མཚོ་སྔོན་པོ་འགྲམ་གྱི་ཁྲུང་ཁྲུང་དཀར་མོའི་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་།

རྩོམ་པ་པོ།   ལྷ་མོ་ཚེ་སྐྱིད།   ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   

       

       


 

        མཚོ་སྔོན་པོ་འགྲམ་གྱི་ཁྲུང་ཁྲུང་དཀར་མོའི་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རྟ་ནག་མ་ནས་སྤྱི་ལེ 23 གྱི་མཚམས་ན་ཆགས་ཤིང་། སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཆིག་ཁྲི་ལྷག་ཡོད་ལ། ས་གནས་དེའི་སློབ་ཆེན་པ་མ་ནེ་འབུམ་དང་འཕགས་ཚེ་གཉིས་ཀྱིས་རང་གཏོད་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་དོད་པའི་གསོལ་མགྲོན་ཁང་ཞིག་ཡིན།

       སྤྲོ་སྐྱིད་གླིང་འདིས་ཡུལ་སྐོར་རུ་ཁག་སྣེ་ལེན་དང་། ངལ་གསོ་སྤྲོ་སྐྱིད། ཡུལ་སྐོར་གུང་སེང་། དབྱར་གྱི་ཚ་གཡོལ་བཅས་གཞི་གཅིག་ཏུ་སྦྱར་བའི་སྦྲ་གུར་མགྲོན་ཁང་ཞིག་ཡིན།  དེའི་བྱང་ཕྱོགས་ནི་བོད་རྒྱུད་ནང་བསྟན་གྱི་བཀྲ་ཤིས་ཆོས་འཁོར་གླིང་དགོན་པར་འབྲེལ་ཞིང་མཚོ་སྙིང་དང་སྤྱི་ལེ16གི་བར་ཐག་ཏུ་གནས།  མཚོ་སྐོར་ནུབ་ལམ་ནི་རྒྱལ་ལམ109དང་རྒྱལ་ལམ315དང་སྦྲེལ་ཡོད་ཅིང་འགྲིམ་འགྲུལ་ཤིན་ཏུ་སྟབས་བདེ་ཡིན།

       སྤྲོ་སྐྱིད་གླིང་འདིས་གཙོ་ཆེར་མི་རིགས་བཟའ་བཏུང་སྟེ། ཁྱད་འཕགས་མཐོ་སྒང་ཤ་བཙོས་མ་དང་། སྐམ་ཤ།  ཞོ། འོ་མ། མར། རྩམ་པ་སོགས་ས་གནས་ཀྱི་ཁྱད་འཕགས་ཟས་རིགས་མཁོ་འདོན་བྱེད་ཅིང་། དེ་མིན་མདའ་འཕེན་དང་། རྟ་རྒྱུག  མི་རིགས་ཀྱི་གྱོན་ཆས་སྤྲས་པ་སོགས་བྱ་འགུལ་ཡང་སྣ་ཚོགས་སྤེལ་བ་ཡིན།