དུས་ཚིགས་དང་པོར་ཁུལ་ཡོངས་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་བརྟན་བརླིང་ངང་འགོ་ཚུགས་རྒྱུ་་མངོན་དུ་འགྱུར་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-04-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།གསར་འགོད་པས་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་དོན།ད་ལོའི་དུས་ཚིགས་དང་པོར།ཁུལ་ཡོངས་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་བརྟན་བརླིང་ངང་འགོ་ཚུགས་པར་མངོན་དུ་འགྱུར་ནས།དམིགས་ཚད་སོ་སོ་བརྟན་བརླིང་ངང་འཕར་བ།
        དུས་ཚིགས་དང་པོར།ཁུལ་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་དུད་གྲངས་ 18906 ལ་ཟིན་པས།དུས་མཉམ་ལས་ 18.85% འཕར་བ།དེའི་ནང་།སྒེར་གཉེར་ཁེ་ལས་ 1505 ཡོད་པས།དུས་མཉམ་ལས་ 14.45% འཕར་བ།ཁེར་གཉེར་བཟོ་ཚོང་ཐེམ་དུད་ 17401 ཡོད་པས།དུས་མཉམ་ལས་ 19.24% འཕར་བ།སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་ལས་ཞུགས་མི་སྣ་ 57059 ཡོད་པས།དུས་མཉམ་ལས་ 55.39% འཕར་བ།སྤྱི་མིན་དཔལ་འབྱོར་སྔོན་རྩིས་བྱས་ན་འཕར་གྲངས་སྒོར་དུང་ཕྱུར་ 7.1 སྒྲུབ་པས།དུས་མཉམ་ལས་ 10% འཕར་ཞིང་།ཁུལ་ཡོངས་ཀྱི་ GDP ཡི་ 45% འཛིན་རྒྱུ།སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་སྤྱི་ཚོགས་འཛད་རྫས་སིལ་མར་བཙོངས་ཚད་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་2.85སྒྲུབ་ཚར་བས།དུས་མཉམ་ལས་21.28%འཕར་ཞིང་།སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་མར་བཙོངས་ཚད་ཀྱི་74.8%འཛིན་རྒྱུ།
        སྤྱི་ཁོག་ལྟར་ན།རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལེགས་སུ་ཕྱིན་བས།དུས་ཚིགས་དང་པོར།ཁུལ་ཡོངས་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དམིགས་ཚད་ལ་ཁྲལ་འབབ་ལས་གཞན་གྱི་བརྟན་བརླིང་ངང་འཕར་བའི་གནས་བབ་ཡག་པོ་བྱུང་བ།
        འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན།དུས་ཚིགས་དང་པོའི་གནས་ཚུལ་ལ་གཞིགས་ན།རང་ཁུལ་གྱི་སྤྱི་མིན་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱི་ཁོག་ལེགས་པོ་ཡིན་ཡང་།ཐུག་པའི་དཀའ་ངལ་དང་གནད་དོན་ད་དུང་མང་ཙམ་ཡོད་པས།རྗེས་མར་ཧུར་ཐག་གིས་ཆུ་གློག་ཐོན་ལས་དང་གཏེར་རིའི་ཁེ་ལས་བདེ་བླག་ངང་ཐོན་སྐྱེད་བྱེད་པ་དང་།ཁེ་ལས་ཀྱིས་བྱ་ཐབས་སྣ་མང་སྤྱད་ནས་ཐོན་རྫས་ཀྱི་བྲིན་སྐུལ་ལ་སྣེ་ཁྲིད་བྱེད་རྒྱུ།དུས་མཚུངས་སུ།འབད་བརྩོན་གྱིས་ཁེ་ལས་འབྲིང་ཆུང་གི་མ་དངུལ་སྡུད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་བ།མུ་མཐུད་དུ་དངུལ་ཁང་དང་ཁེ་ལས་མཐུད་པའི་ཚོགས་འདུ་འཚོགས་པ་དང་།དུས་ཐོག་ཏུ་དངུལ་ཁང་དང་ཁེ་ལས་ཀྱི་མཉམ་ལས་ལས་སྟེགས་འཛུགས་པ།ཧུར་ཐག་གིས་སྲིད་གཞུང་དང་དངུལ་ཁང་དང་ཁེ་ལས་ཀྱི་མ་དངུལ་སྡུད་པའི་བཞུགས་མོལ་ཚོགས་འདུ་དང་དངུལ་རྩའི་ཐོན་རྫས་ཀྱི་མཚམས་སྦྱོར་ཚོགས་འདུ་འཚོགས་ནས།བྱ་ཐབས་སྣ་མང་སྤྱད་དེ་ཁེ་ལས་འབྲིང་ཆུང་གི་མ་དངུལ་སྡུད་པའི་ཐབས་ལམ་རྒྱ་ཆེར་སྐྱེད་པ་བཅས་བྱེད་རྒྱུ་རེད།