སྐད་ཚགས་ཤང་གིས་འཕྲོད་བསྟེན་ཞབས་འདེགས་སྐྱེལ་བ་ལ་ཁྱིམ་ཚང་ཁྲི་ཕྲག་ཏུ་ཞུགས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

      སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།སེམས་ཀྱི་ཉི་ཟླ་རྫོང་སྐད་ཚགས་ཤང་འཕྲོད་བསྟེན་ཁང་གིས་ “སྟོང་སྐུལ” བྱེད་སྒོ་དེ་འགག་རྩར་བཟུང་ནས།ལས་བྱེད་ཚོ་ཆུང་སོ་སོས་རོགས་སྐྱོར་བྱས་པའི་འོག   གྲོང་སྡེ་སོ་སོར་སླེབས་ཤིང་གཞི་རྩའི་སྤྱི་པའི་འཕྲོད་བསྟེར་ཞབས་འདེགས་ཀྱི་ལས་ཀ་སྒྲུབ་པ་རེད།    
      འཕྲོད་བསྟེན་ཁང་གིས་འབྲེལ་ཡོད་ཆེད་ལས་ཀྱི་ལག་རྩལ་མི་སྣ་ 5 རྩ་འཛུགས་བྱས་པ་དང་།སྣ་རིགས་སོ་སོའི་ཞིབ་བཤེར་སྒྲིག་ཆས་ཁྱེར་ནས་གྲོང་སྡེ་དང་ཧྲེ་རུ་སླེབས་ཏེ་ལུས་པོའི་ཞིབ་བཤེརདང་།གཅོང་ནད་ལ་འདེམས་ཞིབ་དང་འཚམས་འདྲི།དོ་དམ་བྱེད་པའི་ལས་ཀ་སྒྲུབ་པ་རེད། ལས་བྱེད་ཚོ་ཆུང་གིས་སྨན་བཅོས་མི་སྣ་ལ་རོགས་རམ་བྱས་ནས་ཞིབ་བཤེར་མི་སྣ་ཐོ་འགོད་པ་སོགས་ཀྱི་ལས་ཀ་སྒྲུབ་པ།ཐེངས་འདིའི་ཞིབ་བཤེར་རྣམ་གྲངས་ལ་སྲོག་རྩའི་ཁྱད་རྟགས་ཆེན་པོ་བཞི་དང་།ཁྲག་མངར་དང་ཁྲག་རིགས་ལ་ཚད་ལེན་བྱེད་པ་སོགས་གཏོགས་པའི་ཆེད།མི་སེར་ལ་དངོས་པོར་སྒོ་ཁར་སྟབས་བདེ་དང་།སྨན་ཡོན་མི་དགོས་པ།མགྱོགས་མྱུར།ནུས་ཆེའི་འཕྲོད་བསྟེན་བདེ་སྲུང་ཞབས་འདེགས་ལོངས་སུ་སྤྱོད་ཐུབ་པ།སྔར་ལས་ལྷག་པར་འགོག་སྨན་རྒྱག་པ་དང་མ་བུ་བདེ་སྲུང་།འགོས་ནད་འགོག་པ།བདེ་ཐང་གི་སློབ་གསོ་སོགས་ཀྱི་ལས་ཀར་ཤུགས་བསྣན་པ་རེད།

       ངོ་སྤྲོད་བྱས་པ་ལྟར་ན།ཐེངས་འདི་གྲོང་གསེབ་ཏུ་བསྐྱོད་ནས་འཕྲོད་བསྟེན་ཞབས་འདེགས་ཞུས་པར་བསྡོམས་པའི་ཁྲག་ཤེད་མཐོ་བའི་ནད་པ་324དང་།གཅིན་པ་མངར་འགྱུར་གྱི་ནད་པ་15 སྨྱོ་ནད་ལྕི་མོའི་ནད་པ་5   ལོ་ན་65ཡན་ལོན་པའི་རྒན་པ་450ལ་འཚམས་འདྲི་ཞུས་པ་དང་།བདེ་ཐང་གི་ཡིག་ཚགས་4240ཐོ་འགོད་བྱས་པ།སྣ་རིགས་སོ་སོའི་བདེ་ཐང་དང་སློབ་གསོའི་དཔྱད་ཡིག་1560བཏང་བ་རེད།