ཡན་མེན་ཤང་གིས་གྲོང་གསེབ་ཕྱུགས་ཟོག་གི་རིམ་ནད་བྱུང་ཚུལ་སྔོན་འགོག་བྱས་པ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།   

     སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།   ནུས་ཡོད་ཀྱིས་གལ་ཆེ་བའི་སྲོག་ཆགས་ཀྱི་རིམ་ནད་བྱུང་ཚུལ་སྔོན་འགོག་དང་སྔོན་བཅོས་བྱེད་ཆེད།   བདེ་ཆེན་རྫོང་ཡན་མེན་ཤང་ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱིས་ཟླ 3 པའི་ཚེས 25 ཉིན་ནས་ཟླ 5 བའི་བར།  ཤང་ཡོངས་ཀྱི་གྲོང་གསེབ་སོ་སོའི་གྲོང་མི་ཚོ་ཆུང་གིས་དཔྱིད་ཀའི་ཕྱུགས་ཟོག་ཐུན་མོང་ལ་རིམ་ནད་བྱུང་ཚུལ་སྔོན་འགོག་བྱེད་པའི་ལས་ཀ་སྒྲུབ་པ་རེད།

      ཡན་མེན་ཤང་ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱིས་ཚགས་ནན་མོས་བཀོད་སྒྲིག་བྱས་ཏེ།   རྫོང་དང་། ཤང་།  གྲོང་གསེབ་རིམ་པ་གསུམ་གྱི་ལས་བྱེད་མི་སྣ 10 ལྷག་ཚོ་ཆུང 4 རུ་བགར་ཏེ།  གྲོང་མི་ཚོ་ཆུང་རེ་རེ་དང་།  ཞིང་པའི་ཁྱིམ་ཚང་རེ་རེ་སོང་ནས་ཞབས་ཞུ་སྒྲུབ་པ་རེད།  ལས་བྱེད་མི་སྣས་གྲ་སྒྲིག་བྱས་ཟིན་པའི་སྨན་རྫས་དང་།  སྨན་ཀྱི་ཡོ་བྱད་སོགས་འཁྱེར་ནས།  གྲོང་གསེབ་ཀྱི་ཁྱིམ་ཚང་རེ་རེར་སོང་ནས་ནན་ཏན་གྱིས་ཕྱུགས་ཟོག་གསོ་སྤེལ་བྱས་པའི་གནས་ཚུལ་ཐོ་འགོད་བྱས་པ་མ་ཟད།   སེམས་ཞིབ་མོས་ཕྱུགས་རིགས་ཀྱི་ནད་འགོག་གི་འབྲེལ་ཡོད་སྲིད་ཇུས་དང་ཤེས་བྱར་འགྲེལ་བཤད་བྱས་ཏེ།   གྲོང་མི་རྣམས་ལ་ཕྱུགས་ཟོག་གི་ཉེན་འགོག་ལས་གཉེར་བྱས་པ་དང་།  ལུག་དང་། རྟ།  ནོར།  ཕག་སོགས་ལ་ནད་འགོག་གི་སྨན་ཁབ་རྒྱབ་པས།  གྲོང་གསེབ་ཀྱི་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད་པ་རེད།  (ཚེ་རིང་དོན་གྲུབ་ཀྱིས་བསྒྱུར་ཞིང་ཞུས།)