རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།འབའ་ལུང་རྫོང་ཨུའི་རྩ་འཛུགས་པུའུ་དང་།འབའ་ལུང་རྫོང་ལས་བྱེད་པ་རྒན་པའི་ཅུས་ཀྱིས་ཕང་ཐན་སྒང་གྲོང་སྡེར་གཞོན་ནུ་ལ་ལས་ལམ་གསར་འབྱེད་བྱེད་པའི་དངོས་ཕན་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ།
ཀ་ཀ་ཐང་གྲོང་སྡེའི་མང་ཚོགས་ཀྱི་ཚན་རྩལ་བྱང་ཚད་དམའ་བའི་རྐྱེན།ཐོན་ལས་གོང་སྤེལ་ལ་ཚན་རྩལ་འདྲེས་ཚད་དམའ་བའི་གནད་དོན་འབུར་དུ་ཐོན་པ།འབུར་དུ་ཐོན་པའི་གནད་དོན་འདི་ལ་དམིགས་ནས།འབའ་ལུང་རྫོང་ཨུའི་རྩ་འཛུགས་པུའུ་དང་ལས་བྱེད་པ་རྒན་པའི་ཅུས་ཀྱིས་ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་བ་ནི་དབུལ་སྐྱོར་ལས་ཀའི་གནད་ཆེ་སར་གྱུར་ནས།མི་ཤུགས་དང་དངོས་ཤུགས་སྒྲིག་འཛུགས་བྱས་ཤིང་དངོས་ཕན་གྱི་ལག་རྩལ་གསོ་སྦྱོང་སྤེལ་བ་དང་།ངལ་རྩོལ་པའི་བྱང་ཚད་མཐོ་རུ་བཏང་ནས།ཞིང་ལས་ཀྱི་ཐོན་སྤེལ་དང་འཕར་སྣོན།ཞིང་པའི་ཡོང་སྤར་ལ་ཚན་རྩལ་རོགས་སྐྱོར་བྱས་པ་རེད།
ཉིན་དེའི་གསོ་སྦྱོང་འཛིན་གྲྭའི་ཐོག་ལ། འབའ་ལུང་རྫོང་ནགས་ལས་དང་།ཞིང་ལས་སྡེ་ཁག་གི་ཆེད་ལས་མཁས་པས་གྲོང་སྡེ་འདིའི་ལས་ལམ་གསར་འབྱེད་བྱེད་པའི་གཞོན་ནུ་ 82 ལ་སྟར་ཀ་འཛུགས་པའི་ལག་རྩལ་དང་ཁྱིམ་བྱའི་གསོ་སྤེལ།རིམས་ནད་འགོག་པ་སོགས་ཀྱི་ཤེས་བྱ་སློབ་ཁྲིད་བྱས་པ་དང་།ཆེད་ལས་མཁས་པའི་འགྲེལ་བཤད་དེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་བཅར་བས།གསོ་སྦྱོང་དུ་ཞུགས་པའི་མི་སྣར་ཕན་པ་མི་དམན་པ་ཐོབ་པ་རེད།འབྲེལ་གཏུག་ལས་ཁུངས་ཀྱི་འགན་ཁུར་བས་གསོ་སྦྱོང་འཛིན་གྲྭའི་ཐོག་གསོ་སྦྱོང་དུ་ཞུགས་པའི་མི་སྣ་དང་ལས་ལམ་གསར་འབྱེད་ཀྱི་འདུ་ཤེས་དང་།ལས་ལམ་གསར་འབྱེད་ཀྱི་སྲིད་ཇུས་སོགས་ཀྱི་ཕྱོགས་ལ་ཁྲིད་སྟོན་བྱས་པ་རེད།