སེམས་ཀྱི་ཉི་ཟླ་རྫོང་གི་ས་ཁྲལ་ཡོང་སྒོ་ལ་འགོ་ཚུགས་མ་ཐག་གི་རྒྱལ་ཁ་ཐོབ་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 2013 ལོའི་ལོ་འགོར།སེམས་ཀྱི་ཉི་ཟླ་རྫོང་ས་གནས་ཁྲལ་དོན་ཅུས་ཀྱི་ས་ཁྲལ་ཡོང་སྒོ་ལ་གནས་ཚུལ་ཡག་པོ་ཞིག་བྱུང་ཡོད་དེ།འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་པ་རེད། 
       ཟླ་ 1 པོར།   སེམས་ཀྱི་ཉི་ཟླ་རྫོང་ས་ཁྲལ་ཡན་ལག་ཅུས་དང་པོའི་ཡོང་སྒོ་སྒོར་ཁྲི་ 60926058.48 ཟིན་པས།སྔ་ལོའི་དུས་མཉམ་ལས་ 42.24% འཕར་བ།རྫོང་ཡན་ལག་ཅུས་གཉིས་པའི་ཡོང་སྒོ་སྒོར་4382300.64ཟིན་པས།སྔ་ལོའི་དུས་མཉམ་ལས་305.95%འཕར་བ།རྫོང་ཡན་ལག་ཅུས་གསུམ་པའི་ཡོང་སྒོ་སྒོར་10203382.51ཟིན་པས།སྔ་ལོའི་དུས་མཉམ་ལས་54.57%འཕར་བ་རེད།
        ཁྲལ་རིགས་སོ་སོའི་ཁྲོད་དུ།ཁེ་ལས་ཀྱི་ཐོབ་ཁྲལ་དང་མི་སྒེར་ཐོབ་ཁྲལ་གྱི་འཕར་ཚད་མཐོ་ཙམ་བྱུང་ཞིང་།ཐོན་ཁུངས་ཀྱི་ཁྲལ་དང་ས་ཞིང་སྤྱོད་པའི་ཁྲལ་བཅས་མཐོར་འཕར་ཡོད།ཚོང་ཁྲལ་གཙོ་བོ་ནི་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་གནས་གྲངས་35.7ཉུང་དུ་བཏང་བ་རེད།