དབང་པོ་ལྔའི་འགྱུར་ལྡོག་དང་བདེ་ཐང་དབར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།    ཁམས་པའི་དྲ་བ།

        1 མིག་གིས་གློ་བུར་དངོས་པོ་མི་མཐོང་བ་དེ་ནི་མཆིན་པའི་ནུས་པ་ཉམས་པའི་རྟགས་ཡིན་པ་དང་། 2 དྲི་ཚོར་ཆུང་དུ་འགྲོ་བ་དེ་ནི་གློ་བའི་ནུས་པ་ཉམས་པའི་རྟགས་ཡིན། 3 ཁ་ཏིག་ཏུ་འགོ་བ་ནི་གཤེར་མའི་ནུས་པ་ཉམས་པའི་རྟགས་ཡིན་པ།ཕོ་བར་སྐྱོན་བྱུང་སྐབས་མཆུ་ཏོ་སྐམ་པ་དང་ཐ་ན་གས་པ། 4 རྣ་བས་སྒྲ་གསལ་པོར་ཐོས་མི་ཐུབ་པ་དེ་ནི་མཁལ་མའི་ནུས་པ་ཉམས་པའི་རྟགས་ཡིན་པ།མཁལ་མའི་ནུས་པ་ཆུང་དུ་འགྲོ་མཁན་མང་ཆེ་བ་ནི་བསྡད་ནས་ལས་ཀ་བཡེད་མཁན་ཡིན་སྟབས་ཡུན་རིང་བསྡད་ནས་འགུལ་སྐྱོད་མི་བྱེད་མཁན་གྱིས་དེ་བས་གཟབ་ནན་བྱེད་དགོས་པ།5དྲོ་ཚོར་ཉམས་པ་དེ་ནི་སྙིང་གི་ནུས་པ་ཉམས་པའི་རྟགས་ཡིན་པ།ཁ་སྐམ་པ་དང་ཁ་ཏིག་ཁ་ནས་ལྟོ་ཆས་ཀྱི་བྲོ་བ་མི་ཚོར་བའི་སྐབས་སྙིང་གི་ནད་འགྱུར་བ་ཡོང་བར་དོ་སྣང་བྱེད་དགོས།