གཏིང་ཟབ་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་་བྱས་ནས་བདེ་ཆེན་ལ་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས།༢

རྩོམ་པ་པོ།   ཆོས་ལྡན་དང་གཡང་མཙོ་སོགས།དུས་ཚོད།   2013-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱས་ཏེ།རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་ཐོབ་པ་རེད།ཏང་གི་འཛུགས་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱས་པ་དང་།ཕུན་སུམ་ཚོགས་པའི་ངང་“སྔོན་གཏོད་ལེགས་བརྩོན”བྱེད་སྒོ་ཡོངས་སུ་གྲུབ་སྟེ།སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་འབོར་ཚོ་ཞིག་ལ་ཀྲུང་དབྱང་དང་ཞིང་ཨུའི་གཟེངས་བསྟོད་ཐོབ་པ་རེད།མཉམ་འབྲེལ་ཐོག་འཛུགས་པ་དང་གཅིག་གྱུར་གྱིས་འཛུགས་པ།མཉམ་དུ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་གཞི་ལེགས་སུ་བཏང་སྟེ།ཏང་གི་ལས་ཀའི་ཁྱབ་ཚད་སྔར་ལས་ལྷག་པར་རྒྱ་སྐྱེད་བཏང་ཡོད།“མང་ཚོགས་བཞིའི”སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་ལས་བྱེད་པས་ཐད་ཀར་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ།ཏང་དང་མང་ཚོགས་ཀྱི་འབྲེལ་བ་དེ་བས་དམ་པོར་གྱུར་ཡོད།མགྱོ གས་པོ་དང་བསྙེགས་བརྒལ་གྱིས་མཆོང་སྐྱོད་ལ་སྐུལ་འདེད་གཏོང་བའི་ངང་ཚུལ་དེ་བས་སྟུག་པོར་གྱུར་ཡོད།ལས་བྱེད་པའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཕུལ་བྱུང་ན་གཞོན་ལས་བྱེད་པ་འདེམས་སྒྲུག་བྱས་པ་དང་།ལས་བྱེད་པའི་དོ་དམ་ལེགས་སུ་བཏང་བས།ལས་བྱེད་པའི་གསོན་ཤུགས་མངོན་གསལ་གྱིས་མཐོ་རུ་འདེགས་པ་རེད།ཏང་ནང་གི་དམངས་གཙོའི་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཏང་ཡོན་གྱི་ཁེ་དབང་ཏན་ཏིག་གིས་སྲུང་སྐྱོང་བྱས་ཏེ། མཐུན་སྒྲིལ་དང་ལས་སྒྲུབ་ཀྱི་ངང་ཚུལ་ཡག་པོ་ཞིག་བཏོད་པ་རེད།ཆད་གཅོད་དང་རུལ་སུངས་སྔོན་འགོག་གི་མ་ལག་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས།སྡེ་ཁག་6ལ་སྐོར་གཟིགས་ཀྱི་ལས་ཀ་སྤེལ་ཞིང་།ཁྲིམས་འགལ་དང་སྒྲིག་འགལ་གྱི་གྱོ ད་གཞི་ལ་བཤེར་གཅོད་ནན་པོ་བྱས་པ།མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་པས།ཡང་དག་པའི་ཏང་སྲོལ་དང་སྲིད་སྲོལ་གྱིས་མི་དམངས་ཀྱི་ཡིད་རྟོན་ཐོབ་པ་རེད།
        གོང་གསལ་གྱི་གྲུབ་འབྲས་དེ་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་རྙོག་དྲ་ཆེ་ཞིང་འགྱུར་ལྡོག་ཆེ་བའི་གནས་ཚུལ་འོག་ཐོབ་པ་ཞིག་ཡིན་ཞིང་།གྲུབ་འབྲས་དེ་དག་ཐོབ་སླ་བ་ཞིག་མ་རེད་དེ།དཀའ་ངལ་དང་རྔུལ་ཆུ་དེར་ཁེངས་ཡོད།ཡིན་ནའང་ང་ཚོས་མཐོང་དགོས་པ་ཞིག་ནི།གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་དང་ཞིང་ཨུའི་བླང་བྱ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་དང་ད་དུང་ཧེ་བག་ཡོད།གཅིག་ནི་རང་ཁུལ་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་དེ་ད་དུང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་རིམ་རང་བཞིན་གྱི་བླང་བྱ་དེར་སླེབས་མེད་པ་དང་།རྨང་གཞི་ཞན་པ་དང་གསོག་འཇོག་ཉུང་བ།སྟོབས་ཤུགས་ཆུང་བའི་ད་ཡོད་གནས་ཚུལ་དེ་ད་དུང་འགྱུར་མེད་ཅིང་།སྤྱི་ཚོགས་བྱ་གཞག་གི་སྤྱིའི་ཆུ་ཚད་རྗེས་ལུས་ཙམ་ཡིན་པ།དབུལ་ཕོངས་མི་འབོར་མང་ཞིང་གྲོང་གསེབ་གཞི་རིམ་གྱི་ཞབས་འདེགས་རྨང་གཞི་ཞན་ཙམ་ཡིན་པ།ཁུལ་ཡོངས་མི་དམངས་ཀྱི་སྤྱི་ཁོག་གི་འཚོ་བའི་ཆུ་ཚད་ད་དུང་མཐོར་འདེགས་འབོར་ཆེན་ཡོང་དགོས།ང་ཚོས་ངེས་པར་དུ་བློ་རྩ་བརྟན་པོས་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་འགངས་ཆེན་ཨང་དང་པོར་བྱས་ཏེ།འབད་བརྩོན་བྱས་ནས་མཆོང་སྐྱོད་འཕེལ་རྒྱས་ཀྱི་མགྱོ གས་ཚད་དང་སྤུས་ཚད་མཐོ་རུ་འདེགས་ཏེ།དེང་ཕྱིན་གྱི་ལོ་8ཀྱི་ནང་ལ།ཁུལ་ཡོངས་ཀྱི་GDPལོ་རེའི་ཆ་སྙོམས་འཕར་ཚད་14.9%ཡན་ལ་སླེབས་དགོས་པ་དང་།གྲོང་ཁྱེར་སྡོད་དམངས་ཀྱི་མི་རེའི་བཀོད་སྒྲིག་བྱེད་ཆོག་པའི་ཡོང་འབབ་ལོ་རེར་9.1%ཡན་འཕར་བ་དང་།ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང14.9%ཡན་འཕར་ན།ང་ཚོས་ད་གཟོད་2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་དེ་མངོན་དུ་འགྱུར་ཐུབ་རྒྱུ་རེད།གཉིས་ནི་འགྱུར་ལྡོག་ཆེ་ཞིང་རྙོག་དྲ་ཆེ་བའི་རྒྱལ་ནང་རྒྱལ་ཕྱིའི་ཁོར་ཡུག་དང་རྒྱལ་ཕྱིའི་ཁ་ཕྲལ་སྟོབས་ཤུགས་ཀྱིས་མུ་མཐུད་དུ་རིམ་པ་འཕར་བ་དང་རྣམ་པ་གསར་སྒྱུར་གྱི་ཟིང་ཆ་སློང་བ་ཡིས།རང་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གནས་ཚུལ་གྱི་རྙོག་དྲའི་རང་བཞིན་མུ་མཐུད་དུ་ཇེ་དྲག་ཏུ་ཕྱིན་ཡོད།བསྒྱུར་བཅོས་དང་རྣམ་གྲངས་ཀྱི་ལག་བསྟར།ཐོན་ཁུངས་ཀྱི་གསར་སྤེལ་སོགས་མུ་མཐུད་དུ་སྐུལ་སྤེལ་གཏོང་བར་བསྟུན།ཁེ་ཕན་གྱིས་སློང་བའི་འགལ་བ་དང་རྩོད་གཞིའང་མུ་མཐུད་དུ་འབུར་དུ་ཐོན་ཡོད།ང་ཚོས་ངེས་པར་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་དང་པོར་འཛིན་ཏེ།སྔར་ལས་ཆེ་བའི་ཡིད་ཆེས་དང་ཆོད་སེམས།ངང་རྒྱུད་རིང་པོ་ཡིས་དེ་བས་ནུས་ཤུགས་ལྡན་པའི་བྱ་ཐབས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་རང་འགུལ་དམག་འཐབ་དང་མཁྲེགས་གཏོར་དམག་འཐབ།སྲུང་སྐྱོང་དམག་འཐབ་དེ་རྒྱལ་ཁབ་ཐོབ་སྟེ།ཁུལ་ཡོངས་སྤྱི་ཚོགས་ཀྱི་གནས་བབ་ཆེན་མོའི་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་སྲུང་བྱེད་དགོས།གསུམ་ནི་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་གཉེར་བ་དང་།དཔུང་ཤུགས་མཉམ་སྒྲིལ་གྱིས་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངང་ཚུལ་ད་དུང་སྟུག་པོ་མེད་པ་དང་།ལས་བྱེད་པ་ཉུང་ཤས་ཤིག་གི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲིའི་འདུ་ཤེས་ད་དུང་མི་འདང་བ།ལས་ཀའི་ཁྲོད་དུ་ད་ཡོད་ཀྱི་གནས་ཚུལ་ལ་ཡིད་ཚིམ་པ་དང་ཡར་རྒྱས་བརྩོན་ལེན་མི་བྱེད་པ།སྤྱོད་ཚུལ་ཁ་ཡང་སྤྱོད་ཡང་དང་ཕྱི་མཛེས་ནང་སྟོང་ཡིན་ཞིང་།དངོས་གཉེར་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཞིག་བརྟན་པོར་ཆགས་མེད་པ་རེད།ང་ཚོས་ངེས་པར་དུ་སྤྱོད་ཚུལ་སྔར་ལས་ལྷག་པར་བསྒྱུར་ནས་ཁ་དན་ཚིག་གནས་ཀྱི་དངོས་སྒྲུབ་སེམས་ཤུགས་དང་སྙིང་རུསལྷོད་མེད་ཀྱི་སེམས་ཤུགས་བརྟན་པོ།མཐའ་གཅིག་ཏུ་དམ་འཛིན་བྱེད་པའི་སེམས་ཤུགས་དྲག་པོ་ཡིས་ལས་ཀ་སྒྲུབ་སྟེ་ཏན་ཏན་ཏིག་ཏིག་གིས་ལོ་རྒྱུས་ལ་ངོ་མནོང་མི་དགོས་པ་དང་མི་དམངས་ལ་ངོ་མནོང་མི་དགོས་པའི་བྱས་རྗེས་ཤིག་འཇོག་དགོས།
         གཉིས།ཚད་མཐོའི་ཆབ་སྲིད་འགན་ཁུར་འདུ་ཤེས་སྤྱད་ནས།གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱེད་པ།
      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་རང་རྒྱལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་འབྱོར་བའི་གཏན་འབེབས་རང་བཞིན་ལྡན་པའི་བྱེད་རིམ་དུ་འཚོགས་པའི་གནད་ཆེ་བའི་ཚོགས་ཆེན་ཞིག་ཡིན།ཡང་ན་དར་ཆ་མཐོར་སྒྲེང་དང་།སྔ་འཛིན་ཕྱི་གཏོད།མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཚོགས་ཆེན་ཞིག་ཡིན།ཏང་སེམས་དང་དམག་སེམས་དམངས་སེམས་གོང་བུར་འགྲིལ་བ་དང་།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔ་འཛིན་ཕྱི་གཏོད་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ཡོད་པ།ཁུལ་ཡོངས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཚད་མཐོའི་ཆབ་སྲིད་འགན་ཁུར་འདུ་ཤེས་སྤྱད་ནས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱེད་པ་ནི་མིག་སྔར་དང་ད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཨང་དང་པོའི་ཆབ་སྲིད་ལས་འགན་དུ་གྱུར་བ་དང་།ནན་ཏན་གྱིས་ཁུལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་དང་བྱ་འགུལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་གཅིག་གྱུར་བྱེད་ཅིང་།བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་སོ་སོ་མངོན་དུ་འགྱུར་བར་གོང་བུ་འགྲིལ་དགོས།
        (གཅིག) ཕྱོགས་ཡོངས་ནས་ཡང་དག་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལོན་དགོས།ཁུལ་ཡོངས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཏིང་ཟབ་པོའི་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་མངོན་གསལ་དོད་པའི་བརྗོད་བྱ་གཙོ་བོའི་གོ་བ་ལོན་པ་དང་།བསམ་པའི་རྣམ་པ་ལེགས་པོའི་སྒོ་ནས།གཞི་རྩར་དེང་རབས་ཅན་གྱི་རྔམ་ཞིང་བརྗིད་པའི་དམིགས་འབེན་གྱི་ཕྱོགས་ལ་གོམ་ཆེན་མདུན་སྐྱོད་བྱེད་དགོས།གཏིང་ཟབ་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་གསར་པའི་གོ་བ་ལོན་པ་དང་།གོང་སྤེལ་གྱི་ཡིད་ཆེས་སྲ་བརྟན་དུ་གྱུར་ནས།འགོ་ཚུགས་ས་གསར་པར་བདེ་ཆེན་གོང་སྤེལ་གྱི་གནས་ཚུལ་གསར་པ་གསར་གཏོད་བྱེད་དགོས།གཏིང་ཟབ་ཀྱིས་ཚན་རིག་དང་མཐུན་པའི་ལོ་རྒྱུས་གོ་གནས་དང་ཁྲིད་སྟོན་དོན་སྙིང་གི་གོ་བ་ལོན་པ་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སྤྱི་ཚོགས་གོང་སྤེལ་གྱི་བྱེད་རིམ་ཡོངས་སུ་དོན་འཁྱོལ་བྱས་ནས།ཏང་གི་འཛུགས་སྐྲུན་ཕྱོགས་སོ་སོར་མཚོན་དགོས།གཏིང་ཟབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་དམིགས་འབེན་གྱི་གོ་བ་ལོན་པ་དང་།འབད་བརྩོན་གྱིས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་དཔེ་སྟོན་ཁུལ་འཛུགས་དགོས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱི་ཁོག་བཀོད་སྒྲིག་བྱེད་ཚུལ་གྱི་གོ་བ་ལོན་ནས།ལས་དོན་སོ་སོ་ཕྱོགས་ཡོངས་ནས་སྔོན་ཐོན་དང་དཔལ་འབྱོར་སྤྱི་ཚོགས་མགྱོ གས་ཤིང་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས།ཏང་གི་འཛུགས་སྐྲུན་རྔམ་ཞིང་བརྗིད་པའི་ལས་གྲྭའི་ལས་འགན་ཆེན་པོའི་གོ་བ་ལོན་པ་དང་།ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་དུ་འགྱུར་བ་ནི་ཀྲུང་ཧྭ་བུ་ཕྲུག་གི་རེ་བ་ཆེན་པོ་ཡིན་པའི་གོ་བ་ལོན་པ་དང་།དངོས་སྒྲུབ་རྒྱལ་དར་བྱེད་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིན་གྱིས་སྐབས་བཅོ་བརྒྱད་པའི་ཚོང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་།ཚོང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་བསྡུས་སློབ་སྦྱོང་ཐེངས་དང་པོར་གནང་བའི་གསང་བཤད་དགོངས་དོན་གྱི་གོ་བ་ལོན་པ་དང་།ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིན་གྱི་གནང་བའི་གསང་བཤད་དགོངས་དོན་ཟུང་འབྲེལ་བྱས་ནས།སྔར་ལས་སློབ་སྦྱོང་གཏིང་ཟབ་ཏུ་སྦྱོང་བ་དང་།གོ་བ་མངོན་གསལ་དུ་ལོན་པ།དོན་འཁྱོལ་རང་རྟོགས་ཀྱིས་བྱེད་པར་བརྩོན་ལེན་བྱེད་དགོས།
        (གཉིས།) ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་རྦ་རླབས་དྲག་པོ་སློང་དགོས།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་བརྡ་ཁྱབ་བླང་བྱ་ལ་གཞིགས་ནས།ཞིབ་ཕྲའི་ངང་རྩ་འཛུགས་དང་བཀོད་སྒྲིག་བྱེད་ཅིང་།སྔར་ལས་ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དྲིལ་བསྒྲགས་དོན་འཁྱོལ་བྱེད་པའི་རྦ་རླབས་དྲག་པོ་སློང་དགོས།ཏང་ཨུའི་ལྟེ་གནས་ཚོ་ཆུང་དང་།ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་།འཆད་ཁྲིད་སོགས་རྣམ་པ་སྣ་མང་བརྒྱུད་ནས།ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་རྩ་འཛུགས་ཡག་པོ་བྱེད་པས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྲོང་གསེབ་དང་ཞིང་དུད།ཁེ་ལས།སློབ་ཁང་དུ་འཇོག་དགོས།བསམ་པའི་རིག་གནས་ཀྱི་གོང་བུར་འགྲིལ་ཤུགས་དང་།དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ཁྲིད་ཤུགས།སྤྱི་པའི་རིག་གནས་ཀྱི་འཐེན་ཤུགས།རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ་དང་།ནན་ཏན་གྱིས་གསར་འགྱུར་དྲིལ་བསྒྲགས་དང་རིག་རྩལ་དྲིལ་བསྒྲགས་རྩ་འཛུགས་བྱེད་པ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པར་ཤུགས་བསྣན་ནས།ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་རྟོགས་པར་བྱེད་དགོས།
        (གསུམ།) ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱིས་ཁུལ་ཡོངས་ཀྱི་ལས་ཀར་ཁྲིད་སྟོན་བྱེད་པར་རྒྱུན་འཁྱོངས་བྱེད་དགོས།ཁུལ་ཡོངས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བྱ་སྤྱོད་ལེགས་པོ་དང་།སློབ་སྲོལ་ལེགས་པོ།རྩོམ་སྲོལ་ལེགས་པོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཨུས་བདེ་ཆེན་ལས་ཀརབཏོན་པའི་བླང་བྱ་ལ་བསྟུན་ནས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་བདེ་ཆེན་དཔལ་འབྱོར་ལེགས་ཤིང་མགྱོ གས་པས་གོང་སྤེལ་གཏོང་བར་སྐུལ་འདེད་གཏོང་བར་དོན་འཁྱོལ་བྱེད་པ་དང་།སྤྱི་ཚོགས་གོང་སྤེལ་དང་།དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་སྐུལ་འདེད་གཏོང་བར་དོན་འཁྱོལ་བྱེད་པ།ཕྱོགས་ཡོངས་ནས་ཏང་གི་ལས་གྲྭ་རླབས་ཆེན་འཛུགས་པར་དོན་འཁྱོལ་བྱེད་པ།བསམ་བློ་བཅིངས་འགྲོལ་དང་བསྒྱུར་བཅོས་སྒོ་འབྱེད།སྟོབས་ཤུགས་གོང་བུར་འགྲིལ་བ།མཁྲེགས་གཏོང་དཀའ་སེལ་དུ་དོན་འཁྱོལ་བྱེད་དེ།བསམ་བློར་དྲག་ཆས་སྤྲས་པ་དང་།ལག་ལེན་ཁྲིད་སྟོན་བྱེད་པ།ལས་ཀ་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་དུ་དོན་འཁྱོལ་བྱེད་པར་སླེབས་པ་དང་།ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་བདེ་ཆེན་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དང།འཆམ་མཐུན་འཕེལ་རྒྱས།མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་དྲག་ཆས་སུ་བསྒྱུར་དགོས།
        གསུམ་པ།གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།ཕྱོགས་ཡོངས་ནས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་བ།
        2013ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་ཡིན།ཡང་ན་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་ལག་ལེན་བྱེད་པའི་གོང་མཐུད་འོག་འདྲེན་གྱི་ལོ་ཞིག་ཡིན། འགོ་ཚུགས་ས་གསར་པར་གནས་པ་དང་།ཇེ་མཐོ་བའི་དམིགས་འབེན་དུ་འགྲོ་ན།ང་ཚོས་གནས་བབ་གསར་པ་དང་།འགྲན་བསྡུར་གསར་པ།གོ་སྐབས་གསར་པ་འཕྲད་པ།འཛམ་གླིང་གི་སྒྲིག་ཞིག་གཏིང་ཟབ་པོའི་ལེགས་བཅོས་དུས་སྐབས་སུ་འབྱོར་བ་དང་།རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གྱི་གོ་རིམ་འགྱུར་ལྡོག་ཆེན་པོ་ཐོན་པ།འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་དྲག་པོ་བྱུང་བ།བརྟན་འཇགས་མེད་པའི་རྒྱུ་ཆ་མངོན་གསར་གྱིས་མང་པོར་གཏོང་བའི་རྐྱེན་གྱིས།ཕྱོགས་ཡོངས་ནས་དྲན་པ་སོས་པ་ད་དུང་བརྒྱུད་རིམ་ཞིག་དགོས་པ་རེད།
        འོན་ཀྱང་ང་ཚོས་དེ་བས་གསལ་པོ་མཐོང་དགོས་པས། འཛམ་གླིང་སྣ་མང་ཅན་དང་རྒྱལ་སྤྱི་ཅན་གཏིང་ཟབ་ཀྱིས་གོང་དུ་འཕེལ་བ། རྒྱལ་སྤྱིའི་ངང་ཚུལ་ཧྲིལ་པོ་བརྟན་འཇགས་ཡིན་པའི་ཁོར་ཡུག་ཆེན་པོ་འགྱུར་མེད་པ། རང་རྒྱལ་ལ་ད་དུང་རེ་ལྟོས་ཆེན་པོ་ཡོད་པའི་འཐབ་ཇུས་སྟབས་འཁེལ་དུས་སྐབས་སུ་གནས་པ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་གྱི་སྤྱིའི་ངང་ཚུལ་འགྱུར་མེད་པ། ཁྱད་པར་དུ་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱིས་བརྟན་འཇགས་ཐོག་མདུན་དུ་སྤེལ་བའི་རྒྱུད་རིམ་དང་ལྡན་པའི་སྲིད་ཇུས་བྱ་ཐབས་གཏན་འབེབས་བྱས་པ། མུ་མཐུད་དུ་གསར་བརྗེ་གནས་རྙིང་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་བཏོན་པའི་2020ལོར“ལྡབ་གཉིས་འཕར་བ་དང་། ལྡབ་གྲངས་གསུམ་འཕར་བ། མཆོང་སྐྱོད་ལ་སྐུལ་སྤེལ་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་”གོང་འཕེལ་དམིགས་འབེན་གྱིས་རང་ཁུལ་གྱིས་ཕྱོགས་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ལ་གོ་སྐབས་ཡག་པོ་སྒྲུབ་ཡོད། བདེ་ཆེན་ཁུལ་གྱི་གནས་ཚུལ་ལྟར་ན། ཉེ་བའི་ལོ་འགའ་རིང་གི་རྣམ་གྲངས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་འཇོག་ཚད་ཆེ་ཞིང་། རྣམ་གྲངས་གཙོ་བོ་ཁག་འགའ་འཛུགས་སྐྲུན་ཚར་ཏེ་གཉེར་སྐྱོང་བྱས་པ་དང་། ཐོན་ལས་གཙོ་བོ་ཁག་འགའ་འཛུགས་སྐྲུན་བྱས་ཏེ་ཐོན་སྐྱེད་དུ་ཞུགས་པ། བདེ་ཆེན་གྱི་མཆོང་སྐྱོད་འཕེལ་རྒྱས་ཀྱི་ཆེད་དུ་རྨང་གཞི་བརྟན་པོ་འདིང་བ། ཁུལ་ཡོངས་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་ཤུགས་གཅིག་འགྲིག་བྱས་ནས། མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཧུར་སེམས་དེ་བས་བརྟན་པོར་འགྱུར་བ། སྤྱི་ཡོངས་ལྟར་ན། རང་ཁུལ་གྱི་ད་ལོའི་དཔལ་འབྱོར་མཁོ་བསྐྱོད་ལ“བརྟན་ལྷིང་”གི་རྨང་གཞི་བརྟན་པོ་ཡིན་པ་དང་། “མདུན་སྐྱོད་”ཀྱི་མི་དངོས་པའི་ནུས་ཤུགས་ཆེན་པོ་ཡིན་པ། “ཡག་པའི་”ངང་ཚུལ་གསལ་པོ་ཆགས་པ། “མགྱོ གས་པའི་”ཆ་རྐྱེན་ཚང་བ། ང་ཚོས་ངེས་པར་དུ་སེམས་ཁྲལ་དང་སྡུག་བསྔལ་གྱི་འདུ་ཤེས་དང་། གསར་གཏོད་འདུ་ཤེས། སྙིང་དོན་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་སོགས་དྲག་པོར་གཏོང་དགོས་པ་དང་། དེ་བས་འབད་བརྩོན་སྤྱོད་ལྡན་གྱིས་ཧུར་ཐག་ངང་བདེ་ཆེན་གྱི་ལས་ཀའི་རྣམ་པ་གསར་པ་གཏོད་པ། ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་དང་རེ་འདོད་དེ་ཆུད་ཟོས་སུ་མི་གཏོང་བར་བྱེད་དགོས།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས། ཞིང་ཆེན་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གཞིགས་ཏེ། ད་ལོ་ལས་ཀའི་སྤྱིའི་བླང་བྱ་ནི། གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། ཏིན་ཞའོ་ཕིན་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་དོན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བར་ཁྲིད་སྟོན་དུ་བྱས་ཏེ། “དཔེ་སྟོན་ཁུལ་”འཛུགས་སྐྲུན་གྱི་དམིགས་ཡུལ་ལ་དམ་པོར་དམིགས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བརྗོད་བྱ་གཙོ་བོར་བྱེད་པ། དཔལ་འབྱོར་འཕེལ་རྒྱས་འགྲོ་སྟངས་སྒྱུར་བར་གཙོ་སྐུད་དུ་བྱེད་པ། དཔལ་འབྱོར་འཕར་བའི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་བ་ལྟེ་བར་བྱེད་པ། བརྟན་ལྷིང་ཐོག་མདུན་དུ་སྤེལ་བའི་སྤྱིའི་ནང་དོན་སྙིང་པོ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་སོགས་གཅིག་བསྡུས་ཀྱིས་མདུན་དུ་སྤེལ་བ། ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ཚན་རིག་དང་མཐུན་པའི་ཆུ་ཚད་མཐོར་གཏོང་བ། ཤུགས་འདོན་ནས་མ་དངུལ་འཇོག་ཚད་རྒྱ་སྐྱེད་གཏོང་བ། ཤུགས་ཆེན་གྱིས་ཐོན་ལས་ཀྱི་དངོས་ཤུགས་དྲག་པོར་གཏོང་བ། ཤུགས་འདོན་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། ཤུགས་ཆེན་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ནས། རྒྱལ་ཁབ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པའི་ཆེད་དུ་རྨང་གཞི་བརྟན་པོ་འདིང་དགོས། ད་ལོ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྔོན་རྩིས་དམིགས་ཡུལ་གཙོ་བོ་ནི། ས་གནས་ཀྱི་སྤྱིའི་ཐོན་ཚད་རིན་ཐང18%ཡན་འཕར་བ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ20%འཕར་བ། གཞི་ཁྱོན་ཡན་གྱི་བརྟན་འཇགས་རྒྱུ་ནོར་གྱི་མ་དངུལ་25%ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་སྡོད་མིའི་ཆ་སྙོམས་ཀྱི་སྤྱོད་ཐུབ་པའི་ཡོང་འབབ13%ཡན་འཕར་བ། ཞིང་པའི་མི་རེའི་ཆ་སྙོམས་ཀྱི་དངོས་བྱུང་ཡོང་སྒོ15%ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་ཐོ་འགོད་ལས་ཤོར་བྱེད་ཚད4.5%ནང་དུ་བཀོད་སྒྲིག་བྱེད་པ། ལས་ཁུངས་ཀྱིས་ཐོན་ལས་རིན་ཐང་གི་ནུས་ཁུངས་ཟད་གྲོན1.3%མར་བབས་པ་བརྩོན་ལེན་བྱེད་དགོས།
        (གཅིག )  གོང་འཕེལ་དམ་འཛིན་དང་། མཆོང་སྐྱོད་ལ་སྐུལ་སྤེལ་གཏོང་བ། དཔལ་འབྱོར་འཛུགས་སྐྲུན་་དུས་སྐབས་གསར་པར་སླེབས་པ། ང་ཚོས་རྒྱུན་མི་ཆད་པར་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། མ་དངུལ་འཇོག་ཚད་འཕར་བ་དང་།  ཐོན་ལས་འཕེལ་རྒྱས། དངོས་ཤུགས་དྲག་པོ་གཏོང་བ་དེ་ལས་ཀའི་གཙོ་གནད་དུ་བྱེད་དགོས། ཤུགས་འདོན་ནས་ཐོན་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་སོགས་དུས་མཚུངས་སུ་གོང་སྤེལ་གཏོང་བ། མུ་མཐུད་དུ་དུས་ཡུན་རིང་པོའི་གོང་འཕེལ་གཏིང་ཤུགས་ཇེ་ཆེར་གཏོང་དགོས། གཏིང་ཟབ་ཀྱིས་མ་དངུལ་འཇོག་ནས་སྐུལ་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། “མ་དངུལ་འཇོག་ཚད་འཕར་བའི”་དཔལ་འབྱོར་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དོན་དག་ཆེན་པོར་བྱས་ནས་ཡག་ཅིང་དམ་པས་འཛིན་པ་དང་། ཧུར་ཐག་གིས་ཀྲུང་དབྱང་དང་ཞིང་ཆེན་གྱི་རྣམ་གྲངས་མ་དངུལ་དེ་བས་མང་པོ་བརྩོན་བྱེད་དགོས། རྣམ་གྲངས་དམ་འཛིན་བྱས་ནས། རྣམ་གྲངས་གསོག་འཇོག་ཡག་པོ་འཛིན་པ་དང་། རྣམ་གྲངས་ཀྱི་ཞིབ་བཤེར་མཆོག་ཆན་ལ་དམ་འཛིན་བྱེད་པ། རྣམ་གྲངས་ཀྱི་དོན་འཁྱོལ་ལ་དངོས་སུ་འཛིན་པ། རྣམ་གྲངས་ཀྱི་ལས་འགོ་ཚུགས་པ་མགྱོ གས་པོར་གཏོང་དགོས། ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་མགྱོ གས་པོ་བྱེད་པ། ཡུན་ནན་ཞིང་ཆེན་ཐོན་ལས་འཛུགས་སྐྲུན་ལོའི་གོ་སྐབས་དམ་པོ་འཛིན་ནས། གདོས་བཅས་དཔལ་འབྱོར་གསོ་སྐྱོང་དང་དྲག་པོར་གཏོང་བ་ཚད་བརྒལ་སར་བྱེད་པ། སྡེ་ཁུལ་དཔལ་འབྱོར་ལ་ཤུགས་བསྣན་པ་དང་། དམངས་གཉེར་དཔལ་འབྱོར་གསོན་ཉམས་ལྡན་པར་སྒྲུབ་པ། རྫོང་ཁུལ་དཔལ་འབྱོར་སྟོབས་ལྡན་དུ་གཏོང་དགོས། ཤུགས་ཆེན་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་གོང་སུ་སྤེལ་བ། བདེ་ཆེན་ཁུལ་གྱི་ས་གནས་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་བརྟེན་ནས། སྟར་ཀ་དང་། རྒུན་འབྲུམ། ནས། སྨན་རིགས། དར་འབུ། རྡོ་ཐ་བཅས“ཐོན་ལས་ཆེན་པོ་དྲུག”གཅིག་བསྡུས་ཀྱིས་འཛུགས་པ། ཧུར་ཐག་ངང་གཡག་དང་། བོད་ཕག མ་ཁ་བཅས“གསར་དུ་དར་བའི་ཁྱད་ལྡན་ཐོན་ལས་གསུམ”གསོ་སྐྱོང་བྱེད་པ། ཤུགས་འདོན་ནས་ཐོན་ལས་ཀྱི་ཕན་འབྲས་མཐོར་བཏང་ནས། རང་ཁུལ་གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་གོང་འཕེལ་མགྱོ གས་པོ་གཏོང་དགོས། རང་ཁུལ་གྱི་གནས་ཚུལ་དང་མཐུན་པའི་བཟོ་ལས་ཅན་དཔེ་གསར་གྱི་འགྲོ་ལམ་དུ་སྐྱོད་པ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་གཏིང་ཟབ་ཀྱིས་མཉམ་འབྲེལ་བྱེད་པར་སྐུལ་སྤེལ་གཏོང་དགོས། ཆུ་མཛོད་གནས་སྤོ་ཡུལ་མི་བཀོད་སྒྲིག་ཡག་པོ་བྱེད་པའི་གཞི་འཛིན་སའི་འོག མངའ་ཁོངས་ནང་གི་གཙང་གཉིས་བཞུར་ཁུལ་གྱི་ཆུ་གློག་ས་ཚིགས་གཉིས་ཀྱི་འཛུགས་སྐྲུན་མགྱོ གས་པོ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་གློག་དྲའི་འཛུགས་སྐྲུན་དང་ལེགས་བཅོས་ལ་དམ་འཛིན་བྱེད་པ་དང་། གཡག་ར་དང་ཕུའུ་ལམ་སོགས་གཏེར་ཁུལ་གཙོ་བོའི་འཛུགས་སྐྲུན་མགྱོ གས་པོ་གཏོང་བ།གློག་དང་གཏེར་ལས་མགྱོ གས་པོ་དང་མཉམ་འབྲེལ་ངང་གོང་དུ་འཕེལ་བར་སྐུལ་མ་གཏོང་དགོས། ཡུལ་སྐོར་ལས་རིགས་གཙོ་བོར་བྱེད་པའི་དེང་རབས་ཞབས་ཞུ་ལས་རིགས་སྐུལ་སྤེལ་མགྱོ གས་པོ་གཏོང་བ། མུ་མཐུད་དུ་ཞབས་ཞུ་ལས་རིགས་ཀྱི་གོང་འཕེལ་གཞི་ཁྱོན་དང་ཆུ་ཚད་མཐོར་གཏོང་དགོས། གཏན་ནས་མི་འགུལ་པར་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བ། དཔལ་འབྱོར་གྱི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་གཏོང་དགོས།     ཏན་ཏིག་གིས“དམར་སྐུད་སྲུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འབྲེལ་བྱེད་པ།         གྲོང་རྡལ་རི་ཐོག་འགྲོ་བ། ཞིང་པ་གྲོང་ཁྱེར་དུ་འཇུག་པའི་”བསམ་བློ་འཛིན་ནས། “རི་ཁུལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། གྲོང་རྡལ་འབྲིང་ཆུང་གོང་དུ་སྤེལ་བ། ཚོགས་ཁག་གོང་འཕེལ་མངོན་འགྱུར་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཕུང་པོ་གཅིག་གི་”རྣམ་པ་མཚོན་པ། བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལམ་གསར་པ་ཞིག་གཏོད་དགོས། སྲིད་འཛིན་ལས་དོན་གྱི་དོ་དམ་སྒྲིག་གཞི་བཅོས་བསྒྱུར་བདེ་བླག་ངང་མདུན་དུ་སྤེལ་བ། གྲོང་གསེབ་ཐོན་ལས་རྒྱུ་ཆའི་བཅོས་བསྒྱུར་མགྱོ གས་པོ་གཏོང་བ། དངུལ་རྩའི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ཧུར་ཐག་ངང་དངོས་ཤུགས་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་ཡུན་ནན་གྱི་ཁེ་ལས་རང་ཁུལ་ནང་དུ་འདྲེན་པ། ཧུར་ཐག་ངང་ཆ་རྐྱེན་ཡོད་པའི་སྡེ་ཁག་དང་ཁེ་ལས་ཕྱིར་ཐོན་པ་ལ་སྐུལ་འདེགས་བྱེད་པ། མུ་མཐུད་དུ་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་སྤྱོད་པའི་ནུས་པ་མཐོར་གཏོང་བ། གོམ་གང་མདུན་སྤོས་ཀྱིས་དཔལ་འབྱོར་གོང་འཕེལ་གྱི་སྐྱེ་སྟོབས་ཇེ་ཆེར་གཏོང་དགོས།
        (གཉིས། )བརྟན་ལྷིང་ལ་དམ་འཛིན་བྱེད་པ་དང་འཆམ་མཐུན་འཛུགས་སྐྲུན་བྱས་ནས། བདེ་འཇགས་འཛུགས་སྐྲུན་གྲུབ་འབྲས་གསར་པ་ཐོབ་པ་ལ་སྐུལ་སྤེལ་གཏོང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་འགན་སྲུང་རྒྱུན་འཁྱོངས་བྱེད་པར་ཚད་མཐོ་བའི་ཆབ་སྲིད་འགན་འཁྲིའི་དམ་འཛིན་བྱེད་པ་དང་།དངོས་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་བོད་ཁུལ་བརྟན་ལྷིང་འགན་སྲུང་སྐོར་གྱི་རབ་དང་རིམ་པའི་བྱ་ཐབས་དང་སྲིད་ཇུས་བཅས་ལ་གཞིགས་ཏེ། རྒྱུན་མི་ཆད་པའི་སྒོ་ནས་བསམ་བློ་དམ་པོར་སྲུང་བ་དང་། བྱ་ཐབས་གྲ་སྒྲིག་ནན་པོ་བྱེད་པ། ལས་ཀའི་ནུས་ཤུགས་ཇེ་ཆེར་འདོན་པ། སྤྱི་ཚོགས་ཧྲིལ་པོའི་འཆམ་མཐུན་བརྟན་ལྷིང་འགན་སྲུང་བྱེད་དགོས། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མུ་མཐུད་དུ《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》དང་《ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ》དོན་འཁྱོལ་ཡག་པོ་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་རྒྱ་ཆེ་ཞིང་གཏིང་ཟབ་ཏུ་གཏོང་བ། གོམ་གང་མདུན་སྤོས་ཀྱིས་དངོས་ཡོད་དང་། འཚོ་བ། མང་ཚོགས་སོགས་ལ་འབྲེལ་བ་དམ་པོར་བྱེད་པ།