རི་གྲོང་གི་དངོས་ཟོག་ཉོ་འཚོང་བརྗེ་རེས་འཁྲུག་ཆ་དོད་པོ་ཡིན་པ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ 3 པའི་ཚེས 23 ཉིན།  འབའ་ལུང་རྫོང་ཀྲུང་ལུའུ་ཤང་ཙ་ལི་གྲོང་ཚོའི་ཚོང་རའི་ནང་ཞིང་སྤྱོད་ཡོ་བྱད་དང་།  ཉིན་རེའི་རྒྱུན་སྤྱོད་མཁོ་ཆས།  གོན་པ།  ཁྱིམ་གློག་སྤྱོད་ཆས་སོགས་བཤམས་ཡོད་པ་དང་།  ས་གནས་དེ་གའི་མང་ཚོགས་ཀྱིས་རྡོ་ཐ་དང་།  སྦྲང་རྩི་སོགས་ཁྱད་ལྡན་ཐོན་རྫས་བཤམས་ནས་བཙོང་བཞིན་ཡོད་ལ།  ཁྲོམ་རའི་དངོས་ཟོག་ཉོ་འཚོང་བརྗེ་རེས་བྱེད་པ་འཁྲུག་ཆ་དོད་པོར་གྱུར་ཡོད།
       2006 ལོའི་སྔོན་དུ། ཙ་ལི་གྲོང་ཚོར་གཏན་འཁེལ་གྱི་ཚོང་ཟོག་ཉོ་འཚོང་བརྗེ་རེས་བྱེད་སའི་ཚོང་ར་གཅིག་ཀྱང་མེད།   གྲོང་མིས་ཉིན་རེའི་རྒྱུན་སྤྱོད་མཁོ་ཆས་དང་།  ཞིང་སྤྱོད་ཡོ་བྱད་སོགས་ཉོ་དགོས་ན་ངེས་པར་དུ་རྫོང་མཁར་དུ་འགྲོ་དགོས་ཤིང་།  རང་ཉིད་ཀྱི་ཁྱད་ལྡན་ཐོན་རྫས་དང་ཞིང་ལས་ཐོན་རྫས་ཡང་ཕྱི་ལ་བཙོང་དཀའ་བ་རེད།  ཞིང་པ་མང་ཚོགས་ལ་གཏན་འཁེལ་གྱི་ཉོ་འཚོང་བརྗེ་རེས་ཚོང་ར་མེད་པ་དང་།   ནུས་ཡོད་ཀྱིས་དངོས་ཟོག་ཉོ་འཚོང་བརྗེ་རེས་བྱེད་མི་ཐུབ་པའི་གནས་ཚུལ་དེ་ཐག་གཅོད་ཆེད།  ཙ་ལི་གྲོང་ཚོའི་ཨུ་གཉིས་ཀྱི་འགོ་ཁྲིད་ཚོགས་པས་འབྲེལ་གཏུག་འོས་སྦྱོར་དང་།  རི་གྲོང་དངོས་ཟོག་ཉོ་ཚོང་བརྗེ་རེས་ཚོགས་འདུ་འགན་སྒྲུབ་བྱས་ནས།  ཟླ་རེའི་ཚེས3དང་། ཚེས13ཉིན།  ཚེས23ཉིན་ནི་ཁྲོམ་ལ་སོང་ནས་ཉོ་ཚོང་བྱེད་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད། 
       2006 ལོར་དངོས་ཟོག་ཉོ་ཚོང་བརྗེ་རེས་ཚོགས་འདུ་སྒྲུབ་དུས།  གྲོང་ཚོའི་ཨུ་གཉིས་ཀྱིས་ས་གནས་དེ་གའི་མང་ཚོགས་ལ་འོས་འཚམས་ཀྱི་ཁ་གསབ་སྤྲད་པ་དང་།  མང་ཚོགས་རྣམས་ཉོ་ཚོང་བརྗེ་རེས་ཚོགས་འདུའི་ནང་ཞུགས་པར་སྐུལ་མ་གནང་བ་རེད།  ལོ་འགའི་རྗེས་སུ།  ཉོ་ཚོང་བརྗེ་རེས་ཚོགས་འདུ་དེ་མང་ཚོགས་ཀྱིས་རང་འགུལ་གྱིས་དང་ལེན་བྱས་ཤིང་།  ཨུ་གཉིས་ཀྱི་འགོ་ཁྲིད་ཚོགས་པའང་འོས་སྦྱོར་ལས་ཀ་ལས་ཕྱིར་འཐེན་བྱས་ནས།  ཚོང་ཟོག་ཉོ་ཚོང་བརྗེ་རེས་ཚོགས་འདུ་ལ་ཁྲོམ་རའི་རྣམ་པའི་འཁོར་སྐྱོད་བྱེད་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།