མེ་ཏོག་རྒྱས་པའི་ཆུའུ་ཧྲུའུ་སྡོང་པོ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2013-04-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།





        ཟླ4པར།འབྲི་ཆུའི་ངོགས་གཉིས་སུ་ཆགས་པའི་གྲོང་སྡེ་དང་ཞིང་ཁ།རི་ལྡེབས་སོགས་སུ་མེ་ཏོག་རྣམ་པར་བཤད་པའི་ཆུའུ་ཧྲུའུ་ཞེས་པའི་མེ་ཏོག་ཤིང་སྡོང་གིས་དེ་བས་མཛེས་པར་བརྒྱན་གྱི་ཡོད།མེ་ཏོག་ཤིང་སྡོང་ཆུའུ་ཧྲུའུ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་འདེབས་དགའ་བའི་ཤིང་རིགས་ཤིག་ཡིན་ཞིང་།བཤད་རྒྱུན་ལྟར་ན་ལོ་2000ལྷག་གི་འདེབས་འཛུགས་ལོ་རྒྱུས་ལྡན་ཏེ།“ཤིང་སྡོང་གི་རྒྱལ་པོ”་དང་“གསེར་ལྡན་ཤིང་སྡོང་”ཞེས་པའི་མཚན་སྙན་ལྡན་ཞིང་འཛམ་གླིང་ཐོག་གི་མིང་གྲགས་ལྡན་པའི་ཤིང་ཆའི་རིགས་ཤིག་ཀྱང་ཡིན་ལ།ཡ་གླིང་ཤར་ལྷོའི་ས་ཁུལ་གྱི་སེང་ལྡེང་ནག་པོ་དང་ཨ་མེ་རི་ཁའི་དམར་ལོའི་ཤིང་སྡོང་སོགས་ཀྱི་ཤིང་ཆ་དང་སྙན་གྲགས་འདྲ་མཚུངས་རེད།