སེམས་ཀྱི་ཉི་ཟླ་རྫོང་གི་རྩིས་བཤེར་ལས་ཀར་ཤོག་བུ་མེད་པའི་གཞུང་ལས་གཉེར་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།   བསོད་ནམས་ཆོས་ལྡན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།གསར་འགོད་པས་སེམས་ཀྱི་ཉི་ཟླ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་དོན།སེམས་ཀྱི་ཉི་ཟླ་རྫོང་གིས་རྩིས་བཤེར་ལས་ཀར་ཤོག་བུ་མེད་པའི་གཞུང་ལས་གཉེར་བ་མངོན་དུ་འགྱུར་རྒྱུ་ཡིན་ཞིང་།དེ་ནས་ཏན་ཏིག་གིས་སྲིད་འཛིན་མ་གནས་ཉུང་དུ་གཏོང་ཐུབ་རྒྱུ་རེད།
       རྩིས་བཤེར་བརྡ་འཕྲིན་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་དང་རྩིས་བཤེར་གྱི་ལག་རྩལ་བྱ་ཐབས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་།སེམས་ཀྱི་ཉི་ཟླ་རྫོང་རྩིས་བཤེར་ཅུས་ཀྱིས་ “དངུལ་བཤེར་ལས་གྲྭའི” མཁྲེགས་ཆས་སྒྲིག་ཆས་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག    རྩིས་བཤེར་མི་སྣས་རྩིས་འཁོར་སྤྱད་ནས་གཞུང་ལས་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་ཆེད།ཧུར་ཐག་གིས་ཅུས་ཡོངས་ཀྱི་རྩིས་བཤེར་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་འབོར་ཚོ་གཉིས་སུ་བགོས་ནས་གོང་རིམ་རྩིས་བཤེར་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་རྩིས་འཁོར་བེད་སྤྱོད་སྐོར་གྱི་གསོ་སྦྱོང་དུ་ཞུགས་པ་རེད།གཙོ་བོ་ནི་ OA མ་ལག་གི་གཞུང་ཡིག་འཁོར་རྒྱུག་ཐག་གཅོད་དང་རྨང་གཞིའི་རྩིས་འཁོར་གྱི་གཞོགས་འདེགས་རྩིས་བཤེར་མ་ལག་གི་བེད་སྤྱོད་སོགས་ཀྱི་ནང་དོན་ཉན་པ་དང་སློབ་སྦྱོང་བྱས་པ་རེད།སློབ་སྦྱོང་བྱས་པར་བརྟེན་ནས།རྩིས་བཤེར་ལས་བྱེད་པ་ཡོངས་ཀྱིས་ “དངུལ་བཤེར་ལས་གྲྭའི” རྩིས་བཤེར་དོ་དམ་མ་ལག་ལ་དེ་བས་ཟབ་པའི་རྒྱུས་ལོན་ཞིང་།བྱང་ཆ་དོད་པོའི་ངང་ OA དང་ AO མཉེན་ཆས་ཀྱི་བཀོལ་སྤྱོད་འཁོར་རིམ་དང་དེའི་ལག་རྩལ་ཁོང་དུ་ཆུད་པ་རེད།