དཔག་སྨད་གྲོང་སྡེར་སྟར་ཀ་འདེབས་པར་བྲེལ་བ་ཆེན་པོ་བྱུང་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར། བདེ་ཆེན་རྫོང་ཧྥུའུ་ཧྲན་ཤང་དཔག་སྨད་གྲོང་གི་གྲོང་མིས་པ་ལ་ཁ་སྟར་ཀ་ཤུན་ལྡན་ཤིང་ཏོག་གནས་གཞི་རུ་སྟར་ཀ་འདེབས་འཛུགས་བྱས་ནས། སྟར་ཀ་མུའུ་རྒྱ་འཛུགས་པ་རེད།
       སྟར་ཀ་འཛུགས་པའི་ཁྲོད་དུ། གྲོང་མི་རྣམས་ཀྱིས་གོ་རིམ་ལྡན་པའི་ངང་ལས་བགོས་བྱས་ཏེ། “ས་ཡག་པོ་ཞིག་བདམས་པ་དང་། དོང་རྐོ་བ། ལུད་རྒྱག་པ། སྡོང་ཕྲུག་ཡག་པོ་འཛུགས་པ། ཆུ་གཏོང་བ། འགྱིག་ཤོག་ཁེབས་པ། སྲུང་སྐྱོང་བྱ་ཐབས་པ” སོགས་ཀྱི་བྱ་ཐབས་སྤྱད་ནས་འདེབས་འཛུགས་བྱས། གྲོང་སྡེའི་ཀྲུའུ་རེན་གྱིས་བཤད་དོན། སྟར་ཀ་གསོ་ཐུབ་ན། སྟར་ཀའི་ཤིང་སྡོང་འོག་བྱ་གསོ་ཆོག་པ་མ་ཟད། ད་དུང་སྡོང་པོའི་བར་དུ་སྔོ་ཚལ་འདེབས་ཆོག་པ་རེད།
       ཤེས་གསལ་བྱུང་དོན། དཔག་སྨད་གྲོང་གི “རིགས་མཐུན་རོགས་སྐྱོར” གྱི་ལས་ཀ་དོན་དུ་འཁྱོལ་བ་དང་དབུལ་ཕོངས་རོགས་སྐྱོར་བྱེད་ཚད་མཐོར་གཏོང་བའི་ཆེད་དུ། ཁུལ་ནོར་སྲིད་ཅུས་ཀྱིས་མ་དངུལ་སྒོར་ཁྲི 45 གྲ་སྒྲིག་བྱས་ནས་སྟར་ཀའི་གནས་གཞིའི་འཛུགས་སྐྲུན་དུ་འཇོག་པ་དང་།   སྒོར་ཁྲི 75 གྲ་སྒྲིག་བྱས་ནས་གནས་གཞིའི་འཐུང་ཆུ་གསོག་པའི་ལས་གྲྭར་འཇོག་པ། གཞན་ཡང་། ས་ཐང་གནའ་གྲོང་གིས་མ་དངུལ་སྒོར་ཁྲི 20 དང་བདེ་ཆེན་རྫོང་ཚན་རྩལ་ཅུས་ཀྱིས་སྒོར་ཁྲི 8 གྲ་སྒྲིག་བྱས་པ།  བདེ་ཆེན་རྫོང་ནགས་ལས་ཅུས་ཀྱིས་དཔག་སྨད་གྲོང་ལ་རིན་པ་མི་ལེན་པའི་སྟར་ཀའི་སྡོང་ཕྲུག15000འདོན་པ་རེད།