བདེ་ཆེན་རྫོང་གིས་དཔྱིད་ཀའི་སྲོག་ཆགས་ནད་འགོག་གྲོང་ཡོངས་སུ་རྒྱ་ཁྱབ་གཏོང་བའི་ལས་ཀ་འགོ་ཚུགས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཉེ་ཆར། བདེ་ཆེན་རྫོང་སྲོག་ཆགས་ནད་འགོག་གྲོང་ཡོངས་སུ་རྒྱ་ཁྱབ་གཏོང་བའི་ལས་ཀ་ཐང་སྟེང་ཤང་དུ་འགོ་ཚུགས་པ།ཁུལ་སྲོག་ཆགས་འགོས་ནད་འགོག་བཅོས་བཀོད་སྒྲིག་ལྟེ་གནས་དང་། རྫོང་ཕྱུགས་ལས་སྨན་བཅོས་ཅུས།རྫོང་སྲོག་ཆགས་འགོས་ནད་འགོག་བཅོས་བཀོད་སྒྲིག་ལྟེ་གནས། ཐང་སྟེང་ཤང་དང་བྲག་ཞབས་ཤང་གི་གྲོང་སྡེ་སྲོག་ཆགས་ནད་འགོག་མི་སྣ།གྲོང་མི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་རྫོང་ཡོངས་ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱི་ལས་ཀ་མི་སྣ་འགོ་ཚུགས་མཛད་སྒོར་ཞུགས་པ།ཁུལ་སྲོག་ཆགས་འགོས་ནད་འགོག་བཅོས་བཀོད་སྒྲིག་ལྟེ་གནས་དང་། རྫོང་ཕྱུགས་ལས་སྨན་བཅོས་ཅུས་སོགས་ཀྱིས་ག་འདྲས་སྲོག་ཆགས་ཀྱི་འགོས་ནད་འགོག་བཅོས་གྲོང་སྡེ་ཡོངས་སུ་རྒྱ་ཁྱབ་གཏོང་བའི་ལས་ཀ་ཡག་པོ་སྒྲུབ་པའི་སྐོར་ཕན་ཚུལ་སྤེལ་རེས་བྱས་པ།ད་དུང་རྫོང་དང་། ཤང་། གྲོང་སྡེ་རིམ་པ་གསུམ་གྱི་སྲོག་ཆགས་ནད་འགོག་ལས་ཀའི་དམིགས་འབེན་དོ་དམ་འགན་འཁྲིའི་ཡིག་ཆ་འགོད་པ།