རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།   ཡིག་བསྒྱུར།       དུས་ཚོད།   2013-04-19   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་རྫོང་ཟོག་གོང་སྡེ་ཁག་གི་གཞི་གྲངས་ཀྱིས་མཚོན་དོན།དུས་ཚིགས་དང་པོར།སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཚོང་རའི་ནང་གི་སྣ་རིགས་སོ་སོའི་སྔོ་ཚལ་གྱི་རིན་གོང་ལ།དཔྱིད་གསར་དུས་ཆེན་གྱི་གཅིག་བསྡུས་འཛད་སྤྱོད་རྫོགས་པ་དང་གནམ་གཤིས་རིམ་གྱིས་དྲོད་པོར་གྱུར་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་གནོད་སྐྱོན་ཐེབས་ནས་བརྟན་པོའི་སྒོ་ནས་གཅོག་པའི་གནས་ཚུལ་བྱུང་བ་རེད།
གནམ་གཤིས་རིམ་གྱིས་དྲོད་པོར་གྱུར་བས།ས་ཆ་དེ་དག་གི་པད་ཚལ་དང་།སྔོ་ཚལ།ཐུང་ཧའོ་ཚལ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཚོང་རར་བཏོན་པ།ཟླ1— 3 པའི་བར་ལ། པད་ཚལ་དང་།སྔོ་ཚལ།ཐུང་ཧའོ་ཚལ་ཀྱི་ཆ་སྙོམས་རིན་གོང་སོ་སོར་སྟོང་ཁེ་རེ་ལ་སྒོར་ 4.67 དང་།སྟོང་ཁེ་རེ་ལ་སྒོར་ 4.33 སྟོང་ཁེ་རེ་ལ་སྒོར་ 4.33 བཅས་ཡིན་ཏེ།ན་ནིང་གི་དུས་མཉམ་ལས་ 1% འཕར་བ།ཟོག་གོང་སྡེ་ཁག་གིས་དབྱེ་ཞིབ་བྱས་པར་ལྟར།ཕྱི་དུས་ནས་ས་ཆ་དེ་དག་གི་སྣ་རིགས་མང་པོ་སྔོ་ཚལ་ཚོང་རར་བཏོན་པ་དང་།སྣུམ་གྲུབ་མའི་རིན་གོང་གཅོག་པ་ལ་གཞིགས་ནས། སྔོན་རྩིས་བྱས་ན་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་སྔོ་ཚལ་གྱི་རིན་གོང་དེ་རྒྱུན་མཐུད་ཀྱིས་བརྟན་པོའི་ཐོག་དམའ་རུ་འབབ་པའི་གནས་ཚུལ་བྱུང་རྒྱུ་རེད།