རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་རང་ཁུལ་དུ་བརྟག་ཞིབ་བྱས་པ།

རྩོམ་པ་པོ།   བསོད་ནམས།   ཡིག་བསྒྱུར།       དུས་ཚོད།   2013-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


           ཟླ་4པའི་ཚེས་25ཉིན།རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཀོང་ཁྲུན་གྱིས་རང་ཁུལ་གྱི་གཞུང་ཞབས་པའི་གསོ་སྦྱོང་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་གསན་བཞིན་པ།              

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་25ཉིན།རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཀོང་ཁྲུན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱི་ཅུས་ཀྲང་གཞོན་པ། གཞུང་ཞབས་པ་ཅུས་ཀྱི་ཅུས་ཀྲང་ཧོ་ཅང་ཧྥེང་གིས་ཕེབས་རོགས་ཞུས་འོག་རང་ཁུལ་གྱི་གཞུང་ཞབས་པའི་གསོ་སྦྱོང་ལས་ཀར་བརྟག་ཞིབ་བྱས་ཤིང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
        ཚོགས་འདུའི་ཐོག   ཁུལ་མི་འབོར་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ཁུལ་ཡོངས་གཞུང་ཞབས་པའི་རུ་ཁག་གི་རྨང་གཞིའི་གནས་ཚུལ་དང་གསོ་སྦྱོང་གནས་ཚུལ་སོགས་བརྟག་ཞིབ་ཚོགས་ཆུང་ལ་ཞིབ་ཆའི་སྙན་སེང་ཞུས་པ།ཁུལ་ཏང་གི་སློབ་གྲྭ་དང་སེམས་ཀྱི་ཉི་ཟླ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་རེད།
       སྙན་ཞུ་གསན་རྗེས།བརྟག་ཞིབ་ཚོགས་ཆུང་གིས་རང་ཁུལ་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་བདེ་ཆེན་ཁུལ་ཨུ།ཁུལ་སྲིད་གཞུང་དང་རིམ་པ་ཁག་གི་གཞུང་ཞབས་པའི་དོ་དམ་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཨུ།ཞིང་ཆེན་སྲིད་གཞུང་གི་གྲོས་ཆོད་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ནས།རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་བཀོད་སྒྲིག་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་་།བདེན་འཚོལ་དངོས་སྒྲུབ་དང་གསར་འབྱེད་གསར་སྤེལ་བྱས་ནས་གཞུང་ཞབས་པའི་གསོ་སྦྱོང་དང་དཔྱད་ཞིབ།དཔྱད་ཞིབ་བསྡུ་ལེན་སོགས་ཀྱི་ལས་ཀ་ཁག་བསྒྲུབས་པས།གཞུང་ཞབས་པའི་ཁྲིམས་དང་ཆ་ཚང་ཁྲིམས་སྲོལ་གྱི་ལག་བསྟར་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས་པ་དང་།གཞུང་ཞབས་པའི་དོ་དམ་ལས་ཀ་ཁག་གི་གཅིག་གྱུར་གྱི་འཆར་འགོད་ལ་སྐུལ་འདེད་བཏང་བ།གཞུང་ཞབས་པའི་རུ་ཁག་གིས་བདེ་ཆེན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་དུ་གལ་ཆེའི་བྱེད་ནུས་འདོན་སྤེལ་བྱས་པ་རེད།བརྟག་ཞིབ་ཚོགས་ཆུང་གིས་རེ་བ་བཏོན་དོན།གཞུང་ཞབས་པའི་དོ་དམ་སྡེ་ཁག་གིས་སྔར་ལས་ལྷག་པར་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་དགོས་པ་དང་།མི་ཚེ་ཧྲིལ་པོར་སློབ་སྦྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།གཞུང་ཞབས་པའི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།གཞུང་ཞབས་པས་སྤྱི་ཡོངས་ལ་དོ་སྣང་བྱེད་རྒྱུ་སྣེ་ཁྲིད་བྱེད་དགོས།དུས་མཚུངས་སུ།གཞུང་ཞབས་པ་ལ་རིགས་མཐུན་གསོ་སྦྱོང་བྱེད་དུས་ཕ་ཡུལ་ལ་དགའ་ཞེན་དང་ཕ་ཡུལ་ལ་བྱས་རྗེས་འཇོག་པ།སྤྱོད་ཚུལ་ལེགས་པོ་དར་སྤེལ་བཏང་སྟེ་ཁྱོན་ཡོངས་ནས་གཞུང་ཞབས་པའི་རུ་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས།
        ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་འགའི་རིང་ལ།རང་ཁུལ་གྱིས་གཞུང་ཞབས་པའི་དྲ་ཐོག་སློབ་སྦྱོང་གསོ་སྦྱོང་ལ་དམ་འཛིན་བྱས་ནས་དྲ་ཐོག་སློབ་སྦྱོང་གསོ་སྦྱོང་བྱེད་རྒྱུ་དེ་གསོ་སྦྱོང་ལས་ཀ་སྤེལ་བའི་ཚད་བརྒལ་སར་འཛིན་ཏེ་དོན་འཁྱོལ་དམ་འཛིན་བྱས་ནས།གཞུང་ཞབས་པ་རེ་རེའི་དྲ་ཐོག་སྦྱོང་ངེས་སྦྱོང་ཚན་གྱི་སློབ་སྦྱོང་དུས་ཚོད་དེ་ཉིན་6དང་ཆུ་ཚོད་48ལས་མི་ཉུང་བ་བྱ་རྒྱུ་ཁག་ཐེག་བྱས་པས།སྡེ་ཁག་སོ་སོའི་གསོ་སྦྱོང་ལས་ཀའི་གཅིག་གྱུར་གྱི་གྲངས་ཀ་ཅན་གྱི་དོ་དམ་མངོན་དུ་འགྱུར་བ་དང་ཁུལ་ཡོངས་སྲིད་འཛིན་ལས་ཁུངས་ཁྲོད་དུ་ཡུན་ནན་ཤེས་ལྡན་མི་སྣའི་ཕྱོགས་བསྡུས་གསོ་སྦྱོང་དོ་དམ་མཉེན་ཆས་བེད་སྤྱོད་བྱས་པ་རེད།དེ་དང་ཆབས་ཅིག་ཧུར་ཐག་གིས་ཡུན་ནན་དང་ཧྲང་ཧའེ་བར་གྱི་མཉམ་ལས་དང་།བདེ་ཆེན་དང་ཁུན་མིང་བར་གྱི་མཉམ་ལས་གསོ་སྦྱོང་།ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རིགས་མཐུན་གསོ་སྦྱོང་བྱས་ཏེ།2010ལོའི་ཚུན་ལ།ཁུལ་ཡོངས་སུ་ཁྱོན་བསྡོམས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་མ་ལག་གི་གཞུང་ཞབས་པ་མི་19སྔ་རྗེས་སུ་པེ་ཅིང་དང་ཧྲང་ཧའེ།ཐན་ཅིང་།ཧྲན་ཏུང་།ཧྥུ་ཅན་སོགས་ས་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱི་ཅུས་ཀྲུང་གི་ལས་འགན་གསར་པ་བཞེས་པའི་ཅུས་ཀྲང་དང་མི་ཤུགས་ཐོན་ཁུངས་ཀྱི་གསར་སྤེལ་དང་།གཞུང་ཞབས་པའི་ནུས་ཤུགས་མཐོ་རུ་གཏོང་བ་སོགས་ཀྱི་ཆེད་དོན་གྱི་གསོ་སྦྱོང་དུ་ཞུགས་པ་རེད།