བདེ་ཆེན་རྫོང་གིས་ཞིང་པ་ལས་མིའི་གླ་ཕོགས་ཕྱིར་སྤྲོད་དུས་འགྱངས་བྱེད་པའི་གནས་ཚུལ་ཐག་གཅོད་ཡག་པོ་བྱས་པ།

རྩོམ་པ་པོ།   ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་ལྟ་ཞིབ་ཀུའུ་དང་ངལ་རྩོལ་འདུམ་གཅོད་ཀུའུ་ཡི་གཞུང་ལས་ཁང་དུ་གོང་གཏུག་ཞུ་བར་ཡོང་བའི་ཞིང་པ་ལས་མི 50 ལྷག་སླེབས་སོང་། ཁོ་ཚོས་བདེ་ཆེན་རྫོང་གི་འཛུགས་སྐྲུན་ལས་ཡུལ་དུ་ལས་ཀ་ལོ་གཅིག་བྱས་ཚར་བས། ལོ་མཇུག་སླེབས་ཉེ་སྐབས་ཁྱིམ་ནང་དུ་ཕྱིར་ལོག་འགྲོ་རྩིས་ཡོད་མོད།འོན་ཀྱང་གླ་ཕོགས་ལེན་ཐུབ་ཀྱི་མེད་པས། གནད་དོན་དེ་སེལ་རོགས་བྱེད་པའི་རེ་བ་འདོན་པ་རེད།
       ལས་བྱེད་མི་སྣས་ནན་ཏན་གྱིས་གནས་ཚུལ་འདྲི་རྩད་བྱས་རྗེས། ཁོ་ཚོ་ནི་ས་ཐང་དང་། ཀུའེ་ཀྲོའུ། སི་ཁྲོན་སོགས་ནས་ཡོང་བ་དང་གོང་གཏུག་ཞུ་མཁན་ཁྱོན་བསྡོམས་མི 127 ཡོད་པ་ཤེས། ལས་གྲྭའི་རྩོད་གླེང་བྱུང་བའི་རྐྱེན་གྱིས་ཞིང་པ་ལས་མིའི་གླ་ཕོགས་སྒོར་ཁྲི 430 ཕྱིར་སྤྲོད་དུས་འགྱངས་བྱས་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་དུས་ཐོག་ཏུ་ལས་གྲྭ་པུའུ་ཡི་ཅིན་ལི་དང་ཨར་ལས་རུ་ཁག་གི་འགན་ཁུར་མི་སྣ་སོགས་སྡུད་དེ་མཐུན་སྦྱོར་བྱས་པ་རེད། ཟླ 1 པོའི་ཚེས 6 ཉིན། ཞིང་པ་ལས་མི 127 གྱིས་རང་ཉིད་ཀྱི་གླ་ཕོགས་བླངས་ཐུབ་པ་བྱུང་། དེའི་བར་དུ་ཞིང་པ་ལས་མིའི་གླ་ཕོགས་ཕྱིར་སྤྲོད་དུས་འགྱངས་བྱས་པའི་དོན་དག་ཐེངས་གཅིག་ཐག་གཅོད་ཡག་པོ་བྱས་ཐུབ་པ་རེད།
       ཤེས་གསལ་བྱུང་དོན། 2012 ལོར། བདེ་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་ལྟ་ཞིབ་ཀུའུ་དང་ངལ་རྩོལ་འདུམ་གཅོད་ཀུའུ་ཡི་གཞུང་ལས་ཁང་གིས་ཁྱོན་བསྡོམས་མི་ཐེངས 67 ལ་སྣེ་ལེན་བྱས་ཤིང་། མི 828 དང་སྒོར་ཁྲི 954.52799ལ་འབྲེལ་བ་ཡོད་པ་རེད།