ཁུལ་བོད་ལུགས་སྨན་ཁང་གིས་སྨན་བཅོས་སྤུས་ཚད་དང་བདེ་འཇགས་དོ་དམ་ཇེ་དྲག་ཏུ་བཏང་བ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།   ཉེ་བའི་ལོ་འགའི་རིང་ལ། ཁུལ་བོད་ལུགས་སྨན་ཁང་གིས་སྒྲིག་གཞི་འཐུས་ཚང་དུ་བཏང་ནས།  གཏིང་ཟབ་ཀྱིས མུ་མཐུད་ནས་སྤུས་ཚད་ལེགས་བཅོས་བྱེད་པ་དང་།  སྨན་བཅོས་བདེ་འཇགས་ལ་ཁེག་ཐེག་བྱེད་པ” བརྗོད་བྱ་གཙོ་བོ་ཡིན་པའི་སྨན་བཅོས་སྤུས་ཚད་ལེ་དབར་ཁྲི་ལ་བསྐྱོད་པའི་བྱ་འགུལ་སྤེལ་ཞིང་།   མུ་མཐུད་ནས་སྨན་ཁང་གི་སྨན་བཅོས་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ།  སྨན་བཅོས་སྤུས་ཚད་དང་སྨན་བཅོས་བདེ་འཇགས་ལ་འགན་སྲུང་བྱས་པ་རེད།  ཧུར་ཐག་གིས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་།  ནུས་པ་ཐོན་པ། སྟབས་བདེ་བ།  རིན་གོང་བདེ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྒྲུབ་པ་རེད།  

        ལས་ཀའི་ལམ་ལུགས་འཐུས་ཚང་དུ་བཏང་བ།  འགོ་ཁྲིད་རྩ་འཛུགས་བཙུགས་ནས་གསལ་ཐག་གིས་ལས་ཀ་བགོས་པ།  དམིགས་འབེན་དང་།  འགན་འཁྲི།  གཟེངས་བསྟོད་དང་ཆད་གཅོད་སོགས་གསལ་ཐག་ཆོད་པར་བྱས་པ་རེད།  སྨན་བཅོས་སྤུས་ཚད་ལེ་དབར་ཁྲི་ལ་བསྐྱོད་པའི་བྱ་འགུལ་གྱི་བརྗོད་བྱ་དང་ཟུང་འབྲེལ་བྱས་ནས།  རྣམ་པ་མང་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་རེད། 

       ཁུལ་བོད་ལུགས་སྨན་ཁང་གིས་ཐོག་མཐའ་བར་གསུམ་དུ་སྨན་པར་གསོ་སྦྱོང་བྱེད་པ་དེ་གནས་བབ་གལ་ཆེན་དུ་བརྩིས་ནས།    བྱ་ཐབས་མང་བོ་སྤྱད་དེ་ཕྱོགས་ཡོངས་ནས་ལས་སྒོའི་ལག་རྩལ་མི་སྣའི་གསོ་སྦྱོང་སྤེལ་བ་རེད།གསོ་སྦྱོང་བྱས་པ་བརྒྱུད་སྨན་པས་འཕྲོད་བསྟེན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་།  གཏན་འཁེལ། ལམ་ལུགས་སོགས་ལ་རྒྱུས་ལོན་ཐོབ་ཅིང་། ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད།  

       གནད་ཆེའི་རིམ་པ་ཁག་གི་དོ་དམ་ལ་ཤུགས་བསྣན་པ།  སྨན་བཅོས་ཀྱི་སྤུས་ཚད་ནི་སྨན་ཁང་འཚོ་སྡོད་དང་འཕེལ་རྒྱས་གཏོང་བའི་ཚེ་སྲོག་གི་འགག་རྩ་ལྟ་བུ་ཡིན།  ཁུལ་བོད་ལུགས་སྨན་ཁང་གིས་སྨན་བཅོས་སྤུས་ཚད་ཀྱི་ལས་ཀ་དང་འབྲེལ་ནས།  དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ལ།  གཏིང་ཟབ་ཀྱིས་སྨན་ཁང་གི་འགོ་ཁྲིད་ཀྱིས་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་བ་དང་།  ཟླ་རེར་ཐེངས་གཅིག་གི་སྨན་བཅོས་གཉོར་སྐྱོང་སྤུས་ཚད་དབྱེ་ཞིབ་ཚོགས་འདུ་འཚོགས་ནས།  སྨན་བཅོས་སྤུས་ཚད་ཀྱི་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས།  དེར་ཐད་ལ་གནས་པའི་གནད་དོན་དང་བདེ་འཇགས་ཀྱི་ཉེན་ཁ་སོགས་བཙལ་ནས།   གནས་པའི་གནད་དོན་སྤྱི་བསྒྲགས་བྱས་ཤིང་།  སྨན་བཅོས་བདེ་འཇགས་བྱ་ཐབས་གསར་བཟོ་བྱས་པ་རེད།  སྨན་ཁང་རང་གི་གནས་ཚུལ་དངོས་དང་བསྟུན་ནས།  རང་བཤེར་དང་ལེགས་བཅོས་བྱས་ཏེ།  ཕྱོགས་ཡོངས་ནས་སྨན་བཅོས་སྤུས་ཚད་མཐོར་འདེགས་བཏང་བ་རེད།

       བདེ་འཇགས་ཐོན་སྐྱེད་ལས་ཀའི་ཕྱོགས་ནས།  སྔར་ལས་ལྷག་པར་བདེ་འཇགས་ཐོན་སྐྱེད་ཀྱི་འགོ་ཁྲིད་རྩ་འཛུགས་དང་།  སྒྲིག་གཞི་དོ་དམ།  ལམ་ལུགས་སྒྲིག་སྲོལ།  བཀོལ་སྤྱོད་ཀྱི་གོ་རིམ་དང་ཚད་གཞི་བཅས་འཐུས་ཚང་དུ་བཏང་བ་རེད།  མི་སྣའི་བཀོད་སྒྲིག་གི་བླང་བྱ་གསལ་ཐག་ཆོད་པར་བྱས་ཏེ།  བྱ་ཐབས་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་མ་ཟད།  སྨན་ཁང་ཡོངས་ཀྱི་སྒྲིག་ཆས་སྣ་ཚོགས་བདེ་འཇགས་ཀྱིས་འཁོར་བསྐྱོད་བྱེད་ཐུབ་པའི་ཁག་ཐེག་བྱས།  

      ཁུལ་བོད་ལུགས་སྨན་ཁང་གིས་ད་དུང་སྨན་ཁང་གི་སྨན་དོན་དོ་དམ་ལས་ཀ་འཐུས་ཚང་དུ་བཏང་ནས།   སྐབས་ཐོག་ཏུ་སྨན་ཁང་ནང་གི་སྨན་བཀོལ་བའི་གནས་ཚུལ་དང་འཆར་གཞི་ལ་ལྟ་སྐུལ་དོ་དམ་དང་།   དཔྱད་གླེང་། སྤྱི་བསྒྲགས་སོགས་ཀྱང་བྱས་པ་རེད།