འཐུས་མིའི་གྲོས་གླེང་དང་སྐྱོན་བརྗོད། བསམ་འཆར་གྱིས་བདག་གཉེར་སྤུས་ཚད་མཐོ་རུ་བཏང་བ།

རྩོམ་པ་པོ།   དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  གསར་འགོད་པས་སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་་གྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན།  ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་སྐབས་སུ།  མི་དམངས་འཐུས་ཚབ་པས་ནན་ཏན་གྱིས་ཁྲིམས་ལུགས་ཀྱིས་བསྩལ་བའི་ལས་འགན་དམ་དུ་བླངས་ཤིང་།  ཁུལ་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་བརླིང་གི་ཇུས་ཆེན་དང་།  མི་དམངས་མང་ཚོགས་ཀྱིས་སྤྱི་ཡོངས་ནས་སེམས་ཁུར་བྱེད་པའི་གནད་དོན་འབུར་ཐོན་ཅན་དང་དམ་པོར་འབྲེལ་ནས།   ཁྱོན་བསྡོམས་གྲོས་གཞི 47 བཏོན་པ་རེད།  ཁུལ་སྲིད་གཞུང་ལ་སྤྲད་ནས་བདག་གཉེར་བྱས་པའི་འཐུས་མིའི་གྲོས་གཞི 43 ཡོད་པ་དང་།   གྲོས་གཞི་དེ་དག་ཞིང་ལས་དང་།  འགྲིམ་འགྲུལ།  ཡུལ་སྐོར།  ནོར་སྲིད། ཆུ་བེད།  འཕྲོད་བསྟེན།  སྡོད་ཁང་འཛུགས་སྐྲུན།  དབུལ་སྐྱོར།  ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ལ་ཁྱབ་ཡོད་ཅིང་།  འགན་སྒྲུབ་ལས་ཁུངས 22 ཡོད།  འཐུས་མིའི་གྲོས་གླེང་དང་།  སྐྱོན་བརྗོད།   བསམ་འཆར་གྱིས་བདག་གཉེར་སྤུས་ཚད་མཐོ་རུ་བཏང་ཡོད་པ་རེད།
       བདག་གཉེར་བྱེད་པའི་གོ་རིམ་ཁྲོད་དུ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།  ཁུལ་སྲིད་གཞུང་གིས་ལྟ་སྐུལ་བདག་གཉེར་བྱེད་པའི་གྲོས་ཚོགས་ཐེངས་མང་བོར་བསྡུས་ཏེ།  ལྟ་སྐུལ་སྣེ་སྟོན་ལས་འགན་གྱི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏུ་བཅུག་པ་རེད།  འགན་སྒྲུབ་ལས་ཁུངས་སོ་སོས་འགོ་ཁྲིད་ལ་ཤུགས་བསྣན་པ་དང་།  སྒྲིག་སྲོལ་འཐུས་ཚང་དུ་བཏང་བ།  བྱེད་ཐབས་གསར་བ་བཏོད་དེ་དོན་འཁྱོལ་དམ་འཛིན་བྱས་པ་རེད།  ཕྱོགས་མང་བོའི་ཧུར་བརྩོན་བྱས་པ་བརྒྱུད་མཐར།  མིག་སྔར།  ཁུལ་སྲིད་གཞུང་ལ་སྤྲད་པའི་གྲོས་གཞི 43 ཡོད་པ་དེ།   ཚང་མ་བདག་གཉེར་བྱས་ཚར་ལ།   ཡིག་ངོས་ནས་འཐུས་ཚབ་པ་རང་ཉིད་ལ་ལན་བཏབ་ཡོད་པ་རེད།   ལན་འདེབས་ཚད་དང་།  གྲོས་བསྡུར་བྱེད་ཚད།  ཡིད་ཚིམ་ཚད་སོགས  100% ལ་སླེབས་ཡོད།  ཁུལ་ཨུའི་སྒྲིག་གཞི་བཟོ་འགོད་ཨུ་ལྷན་གཞུང་ལས་ཁང་ལ་སྤྲད་ནས་བདག་གཉེར་བྱེད་པའི་གྲོས་གཞི3ཡང་གཏན་འཁེལ་བྱས་པའི་དུས་ཚོད་ནང་ལན་བཏབ་ནས་གྲོས་མོལ་བྱས་ཤིང་།  འཐུས་མིས་ཡིད་ཚིམ་པའི་རྣམ་འགྱུར་བསྟན་ཡོད།