རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རིན་མེད་དུ་སྒོ་འབྱེད་པའི་ལས་ཀ་གཏིང་ཟབ་ཏུ་སྤེལ་ནས།ཀློག་པ་པོས་གློག་རྡུལ་དཔེ་ཆ་ཐད་ཀྱི་ཀློག་འདོན་དགོས་མཁོ་སྐོང་ཆེད། ཉེ་ཆར། ཁུལ་དཔེ་མཛོད་ཁང་གིས་རིགས་སྣ་འཛོམས་པ་དང་། སློབ་ཚན་ཁག་འདུས་པའི་གློག་རྡུལ་དཔེ་ཆ་ཁྲི་3ལྷག་ཉོ་སྒྲུབ་བྱས་ནས་སྒྲིག་སྦྱོར་བྱས་ཚར། རྒྱ་ཆེའི་ཀློག་པ་པོས་ཁུལ་དཔེ་མཛོད་ཁང་སྤྱི་པའི་གློག་རྡུལ་ལྟ་ཀློག་ཁང་དུ་ཡོང་ནས་སོ་སོའི་དགོས་མཁོ་ལྟར་ལྟ་ཀློག་བྱེད་ཆོག
སྤྱི་པའི་དཔེ་མཛོད་ཁང་དང་།རིག་གནས་ཁང(ས་ཚིགས)རིན་མེད་དུ་སྒོ་འབྱེད་པའི་ལས་ཀ་ནི་2011ལོ་ནས་བཟུང་ཀྲུང་དབྱང་གིས་ལག་བསྟར་བྱས་པའི་རིག་གནས་དམངས་ཕན་ཨར་ལས་གལ་ཆེན་ཞིག་ཡིན་ལ།རིག་གནས་དར་རྒྱས་བཏང་བ་དང་།རིག་གནས་ཀྱིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་བྱ་སྤྱོད་གལ་ཆེན་ཞིག་ཡིན། ནན་ཏན་གྱིས་(རིག་གནས་ནོར་དོན་གྱིས་སྤེལ་བའི[2011]ཨང་རྟགས5)ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད།བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས་ཕྱོགས་ཡོངས་ནས་རིན་མེད་དུ་སྒོ་འབྱེད་པའི་ལས་ཀ་ལག་བསྟར་བྱས་ཤིང་།གོ་སྐབས་དེ་དང་བསྟུན་ནས་གོམ་གང་མདུན་སྤོས་ཀྱིས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་བ་རེད།2011ལོའི་ཟླ་1པོར《བདེ་ཆེན་ཁུལ་དཔེ་མཛོད་ཁང་གི་རིན་མེད་དུ་སྒོ་འབྱེད་པའི་ལས་ཀའི་འཆར་གཞི》གཏན་འབེབས་བྱས་ནས། ཁུལ་རིག་གནས་ཅུས་དང་ཞིང་ཆེན་རིག་གནས་ཐིང་གིས་ཆོག་མཆན་ཐོབ་རྗེས། 2011ལོའི་ཟླ་11པའི་ཚེས་16ནས་བཟུང་། དཔེ་ཆ་ཕྱིར་གཡར་བ་དང་། དུས་དེབ་ཚགས་པར་ཕྱིར་གཡར་བ། བྱིས་པའི་ཀློག་དེབ་ཕྱིར་གཡར་བ། དཔེ་ཆ་ལྟ་ཀློག གློག་རྡུལ་ལྟ་ཀློག་ཁང་བཅས་ཀྱི་ཞབས་ཞུའི་སྒེའུ་ཁུང་ཚང་མ་རིན་མེད་དུ་སྒོ་འབྱེད་པ་རེད།