བདེ་ཆེན་རྫོང་གི་ཟོག་གོང་ཕལ་ཆེར་བརྟན་འཇགས་བྱུང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་རྫོང་འཕེལ་བསྒྱུར་ཅུས་ཀྱི་ཟོག་གོང་ལྟ་ཚད་གནས་ཚུལ་གྱིས་གསལ་པོར་མཚོན་དོན།རྫོང་འདིས་ཚོང་རའི་ལྟ་སྲུང་དོ་དམ་ལ་མཐོང་ཆེན་བྱས་པ་དང་།འབྲེལ་ཡོད་སྡེ་ཁག་གིས་ལྟ་སྲུང་དོ་དམ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་བཏང་བ།མིག་སྔར།ཟོག་གོང་ཕལ་ཆེར་བརྟན་འཇགས་བྱུང་ཡོད་དེ།སྔོ་ཚལ་དང་།ཤ་རིགས་ཀྱི་སིལ་ཚོང་རིན་གོང་ནི་སེམས་ཀྱི་ཉི་ཟླ་རྫོང་དང་།འབའ་ལུང་རྫོང་གི་རིན་གོང་དང་ཧེ་བག་ཆེ་བ་མེད་ཅིང་།ཤ་རིགས་ཀྱི་རིན་གོང་ཧེ་བག་ཆེས་ཆེ་བ་ནི་སྟོང་ཁེ་རེ་ལ་སྒོར་2—  3 ཡས་མས་ཡིན་པ་དང་།སྔོ་ཚལ་གྱི་རིན་གོང་ནི་ཕལ་ཆེར་ཉེ་འཁོར་དུ་ཡོད་པའི་རྫོང་གཉིས་དང་འདྲ་བ་རེད།
       བདེ་ཆེན་རྫོང་དེ་མཐའ་མཚམས་སུ་གནས་པས།དངོས་རྫས་གཙོ་བོར་རླངས་འཁོར་གྱིས་སྐྱེལ་འདྲེན་ལ་བརྟེན་ཏེ།དངོས་རྫས་མང་ཤོས་ས་ཆ་གཞན་དག་ནས་འདྲེན་དགོས་པའི་རྐྱེན་གྱིས།སྐྱེལ་འདྲེན་གྱི་མ་གོང་མཐོ་བའི་རྐྱེན་ཟོག་གོང་འགའ་ཤེས་ཀྱི་རིན་གོང་ས་གནས་གཞན་ལས་མཐོ་པོ་བྱུང་བ།ཉེ་བའི་ལོ་འགའི་རིང་ལ།བདེ་ཆེན་རྫོང་གིས་ཚོང་རའི་ལྟ་སྲུང་དོ་དམ་ལ་ཤུགས་བསྣན་པ་ལས་གཞན།སྔོ་ཚལ་དང་ཤིང་ཏོག་སོགས་ཀྱི་ཐོན་རྫས་ཀྱི་ཐོན་སྐྱེད་ལ་མཐོང་ཆེན་བྱས་ཡོད་དེ།རྫོང་ཡོངས་ཀྱིས་རྒུན་འབྲུམ་བཙུགས་པའི་རྒྱ་ཁྱོན་མུའུ་ 10710 ཟིན་པས།ཐོན་ཚད་ཏུན་ 4000 ཟིན་པ།སྤུས་ལེགས་ཀྱི་ཞོག་ཁོག་མུའུ་10000བཙུགས་པ་དང་།སྔོ་ཚལ་ཐོན་སྐྱེད་གནས་གཞི་མུའུ་2183བཙུགས་པ་རེད།