ཧོང་དབྱིས་བདེ་ཆེན་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།   ཡིག་བསྒྱུར།       དུས་ཚོད།   2013-04-19   རྩོམ་ཁུངས།   


        འདི་ནི་ཞིང་ཨུའི་རྒྱུན་ཨུ་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱིས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་སོགས་ཀྱིས་ཕེབས་རོགས་ཞུས་འོག་དཔལ་འབྱོར་གསར་སྤེལ་ཆུས་ཀྱི་ལི་རེན་གྲོང་སྡེའི་ཕྱུག་འགྱུར་སྣེ་ཁྲིད་མཁན་དང་གླེང་མོལ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།(ཡུས་ལི་ཆིན་གྱིས་པར་བླངས།)

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛའ་བརྩེའི་ཐུགས་ཁུར་འཁྱེར་ནས།ཟླ་ 3 པའི་ཚེས་ 11 ནས་ཚེས་ 15 ཉིན་བར།ཧོང་དབྱི་ཡིས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་དང་།ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ནོར་བུ་ཚེ་རིང་སོགས་ཀྱིས་ཕེབས་རོགས་ཞུས་འོག  སྔ་རྗེས་སུ་དཔལ་འབྱོར་གསར་སྤེལ་ཆུས་དང་།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ།སེམས་ཀྱི་ཉི་ཟླ་རྫོང་ཝུའུ་ཅིང་ཤང་།བདེ་ཆེན་རྫོང་ཐང་སྟེང་ཤང་།ཀོང་རྩེད་ར་གྲོང་རྡལ་སོགས་ས་གནས་ཁག་ཏུ་བརྟག་ཞིབ་གནང་བ།དཔལ་འབྱོར་གསར་སྤེལ་ཆུས་ཀྱི་ལི་རེན་གྲོང་སྡེའི་ཕྱུག་འགྱུར་སྣེ་ཁྲིད་པ་ལ་འཚམས་འདྲི་ཞུས་པ་དང་།ཝུའུ་ཅིང་ཤང་ལྟེ་བའི་རིམ་པ་མཐོ་དམའ་གཉིས་ལྡན་སློབ་ཆུང་གི་གཅིག་བསྡུས་ཀྱིས་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དང་།ཀོང་རྩེད་ར་གྲོང་རྡལ་དུང་ཐང་གྲོང་སྡེའི་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་པའི་བྱེད་སྒོར་སྐུལ་འདེད་གཏོང་བའི་གནས་ཚུལ་བཅས་ལ་བརྟག་ཞིབ་བྱས་ཤིང་།ས་ཆ་དེ་གའི་འབྲེལ་ཡོད་སྡེ་ཁག་གི་ལས་ཀའི་སྙན་ཞུ་གསན་པ་དང་།གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བདེ་འདྲི་ཞུས་པ་དང་མཛའ་བརྩེའི་ངང་ཁོ་ཚོ་ལ་གླེང་མོལ་བྱས་པ།ཞིབ་ཕྲས་ཐོན་ལས་སྒྲིག་གཞིའི་ལེགས་སྒྲིག་དང་ཞིང་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།
       ཧོང་དབྱི་ཡིས་བསྟན་དོན།ད་ལོ་ནི་གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་དར་རྒྱས་བརྟན་བརླིང་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་མགྱོ གས་སུ་གཏོང་བའི་གནད་ཆེའི་ལོ་ཞིག་ཡིན་ཏེ།རིམ་པ་ཁག་གི་སྡེ་ཁག་སོ་སོའི་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་།མཉམ་དུ་དར་རྒྱས་གོང་འཕེལ་གྱི་མི་རིགས་ལས་ཀའི་བརྗོད་བྱ་དམ་འཛིན་བྱས་ནས།མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་མགྱོ གས་སུ་གཏོང་བ་དང་།འོས་འཚམ་གྱིས་མི་རིགས་ཆོས་ལུགས་དང་འབྲེལ་ཡོད་གནད་དོན་ཐག་གཅོད་པ།ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་གནས་ཚུལ་དང་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་སྲུང་སྐྱོང་བྱས་ནས།ཞིང་ཆེན་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས་དངོས་སུ་འགྲུབ་ཆེད་གནད་ཆེའི་ཁག་ཐེག་འདོན་དགོས།
       ཧོང་དབྱི་ཡིས་ནན་གྱིས་གསུངས་དོན།གཅིག་ནི་མི་རིགས་ས་ཁུལ་གྱི་སློབ་གསོ་དང་རིག་གནས་ལས་ཀར་མཐོང་ཆེན་བྱས་ནས།མུ་མཐུད་དུ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས།གཉིས་ནི་ཀྲུང་དབྱང་དང་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་རབ་དང་རིམ་པའི་ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་ཞིང་པར་ཁེ་ཕན་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་ཡག་པོ་བྱས་ནས།ཐོན་ལས་ལེགས་སྒྲིག་གི་གོམ་སྟབས་མགྱོ གས་སུ་གཏོང་དགོས།གསུམ་ནི་ཁྲིམས་ལུགས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པ་དང་།གཞི་རིམ་གྱི་མི་རིགས་ཆོས་ལུགས་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ།རྒྱལ་གཅེས་ཆོས་ལུགས་ཚོགས་པ་འཛུགས་པར་ཤུགས་བསྣན་པ། “ཆབ་སྲིད་ཐད་བློས་འཁེལ་ཐུབ་པ་དང་།ཤེས་ཡོན་ཐད་ཆུ་ཚད་ཡོད་པ།ཀུན་སྤྱོད་ཐད་མང་ཆེ་བའི་མང་ཚོགས་ཀྱི་ཡིད་དུ་འཇོག་ཐུབ་པ” ཞེས་པའི་བླང་བྱར་གཞིགས་ཏེ།ཆོས་ལུགས་ལས་བྱེད་རུ་ཁག་གི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་སྣེ་ཁྲིད་བྱས་ནས།ཆོས་ལུགས་བར་གྱི་འབྲེལ་བའི་འཆམ་མཐུན་ལ་སྐུལ་མ་གཏོང་དགོས།