཚོགས་པོར་གྱུར་པ།རིག་རྩལ་གྱི་སྒྲིག་གཞིའི་བསྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཐོབ་པ།མང་ཚོགས་ཀྱི་རིག་གནས་འཚོ་བ་མུ་མཐུད་དུ་ཕུན་སུམ་ཚོགས་པོར་གྱུར་པ།“གསར་གཏོད་རྣམ་པའི་ཡུན་ནན་བྱ་འགུལ་གྱི་འཆར་འགོད”ལག་བསྟར་གཏིང་ཟབ་བྱས་ཏེ།ཚན་རིག་ཤེས་བྱ་སྔར་ལས་ལྷག་པར་ཁྱབ་དགལ་བྱས་པ།འཕྲོད་བསྟེན་གྱི་སྒྲིག་གཞི་ལེགས་སུ་བཏང་སྟེ་མང་ཚོགས་ཀྱི་“ནད་བཅོས་དཀའ་བ་དང་ནད་བཅོས་དཀོན་པ”དེ“ནད་བཅོས་ཐུབ་པ་དང་ནད་བཅོས་སླ་བར”འགྱུར་ལྡོག་བྱུང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་སྒྲིག་གཞི་ལེགས་སུ་བཏང་སྟེ།གཞི་རྩའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྤྱི་ཚོགས་རྒན་གསོའི་འགན་སྲུང་དང་སྨན་བཅོས་འགན་སྲུང་།ལས་རྨས་འགན་སྲུང་བཅས་རྣམ་གྲངས་གསུམ་གྱི་ལམ་ལུགས་ཁྱོན་ཡོངས་སུ་ཁེབས་ཡོད།གྲོང་ཁྱེར་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་གི་བསྒྱུར་བཀོད་དང་ས་འགུལ་གྱི་བདེ་སྡོད་ལས་གྲྭ་དང་།འབྲོག་པའི་བརྟན་སྡོད་ལས་གྲྭ་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།དབུལ་ཕོངས་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་དང་།གློག་མེད་མི་འབོར་གྱི་གློག་ཤར་གཏོང་གི་གནད་དོན་ཐག་གཅོད་བྱས་པ་རེད།རྒྱང་བསྒྲགས་བརྙན་འཕྲིན་དང་མི་རིགས་ལུས་རྩལ་སོགས་བྱ་གཞག་ལ་མུ་མཐུད་དུ་འཕེལ་རྒྱས་ཕྱིན་ཡོད།
        ཏང་གི་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་པ།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གཟེངས་སུ་ཐོན་པར་རྒྱུན་འཁྱོངས་བྱས་ཏེ།ཏང་གི་དགོངས་པ་དང་རྩ་འཛུགས་དང་།སྤྱོད་ཚུལ།ལམ་ལུགས་དང་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་དེ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བ།སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས།   ༼མུ་འགོད༽